མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངོ་རྒོལ་བ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་པ་སངས་དབང་ཕྱུག་ཞུ་བ་ཞིག་གིས་ངོ་རྒོལ་གནང་སྟེ་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༡༠།༥༠ ཙམ་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། བོད་མི་པ་སངས་དབང་ཕྱུག་ཞུ་བ་ཞིག་གིས་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་སོགས་ཀྱི་སྐད་འབོད་གནང་བཞིན་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ལག་ཏུ་བཟུང་བའི་དགོས་འདུན་ཁག་ལ་ཁྲོམ་གཞུང་གི་འགྲུལ་བ་ཚོར་བལྟ་རུ་བཅུག་ནས་བརྒྱུད་བསྒྲགས་གནང་ཡོད་འདུག ངོ་རྒོལ་གནང་ནས་སྐར་མ་ ༡༠ ལྷག་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ནས་ཁོང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་དཀར་མཛེས་རྫོང་མངག་གཏོང་ཁང་དུ་བཀག་ཉར་བྱས་ཡོད་འདུག

ངོ་རྒོལ་སྐབས་ཡུལ་དངོས་སུ་ཡོད་པའི་འགྲུལ་བ་ཚོས་བརྗོད་པ་ལྟར་ན། ཁོང་གི་ལག་ཏུ་བཟུང་བའི་རས་དར་དཀར་པོ་དེའི་ཐོག་ཏུ་དགོས་འདུན་དོན་ཚན་བཞི་བྲིས་ཡོད་པའི་ནང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཆོས་ལུགས་དད་པ་རང་དབང་དགོས་ཞེས་བཀོད་ཡོད་པ་དང་། ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་སྐབས། ཁོང་གི་པ་ལགས་ཀྱིས་དགོས་འདུན་འབོད་ཚིག་བྲིས་པའི་རས་དར་དེ་ལེན་ཐབས་བྱས་ཡོད་ཀྱང་། ཉེན་རྟོག་པའི་འགོག་རྐྱེན་འོག་ལེན་ཐུབ་མེད་པ་རེད།

པ་སངས་དབང་ཕྱུག་ལགས་ནི་རང་ལོ་ ༣༧ ཡིན་ཞིང་། དཀར་མཛེས་རྫོང་འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་ལ། ཁོང་གི་ཕ་མིང་ལ་ཆོས་དབང་རྒྱ་མཚོ་དང་མའི་མིང་ལ་རིན་དགའ། ཁོང་གི་བཟའ་ཟླའི་མིང་ལ་བསོད་ནམས་ཟེར་གྱི་ཡོད་པ་དང་། ཁོང་གཉིས་ལ་བུ་མོ་གཉིས་དང་རང་ལོ་ ༥ ཅན་གྱི་བུ་གཅིག་ཡོད་འདུག པ་སངས་དབང་ཕྱུག་ལགས་ཀྱི་མིང་གཞན་ལ་སྔོ་འབྲུ་ཟེར་གྱི་ཡོད་ཅིང་། དཀར་མཛེས་ཕྱོགས་ཀྱི་ཚོང་པ་ཆེ་གྲས་ཤིག་ཡིན་པ་དང་། རྒྱུན་དུ་ཉམ་ཐག་རིགས་ལ་རོགས་རམ་དང་བོད་མིའི་བདེན་དོན་ལ་དོ་ཁུར་གནང་མཁན་ཞིག་ཡིན་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་དཀར་མཛེས་རྫོང་དུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྐབས། པ་སངས་དབང་ཕྱུག་ལགས་ཀྱི་ཕ་མ་གཅིག་པའི་སྤུན་ཆེད་བཙུན་མ་སྤོས་དབང་ལགས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་སྟབས། རྒྱ་གཞུང་གིས་ལོ་ ༢ དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྐབས་དེར་ཁོང་མོར་རྡུང་རྡེག་དང་མནར་གཅོད་ཚད་མེད་བཏང་རྐྱེན་ནད་པར་གྱུར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist