མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་རྒྱལ་སར་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧྥ་རན་སའི་རྒྱལ་སར་བོད་པ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚོགས་པ་ཁག་ཅིག་གི་སྣེ་འཁྲིད་འོག་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་བདུན་པ་ཞེས་པ་ཞིག་སྤེལ་ཡོད་འདུག་ལ། གཞན། འཆར་ལོའི་གསུམ་བཅུའི་དུས་དྲན་ཉིན་ཡུ་རོབ་ཡོངས་རྫོགས་མཉམ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ཀྱང་སྤེལ་འཆར་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། ཕ་རི་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལཊ་དང་། ཨེ་ཤ་ཡའི་ཝེ་ཐི་ནམ་དང་ཤིན་ཅང་། འབར་མ། ལོའོ་སི། རྒྱ་ནག་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པའི་སྣེ་ཁྲིད་འོག བོད་པ་གཙོས་བོད་དོན་རྒྱབ་སྐྱོར་བ་དང་། དེ་བཞིན་མི་རིགས་འདྲ་མིན་གྱི་མི་མང་བརྒྱ་ཕྲག་ལྷག་གིས་རྒྱལ་ས་ཕ་རི་སིའི་(staue de liberté) རང་དབང་འདྲ་སྐུ་མཚོ་ཁ་ནས་(trocadéro)འགྲོ་བ་མིའི་རང་དབང་ཐང་ཆེན་བར། འཕྲེད་དར་སྟེང་འབོད་ཚིག་སྣ་མང་བཀོད་པའི་ཐོག་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་།

འགུལ་དེ་འདྲ་ཞིག་སྤེལ་དགོས་དོན་ནི་བཙན་གནོན་འོག་ཡོད་པའི་སོ་སོའི་སྲིད་གཞུང་ཁག་ལ་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་བཀུར་དགོས་པ་བཅས་ཀྱི་ཆེད་དུ་ཡིན་འདུག

ཕ་རི་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༥ ལོ་ནས་བཟུང་ཕ་རི་སི་བོད་རིགས་ཚོགས་པས་ལྷོ་ཤར་ཨེ་ཤ་ལའི་རང་དབང་གོམ་བགྲོད་འདིའི་ནང་མཉམ་ཞུགས་གནང་ཡོད་ཅིང་། འཛུལ་ཞུགས་བྱེད་དོན་གཙོ་བོ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོས་མུ་མཐུད་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་དང་། ཐ་ན་རང་ལུས་མེར་བསྲེགས་ཀྱིས་བོད་མིའི་སེམས་ཀྱི་དཀའ་སྡུག་ཕྱི་ལ་སྟོན་བཞིན་ཡོད་སྟབས། དེ་རིང་མི་རིགས་ཁག་མཉམ་རུབ་ཐོག་ལས་འགུལ་འདི་འདྲ་ཞིག་སྤེལ་ཐུབ་ན་གནས་ཚུལ་དྲིལ་བསྒྲགས་ཡོང་བར་ཕན་ཐོགས་ཡོད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ལས་འགུལ་འདི་བརྒྱུད་ཧྥ་རན་སི་གཞུང་དང་ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྔར་ལས་རྒྱབ་སྐྱོར་ཡོང་ཆེད་དུ་ཡིན་སྐོར་བརྗོད་སོང་།

གཞན། ཉེ་ལམ་ཨི་ཊ་ལིར་ཚོགས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པའི་ཚོགས་འདུའི་སྟེང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ལས་འགུལ་སྔར་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུར་ཐུན་མོང་ངོས་འཛིན་ཐོག མ་འོངས་པར་ཡང་ཡུ་རོབ་ཀྱི་གལ་གནད་ཆེ་བའི་ས་གནས་ཁག་ཏུ། མུ་མཐུད་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ནམ་དང་སྦེལ་ཇམ་རྒྱལ་ས་སྦར་སིལ་ལྟ་བུའི་མི་མང་ལས་འགུལ་སྤེལ་རྒྱུ་གལ་ཆེན་དུ་མཐོང་སྟེ། འཆར་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དང་བསྟུན་ཏེ། ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་མི་མང་འདུ་འཛོམས་ལས་འགུལ་ཞིག་སྤེལ་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང་། བདུན་ཕྲག་རྗེས་མར་ཡུ་རོབ་བོད་རིགས་ཚོགས་གཙོ་རྣམས་སླར་ཡང་རྒྱལ་ས་ཕ་རི་སིར་འཛོམ་སྟེ་མི་མང་ལས་འགུལ་དེའི་ཐད་ཚོགས་འདུ་སྐོང་འཆར་ཡོད་འདུག

གནས་ཚུལ་དེའི་སྐོར་ཁོང་ལ་བཅར་འདྲི་ཞུས་དོན་ལྟར་ན། ལོ་རྗེས་མའི་གསུམ་བཅུའི་དུས་དྲན་ཐེངས་ང་དྲུག་པ་དང་བསྟུན་ཏེ། རྒྱལ་ས་ཕ་རི་སིར་སྦར་སིལ་དོན་གཅོད་དང་ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས་ཀྱི་ལམ་སྟོན་འོག ཡུ་རོབ་བོད་རིགས་ཚོགས་པ་ཁག་གིས་མཉམ་རུབ་ཐོག་གཞི་རྒྱ་ཆེ་བའི་མི་མང་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དངོས་འབྲེལ་ཡིན་པ་དང་། སྐབས་དེའི་ལས་འགུལ་ནང་བོད་པ་གཙོས་བོད་དོན་རྒྱབ་སྐྱོར་བ་ ༡༠༠༠༠ ལྷག་འཛོམ་རྒྱུར་རེ་བ་རྒྱག་གི་ཡོད་པ་མ་ཟད། སྐབས་དེར་རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད། ཡུ་རོབ་གྲོས་ཚོགས་དང་ཧྥ་རན་སིའི་གཞུང་གི་གནད་དོན་མི་སྣ་གདན་ཞུའི་ཐོག་བོད་དོན་གཏམ་བཤད་གནང་འཇུག་རྒྱུ། དེ་བཞིན་ཡུ་རོབ་སྐད་གྲགས་ཡོད་པའི་གཞས་པ་ཁག་གདན་ཞུ་གནང་སྟེ་བོད་དོན་གླུ་གཞས་གཏོང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་ཀྱང་། ཞིབ་ཕྲའི་ལས་རིམ་དང་ལས་འགུལ་ངོ་བོའི་སྐོར་ཚོགས་གཙོ་རྣམ་པ་ཕེབས་ཏེ། གོ་བསྡུར་ལྷུག་པོར་གནང་རྗེས་ཡོངས་བསྒྲགས་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།


གནས་ཚུལ་མཁོ་གཏོང་བ་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese