མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏེར་ཁ་སྔོག་འདོན་གྱི་གནོད་སྐྱོན།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཡུན་རིང་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་དང་རྒྱུག་ཆུར་འབག་བཙོག་བཟོས་རྐྱེན་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུག

འདི་གར་སྟག་ཚང་རིག་རྒོད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་ནན་ཅིན་གཏེར་འདོན་ཁང་ཟེར་བ་ཞིག་གིས། ལོ་ངོ་ ༢༢ ཙམ་གྱི་ཡར་སྔོན་ནས་བཟུང་བོད་རང་སྐྱོང་ལྗོངས་མལ་གྲོ་བཟི་སྦུག་ལུང་པའི་གཡུ་ཁུང་དང་ཞ་ཁུང་།རྒྱ་མའི་ནང་གཏེར་ཁ་སྔོན་འདོན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བཟི་སྦུག་ལུང་པའི་མདོ་ཁ་གྲོང་ཚོ་ལོ་འགའི་སྔོན་ནས་བཙན་གྱིས་གནས་སྤོ་རུ་བཅུག་སྟེ་ལོ་གཅིག་ལྷག་ཙམ་རིང་གུར་ནང་དུ་བསྡད་བཅུག་ཡོད་པ་དང་། དེ་བཞིན། རྒྱ་མའི་ནང་ནས་ཀྱང་སྒོ་ཕྱུགས་སྟོང་ལ་ཉེ་བ་ཡོད་པའི་འབྲོག་པ་རུ་ཁག་ ༤ ཙམ་གནས་སྤོ་རུ་བཅུག་ཡོད་འདུག དང་ཐོག་རྒྱ་གཞུང་གིས་གྲོང་མི་རྣམས་གནས་སྤོ་བྱེད་དོན་ནི་ས་ཞིང་འདེབས་ལས་གོང་འཕེལ་གཏོང་ཕྱིར་ཡིན་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཞིང་ལས་འདེམས་འཛུགས་ཀྱི་འཆར་གཞི་གང་ཡང་ལག་བསྟར་བྱས་མེད་པ་མ་ཟད། སྔོན་ཆད་མདོ་ཁ་གྲོང་ཚོའི་དུད་ཁྱིམ་རེར་ས་ཞིང་རྨུད་ ༡༠ ལས་བརྒལ་བ་ཡོད་ཀྱང་། ད་སྐབས་རྨུད་ ༢ རེ་ལས་མེད་པའི་ཁར། ད་ལོའི་ལོ་ཏོག་སྨིན་ཚད་ཀྱང་ཧ་ཅང་ཞན་པ་སོགས་མི་མང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་མདོ་ཁ་གྲོང་ཚོ་གཅིག་པུ་ཙམ་མ་ཡིན་པར་མལ་གྲོའི་ལུང་བ་ཚང་མར་ད་ལོའི་ལོ་ཏོག་ཧ་ལམ་ལེན་རྒྱུ་མེད་པའི་ཚོད་དུ་གྱུར་ཡོད་འདུག

དེ་བཞིན། ལུང་པ་དེ་ནས་འབབ་པའི་རྒྱུག་ཆུ་དེ་སྔོན་ཆད་ཡུལ་མི་དང་སྒོ་ཕྱུགས་ཀྱི་འཐུང་ཆུ་མེད་དུ་མི་རུང་བ་ཞིག་ཡིན་ཡང་། དེང་སྐབས་རྒྱུག་ཆུ་དེར་འབག་བཙོག་ཐེབས་ནས་མི་དང་སྒོ་ཕྱུགས། ཆུ་གནས་སྲོག་ཆགས་བཅས་ལ་འཆི་སྐྱོན་གྱི་གནོད་འཚེ་ཡོང་གི་ཡོད་སྟབས། ས་གནས་མི་མང་གིས་ལོ་ ༥ ཙམ་གྱི་ཡར་སྔོན་ནས་བཟུང་ས་གནས་སྲིད་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་དགོས་པའི་རེ་སྐུལ་རིམ་པར་ཞུས་ཡོད་ཀྱང་སྲིད་གཞུང་གིས་སྣང་མེད་དུ་བཞག་པར་བརྟེན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཡུལ་མི་ ༡༠༤༠ ལྷག་ཙམ་ས་གནས་སྲིད་གཞུང་གི་སྒོ་ཁར་འཛོམས་ཏེ། རྒྱུག་ཆུ་གཙང་བཟོ་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་ཞུ་སྐུལ་བྱས་ཡོད་འདུག ཕྱིས་སུ་སྲིད་གཞུང་གིས་ཚན་རིག་བརྟག་དཔྱད་པ་ཡིན་ཟེར་བའི་མི་འགའ་ཁྲིད་ཡོང་སྟེ། དཀའ་ངལ་དེ་ཚོ་རང་བྱུང་གི་གནོད་པ་ཞིག་ལས་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་མིན་སྐོར་གྱི་འཁྱོག་བརྗོད་བྱས་ཏེ་དོན་འབྲས་གང་ཡང་ཐོན་མེད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པས། ད་སྐབས་ས་གནས་དེ་གའི་ཡུལ་མི་ཚོས་སྲིད་གཞུང་ལ་མུ་མཐུད་ཞུ་གཏུག་བྱེད་བཞིན་ཡོད་པ་ལྟར། རྒྱ་གཞུང་གིས་གཏེར་སྔོག་ལས་གཞི་གང་མགྱོགས་ཀྱིས་མཚམས་འཇོག་མ་བྱས་ཚེ། རྒྱུག་ཆུ་འབག་བཙོག་གི་དཀའ་ངལ་དེ་མདོ་ཁ་གྲོང་ཚོ་དང་གནས་སྣང་སྒང་། ཁ་རྒྱ། བཀྲིས་སྒང་སོགས་ཀྱི་དཀའ་ངལ་ཙམ་མ་ཡིན་པར་རིམ་གྱིས་ལྷ་སའི་སྐྱིད་ཆུ་དང་། དེ་ནས་བོད་ཁུལ་གྱི་ཡུལ་ལུང་ཧ་ཅང་མང་བོའི་ས་ཞིང་དང་འཐུང་ཆུ། རང་བྱུང་ཁོར་ཡུག་སོགས་ལ་ཡང་འབག་བཙོག་ཐེབས་ཏེ། མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་རྒྱུ་ཡིན་སྐོར་བརྗོད་བྱུང་།

གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ཕྱི་ལོ་ ༡༩༩༢ ཙམ་ནས་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟའི་ཆར་ས་གནས་དེར་གཏེར་ཁ་སྔོག་འདོན་བྱེད་མཁན་མི་གྲངས་ ༡༠༠༠༠ ལྷག་ཡོད་འདུག དེ་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ད་དུང་ཡང་གཏེར་ཁ་སྔོག་ཡུལ་ལ་རྒྱ་ཁྱོན་སྤྱི་ལེ་ ༡༠༠༠༠ ལྷག་ཙམ་ཡོད་སྐོར་བརྗོད་ཡོད་ཀྱང་། དེང་སྐབས་དེ་ལས་རྒྱ་ཆེ་རུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༡༨ གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཐེངས་གཉིས་པ་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ས་གནས་དེར་ཟངས་དང་རག ཞ་ཉི་དང་རྡུལ་ཕྲན་མཚོན་བྱའི་རྫས་རིགས་སོགས་སྔོག་འདོན་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་ཀྱང་། དེང་སྐབས་ལྕགས་རིགས་སྔོག་འདོན་བྱེད་ཀྱི་ཡོད་ཟེར་བ་ཙམ་ལས་གཞན་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་མ་ཟད། གཏེར་ཁ་སྔོག་སར་ཡུལ་མི་གཅིག་ཀྱང་འགྲོ་རུ་མ་བཅུག་པར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese