མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་ལ་དམ་དྲག་དེ་དམར་གཞུང་ལ་ཡིད་ཆེས་འགུག་ཐབས་ཙམ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོའི་སྟེང་གཞོན་ལྷན་གྱིས་བསྒྲགས་གཏམ་སྤེལ་ཏེ། རྒྱ་གཞུང་གི་བསླུ་བྲིད་གཡོ་རྒྱུའི་འོག་དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཚན་སྨད་དང་། བོད་པའི་སྤྱི་ཚོགས་དབྱེན་སྦྱོར། རྡོ་རྗེ་ཤུགས་ལྡན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་སོགས་གཞོན་ནུའི་མཚན་བྱང་བེད་སྤྱོད་ལོག་པར་གཏོང་བ་སོགས་ཀྱི་བྱ་སྤྱོད་འདི་དག་ལ་བོད་མི་ཡོངས་ཀྱིས་གཟབ་ནན་བྱེད་དགོས་སྐོར་སོགས་བརྗོད་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༠༠ པའི་སྟེང་དྷ་ས་མེག་གྷན་བོད་ཀྱི་ཟློས་གར་རྩེད་ཐང་དུ། དྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ ༤༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེད་སིན་ (Ajay Singh Mankotia) ལགས་གཙོས་གཞོན་ནུའི་དབུས་རྒྱུན་ཟུར་བ་ཁག་ཅིག་དང་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས། སྤྱི་འཐུས་རྒྱུན་ལས་ཀརྨ་ཆོས་འཕེལ་ལགས་དང་བློ་བཟང་ཡེ་ཤེས་ལགས། ཀརྨ་ཡེ་ཤེས་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཀརྨ་འཕྲིན་ལས་འཕྲིན། དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་མི་མང་ ༢༠༠ ཡས་མས་ལྷན་འཛོམས་གནང་སོང་།

མཛད་སྒོའི་ཐོག་མར་བོད་ཁྱིམ་སུ་ཇ་སློབ་གྲྭ་དང་གྷོལ་པ་པུར་སློབ་གྲྭ ཤེས་རབ་དགའ་ཚལ་གླིང་བཅས་ཀྱི་སློབ་མ་སྐོར་ཞིག་དང་། དྷ་ས་ཁུལ་གྱི་གཞོན་སྐྱེས་བོད་རིགས་དང་ཕྱི་རྒྱལ་པ་བཅས་མི་ ༥༥ ཙམ་གྱིས་བོད་དོན་དྲིལ་བསྒྲགས་ཀྱི་རྒྱང་རྒྱུགས་འགྲན་བསྡུར་ཞིག་གནང་སྟེ། བྱ་དགའ་ཐོབ་མཁན་བུ་ ༥ དང་བུ་མོ་  ༥ བཅས་སོ་སོའི་ནང་ཨང་རིམ་དང་པོར་ཧིན་སྒོར་ ༡༠༠༠༠ དང་ཨང་གཉིས་པར་ཧིན་སྒོར་ ༥༠༠༠། ཨང་གསུམ་པར་སྒོར་ ༣༠༠༠ ། ཨང་བཞི་པར་སྒོར་ ༢༠༠༠ ། ཨང་ལྔ་པར་སྒོར་ ༡༠༠༠ བཅས་གནང་སོང་།

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་དོན་ཆེད་ཚེ་སྲོག་ཤོར་བ་དག་ལ་མྱ་ངན་གུས་འདུད་དང་རྒྱལ་གླུ་སོགས་བཏང་རྗེས། གཞོན་ནུ་ཚོགས་པའི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་དོན། ༡༩༧༠ ལོའི་ཟླ་ ༡༠ ཚེས་ ༧ ཉིན་རིགས་ཞེན་དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་གྱི་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་དེའི་ཆེད་དུ་གཞིས་བྱེས་རྒྱ་ཆེའི་མི་མང་ནས་བོད་རང་བཙན་གྱི་ཆེད་དུ་དགྲ་བོ་རྒྱ་དམར་ལ་རྒོལ་འཛིང་དང་གདོང་ལེན་གྱི་ལས་འགུལ་སྤེལ་བཞིན་པ་དེ་དག་གི་བསམ་འདུན་སྒྲུབ་ཆེད་དུ་དཀའ་ངལ་ཐ་དག་ལ་གདོང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་ཅེས་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་སྙིང་ཁོངས་སུ་བཅུག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་དངོས་སུ་དབུ་འཛུགས་གནང་བ་མ་ཟད། རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་མཆོག་ཀྱང་ཚོགས་ཆེན་ཐོག་སྔ་རྗེས་སུ་ཐེངས་གསུམ་ལ་ཞབས་གསོར་འཁོད་ནས་ཚོགས་བཅར་བ་བོད་རིགས་གཞོན་སྐྱེས་རྣམས་ལ་༼ དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་ནང་བཞིན་འགྱུར་བ་མེད་པའི་ཐོག་ལ་མདུན་ནས་མདུན་དུ་འགྲོ་ཐུབ་པ་ཞིག་དགོས། ༽ཅེས་འཐབ་རྩོད་ཀྱི་བླ་སྲོག་ལྟ་བུའི་བཀའ་སློབ་ཟབ་མོ་ཕེབས་དོན་ལྟར་ད་བར་ལོ་ངོ་ ༤༥ ཡི་རིང་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང་། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། དེ་བཞིན་བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་སོགས་ཆེད་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་སྣ་མང་སྤེལ་ཐུབ་པ་བྱུང་ཡོད། ཅེས་བརྗོད་སོང་།

ཟླ་སྔོན་མའི་ནང་རྒྱ་གཞུང་གིས་ལྷ་སར་ཀྲུང་གོའི་བོད་ལྗོངས་གླེང་སྟེགས་ཚོགས་འདུ་ཟེར་བ་བསྐོངས་པའི་སྐོར་ལ། ཉེ་ཆར་སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་ལྷ་སར་ཚོགས་པ་དང་། ཚོགས་ཐོག་ཏུ་རྒྱལ་ཁབ་ ༣༠ ལྷག་གི་མི་གྲངས་ ༡༠༠ ལྷག་བསྡུ་འགུག་གིས་བོད་ཀྱི་གོང་འཕེལ་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དོན་དངོས་དང་འགལ་བའི་དྲིལ་བསྒྲགས་བྱས་ཏེ། ཕྱི་རྒྱལ་གྱི་མི་མང་ཁག་ལ་བོད་ནང་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན་བཅས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། བོད་ཀྱི་རང་བྱུང་འཁོར་ཡུག་གསོན་གནས་ཐོག་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པ་སོགས་ཀྱི་ངོས་འཛིན་དང་སྣང་སྙན་ཞིག་སྐྲུན་ཐབས་བྱས་ཡོད། དོན་དངོས་ཐོག་འཛམ་གླིང་གི་ཡང་རྩེར་གྲགས་པའི་ཆོས་ལྡན་ཁ་བ་ཅན་དུ་རྒྱ་དམར་གྱིས་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་མི་ལོ་ ༥༥ ལྷག་སོང་བའི་རིང་གཞིས་ལུས་བོད་མིའི་ཛ་དྲག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་རྩ་བ་ནས་ཕྱིན་མེད་པ་མ་ཟད། རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་སུ་གཏོང་ཆེད་མི་སེར་སྤེལ་བའི་ཕུག་ངན་སྲིད་ཇུས་ཀྱི་འོག་གཞིས་ལུས་སྤུན་ཟླ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་ཀྱིས་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲིའི་རང་དབང་། ཐ་ན་འགྲོ་འདུག་གི་རང་དབང་སོགས་ཀྱང་མེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱིས་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཡང་གཏོར་བརླག་ཚབ་ཆེན་གཏོང་བཞིན་ཡོད་པ་རྒྱལ་སྤྱིའི་འཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་ཞིབ་པར་གསལ་ཡོད་ཅེས་བརྗོད་སོང་།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་དོན། ༢༠༡༣ ལོའི་ཟླ་ ༣ ནང་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་རྗེས་ཀྱི་ལོ་ངོ་གཅིག་ལྷག་གི་རིང་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཐོག་རྒོལ་རྡུང་གཏོང་བའི་རྣམ་པའི་བྱ་འགུལ་ཞིག་སྤེལ་བཞིན་པ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་སོགས་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཞིག་མ་ཡིན་པར། དོན་དངོས་ཐོག་བྱ་འགུལ་དེ་ནི་འགྱེད་ལ་ཉེ་བའི་རྒྱ་ནག་དམར་ཤོག་གི་སྒྲིག་འཛུགས་སྲ་བརྟན་དང་དབང་ཆ་རྒྱུན་སྐྱོང་ཡོང་ཐབས་ཆེད་རྒྱ་ནག་མི་མང་གིས་དམར་ཤོག་སྲིད་གཞུང་ལ་རེ་བ་དང་ཡིད་ཆེས་གསར་པ་ཞིག་ཡོང་ཆེད་ཀྱི་ཕྱིའི་རྣམ་པ་ཙམ་གྱི་བྱ་འགུལ་ཞིག་ཡིན། དེ་ནི་ཞི་ཅིན་ཕིན་སྲིད་སྟེགས་སུ་བསྐོ་བཞག་བྱས་ཏེ་ད་བར་སྤྱིར་རྒྱ་ནག་ཡོངས་དང་ལྷག་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་མ་ཟད། དམ་དྲག་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འདིས་ར་སྤྲོད་བྱས་ཡོད། ཅེས་བརྗོད་སོང་།

དོལ་རྒྱལ་ཚོགས་པའི་བྱ་སྤྱོད་སྐོར་ལ་ཁོང་གིས། རྒྱ་གཞུང་གིས་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་དང་། བོད་རིགས་བསམ་མེད་རེ་ཟུང་རྒྱུ་ནོར་གྱི་སླུ་བྲིད་འོག་བེད་སྤྱོད་ཀྱིས་བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་བྱ་ངན་སྒོ་གང་ས་ནས་རྩོམ་བཞིན་ཡོད། དེ་ཡང་སྤྱི་ནོར་༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་སྐྱོང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཤིག་གིས་གཞི་རྩ་གང་ཡང་མེད་པར་༧གོང་ས་མཆོག་ལ་མཚན་སྨད་ཞུ་བའི་ལས་ངན་ཇི་སྙེད་ཅིག་རྩོམ་བཞིན་ཡོད་པ་དང་། དེ་བཞིན་རྡོ་རྗེ་ཤུགས་ལྡན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་བྱང་བེད་སྤྱོད་ལོག་པར་གཏོང་བའི་གནས་ཚུལ་འབྱུང་བཞིན་པ་སོགས་ནི་རྒྱ་དམར་གཞུང་གིས་སྒོ་གང་ས་ནས་བོད་མིའི་སྤྱི་ཚོགས་ནང་དབྱེན་སྦྱོར་དང་དཀྲུགས་ཤིང་གིས་བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་མེད་པར་བཟོ་ཐབས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་གཏོང་རྒྱུའི་གོ་རིམ་དང་འཆར་གཞི་ལྡན་པའི་ལས་ངན་སྤེལ་བཞིན་ཡོད་པ་རང་རིགས་སེར་སྐྱ་རྒན་གཞོན་བར་གསུམ་གྱིས་ངེས་ཤེས་བརྙེད་པའི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་བྱེད་དགོས་པའི་ནན་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།ཅེས་བརྗོད་སོང་སོགས་བརྗོད་སོང་།

དྷ་ས་ས་གནས་གཞོན་ནུའི་ཤེས་རིག་འགན་འཛིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། དྷ་ས་ས་གནས་འདི་དབུས་རྒྱུན་དབུ་འཛུགས་གནང་ནས་ལོ་ ༤༥ འཁོར་ཡོད། ས་གནས་སུ་ཚོགས་མི་ ༦༥༠ ལྷག་ཡོད་པས་ཚོགས་མི་མང་ཤོས་དང་རྙིང་ཤོས་ཤིག་ཆགས་ཡོད། ཁོང་གིས་“སྔོན་མ་དྷ་ས་ས་གནས་སུ་རྒྱུན་ལས་ ༡༠ ཡོད་པའི་སྟེང་། དང་བླངས་བ་མང་པོ་ཞིག་ཡོང་གི་ཡོད་ཀྱང་། དེང་སྐབས་ང་ཚོ་ཚང་མས་ཤེས་གསལ་ལྟར་སྤྱི་ཚོགས་ནང་ལྟ་བ་ལངས་ཕྱོགས་ལ་དབྱེ་ འབྱེད་ཅིག་ཡོང་གི་ཡོད་སྟབས་ད་ལྟ་ང་ཚོར་རྒྱུན་ལས་བཞི་ལས་མེད།”ཅེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཨ་ཇེད་སིན་ལགས་ཀྱིས་རྒྱུག་འགྲན་ཁྲོད་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའ་སྤྲོད་པ་དང་འབྲེལ་ཏེ། ང་ཚོ་རྒྱ་གར་གྲོགས་པོ་ཚོ་ལོ་མང་རིང་ཁྱེད་རང་ཚོ་མཉམ་དུ་ལངས་ཡོད། ང་ཚོས་ཁྱེད་ཚོའི་དམིགས་ཡུལ་དང་། སྔོན་ནས་ད་བར་དཀའ་ངལ་མྱོང་བཞིན་པའང་ཤེས་ཀྱི་ཡོད། ༢༠༡༤ ལོར་རྒྱ་གར་དབུས་གཞུང་གི་མགོ་ཁྲིད་གསར་པས་བོད་ཀྱི་གནད་དོན་ཐོག་ག་རེ་བྱེད་དགོས་མིན་དང་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་ཡོད་པའི་རེ་བ་ཡོད། དེ་བཞིན་ང་ཚོས་མཉམ་དུ་ཁྱེད་ཚོའི་དམིགས་ཡུལ་འགྲུབ་པའི་ཕྱོགས་སུ་ལས་ཀ་གང་འཚམ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དྷ་རམ་ས་ལ་འདི་ལ་མཚོན་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་ས་ཡིན་པ་དང་། ནམ་རྒྱུན་འཛམ་གླིང་གི་མི་རླབས་ཆེན་མང་པོ་ཞིག་ཕེབས་ཀྱི་ཡོད་པ། ལྷག་པར་དུ་ཉེ་ལམ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་མང་པོ་ཞིག་འདིར་ཕེབས་པ་ཚང་མས་མཁྱེན་གསལ་རེད། མ་འོངས་པར་ང་ཚོས་མཉམ་རུབ་ཐོག་གཙུག་ལག་ཁང་གི་མཐའ་འཁོར་དང་དྷ་རམ་ས་ལའི་གཡས་གཡོན་ཁོར་ཡུག་གཙང་མ་བཟོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. གནས་ཚང་། says:
    ལོ་ 11 སྔོན།

    རྡོ་རྗེ་ཤུགས་ལྡན་གཞོན་ནུ་ལྷན་ཚོགས་ནི་ཡག་པོ་རེད། ཕོད་པ་ཡོད་ན། བོད་ནང་ལས་འགུལ་སྤེལ་སྐབས་བེད་སྤྱོད་ཡག་ཐག་ཆོད་བཏང་ཆོག་གི་རེད།

    Reply
  2. བཤག་བཅོས། says:
    ལོ་ 11 སྔོན།

    རྒྱུ་མཚན་གང་ཡང་མེད་པར་རྫིག་གཏམ་མ་བཤད་ན་ཡག་གི་རེད། ད་ལྟའི་གཞོན་ནུའི་རྒྱུན་ལས་ཚོའི་ཁྲོད་དུ་རྒྱ་ནག་གཞུང་གི་སྐོར་ཤེས་མཁན་ནམ་མཁའི་མེ་ཏོག་གི་སྤུན་ཟླ་ཡིན་སྟབས། ཁ་ཚུམས་ནས་བཞུགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese