མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ད་ལོའི་ཧི་མ་ལ་ཡའི་མཛངས་མ་ཨང་དང་པོ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦།༤༠ སྟེང་དྷ་ས་བོད་ཀྱི་ཟློས་གར་ཁང་གི་མདུན་ཐང་དུ་ངྷ་ས་ཁུལ་གྱི་བོད་མི་དང་རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་ཁག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་མང་ ༥༠༠ ལྷག་འདུ་འཛོམས་ཀྱི་དབུས་སུ། ༢༠༡༤ ལོའི་ཧི་མ་ཡའི་མཛངས་མ་འགྲན་བསྡུར་ཐེངས་གཉིས་པའི་དངོས་གཞིའི་འགྲན་བསྡུར་གནང་སོང་།

དོ་ནུབ་འགྲན་བསྡུར་གྱི་མཇུག་ཏུ་གཟུ་དཔུང་པ་དག་གི་སྐར་གྲངས་ཕྱོགས་བསྡོམས་བྱས་པའི་ཁྲོད། ངྷ་ས་བྷག་སུ་ནས་ཡིན་པའི་བུ་མོ་ཇོབ་ཊི་ཌོབ་ (Jyoti Dogra)ལགས་སུ་ ༢༠༡༤ ལོའི་ཧི་མ་ལ་ཡའི་མཛངས་མའི་རྒྱལ་ཁ་ཐོབ་ཡོད་པ་དང་། གཞན། ཧི་མ་ཅལ་མངའ་སྡེའི་བྷེ་ལ་ས་པུར་རྫོང་གི་བུ་མོ་པུ་རེ་ཡང་ཀཱ་ལགས་སུ་ཨང་གཉིས་པ་དང་། འབྲུག་པའི་བུ་མོ་ཟླ་བ་བདེ་མ་ལགས་སུ་ཨང་གསུམ་པ་བཅས་ཐོབ་སོང་།

མཛངས་མའི་ཨང་རིམ་གསལ་བསྒྲགས་དང་འབྲེལ་ཏེ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཨང་དང་པོར་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་སྒྲོན་པ་དང་འབྲེལ་ཧིན་སྒོར་ཆིག་འབུམ་གྱི་བྱ་དགའ་དང་། ཨང་གཉིས་པར་ཧིན་སྒོར་ལྔ་ཁྲི། ཨང་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་བཅས་ཀྱི་བྱ་དགའ་གནང་སོང་།

ཧི་མ་ལ་ཡའི་མཛངས་མ་ཨང་དང་པོ་ཇོབ་ཊི་ཌོབ་ར་ལགས་ནི་དྷ་ས་བྷག་སུ་གྲོང་བརྡལ་དུ་སྐྱེས་ཤིང་རང་ལོ་ ༢༢ ཡིན་འདུག་ལ། ད་ལྟ་དབུ་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་གྲྭའི་ནང་ཁོར་ཡུག་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་བཞིན་ཡོད་འདུག

གཞན། བོད་དོན་ལས་འགུལ་སྤེལ་མཁན་རྒྱ་གར་བ་ Dr.Mahesh Yadav ལགས་ཀྱིས་ཀྱང་འདས་པའི་ལོ་ཤས་གོང་ནས་ཧི་མ་ལ་ཡའི་མཛངས་མ་ Miss Himalaya ” Beauty Pageant ” ཞེས་པའི་འགྲན་བསྡུར་ཞིག་བསྡུ་བཞིན་ཡོད་འདུག

 

 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

སྐར་མ ༦༠ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༡ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 7

  1. བོད་དགའ། says:
    ལོ་ 9 སྔོན།

    བློ་བཟང་དབང་རྒྱལ་འདི་ཅིག་ཅིག་མིག་མིག་བྱེད་དགོས་མཁན་ཞིག་རེད། ཡིན་ནའང་ཁོས་བྱས་དང་བྱེད་བཞིན་པ་རྣམས་གང་ཟག་གཅིག་གཉིས་ལ་ཕན་ཐོག་ཡོད་སྲིད་ཀྱང་། བོད་སྤྱི་བའི་རྩ་དོན་ལ་ལས་དོན་འདིས་ཕན་ཐོག་སོང་བསམ་པ་ཞིག་མ་བྱུང་། བོད་ཀྱི་མཛངས་མའི་འགྲན་བསྡུར་ཟེར་བ་དེ་ཡང་བརྙོག་གྲ་ཞིག་གིས་མཇུག་བསྡུས་སོང་། ད་ཡང་ཧི་མ་ལ་ཡའི་ཅིག་ཅིག་ཟེར་ནས་ཡོང་གིན་འདུག་བ།
    འོ་རེད། གསར་འགོད་པ་ལགས་ནས་གནས་ཚུལ་གསལ་པོར་བཀོད་པར་བཀའ་དྲིན་ཆེ། གོང་དུ་“དྷ་ས་བྷག་སུ་གྲོང་བརྡལ་དུ་སྐྱེས་ཤིང་“གསུངས་འདུག བོད་ཀྱི་དག་ཡིག་ཁུངས་མ་རྣམས་སུ། གྲོང་དང་། གྲོང་ཁྱེར། གྲོང་བརྡལ། སོགས་རིམ་བཞིན་ཕྱི་མ་རྣམས་སྔ་མ་ལས་ཆེ་བར་བསྟན་ཡོད། དཔེར་ན། ད་ལྟའི་ཆར་སེང་གེ་གྲོང་བརྡལ། ཉིང་ཁྲི་གྲོང་བརྡལ། གཞིས་རྩེ་གྲོང་བརྡལ་ལྟ་བུར་གོ་དགོས་དྲན། རྡ་ས་བྷག་སུ་དེ་གྲོང་བརྡལ་དང་ཕར་ཞོགས་གྲོང་ཁྱེར་ཞེས་པའི་སྒྲ་ཡང་མི་འཇུག་སྙམ། བསམ་ཚུལ་ཙམ་ལས་དགག་བཞག་དང་སྐྱོན་བརྗོད་སོགས་གང་ཡང་མིན་ཞུ།

    Reply
  2. གངས་ཀྱི་བུ་ཕྲུག says:
    ལོ་ 9 སྔོན།

    ཨ་ལེ་་་་རྡ་རམ་ས་ལའི་རྒྱ་གར་བ་རྣམས་ཧི་མ་ལ་ཡ་ཇི་ལྟར་ཆགས་པ་རེད། ཧི་མ་ལ་ཡ་ཟེར་ན་རི་འདབས་སུ་ཡོད་པ་ཚང་མ་རེད་དམ། མགོ་ཆག

    Reply
  3. ཐུབ་བསྟན་སངས་རྒྱས། says:
    ལོ་ 9 སྔོན།

    ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་ཁག་ཅིག་གིས་སྒེར་དོན་ཁོ་ནའི་ཆེད་དུ་ལས་ཀ་འདྲ་མི་འདྲ་བྱེད་ཀྱིན་འདུག ང་རང་ཧང་སངས་ཀྱིན་འདུག བོད་པའི་རྩ་དོན་འཐབ་རྩོད་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཤིག་ཕར་ཞོག ཐ་ན་བོད་སྤྱི་ཚོགས་དང་སྲིད་འབྱོར་རིགས་གསུམ་གང་ལའང་འབྲེལ་བ་མེད་པའི་ལས་ཀ་མང་པོ་ཞིག་བྱས་ཡོང་གི་འདུག མ་གཞི་སོ་སོ་སྒེར་གྱི་ལྟོ་དོན་ལ་ལས་ཀ་བྱས་མ་མ་ཆོག་པ་མེད་ཀྱང་། མིང་ཁུར་སྟངས་བོད་སྤྱི་དོན་དང་བོད་པའི་ཆོས་དང་རིག་གཞུང་སོགས་ཁ་ལ་འཁྱེར་ཏེ་ལས་ཀ་ཐབ་ཆགས་དེ་འདྲ་མང་པོ་བྱས་ཡོང་གི་འདུག མི་ལ་ལ་ཞིག་གི་བཤད་སྟངས་སྤྱོད་སྟངས་འདི་ལ་ང་རང་ཧང་སངས་ཀྱི་འདུག ལྷག་པར་དུ་རྡ་རམ་ས་ལའི་ཆབ་སྲིད་པ་ཡིན་ཟེར་མཁན། མང་ཚོགས་ལས་འགུལ་བ་ཡིན་ཟེར་མཁན། ཤེས་ཡོན་ཅན་དང་བསམ་བློ་ཡོད་ཟེར་མཁན་དེ་ཚོའི་བྱ་བ་བྱེད་སྟངས་མང་པོ་ཞིག་དངོས་གནས་དྲང་གནས་སྐྱུག་མེ་ལངས་དགོས་པ་དེ་འདྲ་རེད།

    Reply
  4. གནས་ཚང་། says:
    ལོ་ 9 སྔོན།

    ཧི་མ་ལ་ཡའི་མཛངས་མར་བཀྲ་ཤིས་བདེ་ལེགས་ཞུ། དེ་བཞིན་སྐུ་ངོ་བློ་བཟང་དབང་རྒྱལ་ལགས་ནི་བཙན་བྱོལ་ལས་འགུལ་པའི་ཁྲོད་ཀྱི་མི་སྣ་དང་པོ་ཡིན་པར་ཤོས་ཤོག་འཕེན་པ་ཡིན།

    Reply
  5. བསྟན་འཛིན། says:
    ལོ་ 9 སྔོན།

    ཐོག་མར་ཧི་མ་ལ་ཡའི་མཛངས་མ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
    དེ་ནས་བསམ་ཚུལ་ཐུང་ཙམ་ཞིག་ཞུ་འདོད་བྱུང་སོང་། བློ་བཟང་དབང་རྒྱལ་ལགས་ཀྱིས་སྔོན་མ་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་བ་རེད། ལས་འགུལ་དེ་ལོ་ཁ་ཤས་གོང་ནས་མཚམས་ཆད་འདུག ད་ལྟ་གྲགས་འགུལ་གང་ཡང་མི་འདུག ད་ལྟ་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཟེར་བ་ཞིག་མགོ་བརྩམས་འདུག ང་རང་གིས་ཤེས་ཚོད་བྱས་ན་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་འདི་ལ་རྙོག་གླེང་ཞིག་ཀྱང་ཡོད་བསམ་སོང་།
    རྒྱ་གར་བ་ཞིག་གིས་ཀྱང་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད་པ་མ་ཟད། རྒྱ་གར་བ་ཁོ་རང་ནམ་རྒྱུན་བོད་དོན་ལ་རྒྱབ་སྐྱོར་དང་ཤ་ཚ་ཆེན་པོ་ཡོད་མཁན་ཞིག་རེད། ལོ་བཅུ་བཅོ་ལྔའི་གོང་ནས་བཟུང་སོ་སོའི་ཁྲག་གིས་ཡི་གེ་འབྲི་བ་སོགས་བྱས་ཏེ་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད་གནང་གི་ཡོད་པ་མ་ཟད། རྒྱ་གར་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཡང་བོད་དོན་སྙན་ཞུ་མང་པོ་ཕུལ་མྱོང་མཁན་ཞིག་རེད། རྒྱ་གར་བ་དེའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་དེ་ཡང་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་གནང་བ་ཞིག་རེད། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་བུ་མོ་དེ་དག་ལ་བོད་ཀྱི་རྒྱལ་དར་བཟུང་དུ་འཇུག་པ་དང་། བོད་རང་བཙན་སོགས་ཀྱི་ཚིག་བརྗོད་འཁོད་པའི་ཡི་གེ་སོགས་ཁྱབ་བསྒྲགས་མང་པོ་གནང་འཇུག་གི་ཡོད་པ་ང་རང་གིས་དངོས་སུ་མཐོང་མྱོང་ཡོད།
    དེ་ཙམ་ཞུ་འདོད་བྱུང་སོང་། ཐུགས་རྗེ་ཆེ།།།

    Reply
  6. བསྟན་འཛིན། says:
    ལོ་ 9 སྔོན།

    ཐོག་མར་ཧི་མ་ལ་ཡའི་མཛངས་མ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་བསམ་ཚུལ་ཐུང་ཙམ་ཞིག་ཞུ་འདོད་བྱུང་སོང་། བློ་བཟང་དབང་རྒྱལ་ལགས་ཀྱིས་སྔོན་མ་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་བ་རེད། ལས་འགུལ་དེ་ལོ་ཁ་ཤས་གོང་ནས་མཚམས་ཆད་འདུག ད་ལྟ་གྲགས་འགུལ་གང་ཡང་མི་འདུག ད་ལྟ་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཟེར་བ་ཞིག་མགོ་བརྩམས་འདུག ང་རང་གིས་ཤེས་ཚོད་བྱས་ན་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་འདི་ལ་རྙོག་གླེང་ཞིག་ཀྱང་ཡོད་བསམ་སོང་།
    རྒྱ་གར་བ་ཞིག་གིས་ཀྱང་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད་པ་མ་ཟད། རྒྱ་གར་བ་ཁོ་རང་ནམ་རྒྱུན་བོད་དོན་ལ་རྒྱབ་སྐྱོར་དང་ཤ་ཚ་ཆེན་པོ་ཡོད་མཁན་ཞིག་རེད། ལོ་བཅུ་བཅོ་ལྔའི་གོང་ནས་བཟུང་སོ་སོའི་ཁྲག་གིས་ཡི་གེ་འབྲི་བ་སོགས་བྱས་ཏེ་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད་གནང་གི་ཡོད་པ་མ་ཟད། རྒྱ་གར་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཡང་བོད་དོན་སྙན་ཞུ་མང་པོ་ཕུལ་མྱོང་མཁན་ཞིག་རེད། རྒྱ་གར་བ་དེའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་དེ་ཡང་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་གནང་བ་ཞིག་རེད། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་བུ་མོ་དེ་དག་ལ་བོད་ཀྱི་རྒྱལ་དར་བཟུང་དུ་འཇུག་པ་དང་། བོད་རང་བཙན་སོགས་ཀྱི་ཚིག་བརྗོད་འཁོད་པའི་ཡི་གེ་སོགས་ཁྱབ་བསྒྲགས་མང་པོ་གནང་འཇུག་གི་ཡོད་པ་ང་རང་གིས་དངོས་སུ་མཐོང་མྱོང་ཡོད། དེ་ཙམ་ཞུ་འདོད་བྱུང་སོང་།

    Reply
  7. གངས says:
    ལོ་ 9 སྔོན།

    ཡ་ད་ཨང་རིམ་གསུམ་པ་ལ་སྒོར་ཉིས་སྟོང་ལྔ་བརྒྱ་རེད་པས། ཨོ་ཙི་གཉིས་པ་དང་གསུམ་པའི་བར་མང་ཉུང་དེ་འདྲ་ཆེ་བ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist