མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་མི་མང་གི་གཟི་བརྗིད་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་རམ་ས་ལར་རྒྱལ་སྤྱི་རང་བཞིན་གྱི་དབྱུག་སྤོལ་འགྲན་བསྡུར་ཞིག་དབུ་འཛུགས་གནང་བའི་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་རྩེད་འགྲན་པ་ཚོར་འཚམས་འདྲི་གནང་སོང་།  

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་། དྷ་རམ་ས་ལར་ཡོད་པའི་ཧི་མ་ཅལ་མངའ་སྡེའི་དབྱུག་སྤོལ་རྩེད་ཐང་དུ། རྒྱ་གར་དང་ཝེད་སི་ཨིན་ཌེ་སི་ (West Indies)བར་ཉིན་བཞི་པའི་དབྱུག་རྩེད་སྤོ་ལོ་འགྲན་བསྡུར་ཞིག་མགོ་འཛུགས་བྱས་ཡོད་པའི་སྟེང་། ཧི་མ་ཅལ་མངའ་སྡེའི་དབྱུག་སྤོལ་མཐུན་ཚོགས་ཀྱིས་གདན་ཞུ་གནང་བ་ལྟར། ༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། རྩེད་འགྲན་གྱི་ཐོག་མར་༧གོང་ས་མཆོག་རྩེད་ཐང་དུ་ཕེབས་ཏེ་རྒྱལ་ཁབ་གཉིས་ཀྱི་དབྱུག་སྤོལ་རྩེད་མཁན་ ༤༠ ལྷག་ལ་རེ་རེ་བཞིན་འཚམས་འདྲི་དང་ཁ་བཏགས་སྒྲོན་འབུལ་ཞུས་རྗེས་རྩེད་འགྲན་དངོས་སུ་མགོ་བཙུགས་གནང་སོང་།

རྩེད་འགྲན་དབུ་འཛུགས་གནང་རྗེས་༧གོང་ས་མཆོག་གིས་ཡིད་ཙམ་ལ་གཟིགས་ཞིབ་གནང་རྗེས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་ཡོད་ཅིང་། ཐེངས་འདིའི་རྩེད་འགྲན་སྟེང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་བ་སྐུ་ཞབས་པེ་རེམ་ཀུ་མར་དྷུ་མལ་ (prem kumar dhumal)མཆོག་དང་། ཧི་མ་ཅལ་མངའ་སྡེའི་དབྱུག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་ནོ་རེག་ཐ་ཁུར་ (Anurag Thakur)དང་དྲུང་ཆེ་བཅས་ཕེབས་ཡོད་པ་དང་། གཞན་རྒྱ་གར་གྱི་གྲོང་ཁྱེར་དང་མངའ་སྡེའི་གཞན་ནས་ཕེབས་པའི་གཟིགས་མོ་བ་དང་། ཕྱི་རྒྱལ་བ། དེ་བཞིན་ས་གནས་མི་མང་བཅས་མི་ ༡༥༠༠༠ ལྷག་འཛོམས་ཡོད་འདུག

སྐབས་དེར་གསར་འགོད་པས་རྒྱ་གར་བ་ཨ་ཞོལ་ཊོབ་ཞི་ (Ashutosh Lakhanpal)ཞུ་བ་ཞིག་ལ། དེ་རིང་༧གོང་ས་མཆོག་དབྱུག་སྤོལ་འགྲན་བསྡུར་སྟེང་ཕེབས་པར་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་ས་གནས་ཡུལ་མི་ཚོས་ཏཱ་མ་བླ་མ་མཆོག་ལ་དཔེ་མི་སྲིད་པའི་དད་གུས་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ཁོང་དེ་རིང་དབྱུག་སྤོལ་འགྲན་བསྡུར་གྱི་སྐུ་མགྲོན་གཙོ་བོར་ཕེབས་པར་ང་ཚོ་ཧི་མ་ཅལ་མངའ་སྡེའི་དབྱུག་སྤོལ་མཐུན་ཚོགས་དང་ཧི་མ་ཅལ་མི་མང་གི་གཟི་བརྗིད་ཆེན་པོ་ཞིག་ཆགས་ཡོད། ཅེས་བརྗོད་བྱུང་། 

རྒྱལ་སྤྱི་རང་བཞིན་གྱི་དབྱུག་སྤོལ་འགྲན་བསྡུར་ཞིག་དྷ་རམ་ས་ལར་ཚོགས་པར་ཚོར་སྣང་གང་བྱུང་དྲིས་པར། རྩེད་མོ་ཡིས་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་བཅས་ཀྱི་བཅད་མཚམས་དང་བཀག་རྡོ་ཁག་གཏོར་ཐུབ་ཀྱི་ཡོད་སྟབས། ང་རྩེད་མོ་འདི་རིགས་ལ་དགའ་མོས་དང་གུས་བརྩི་ཆེན་པོ་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། རྩེད་མོ་རྩེད་མཁན་དང་ལྟད་མོར་ལྟ་མཁན་ཁྲོད་བྷེ་ཇེ་པེ་དང་ཀོང་རི་སེ། ཧིན་རྡི་དང་ཁ་ཆེ་ཟེར་བའི་དབྱེ་འབྱེད་གང་ཡང་མེད་པར་ཚང་མ་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱིན་ཡོད་པ་རེད། རྩེད་རིགས་འདི་འདྲ་ཡང་ཡང་ཚོགས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་བྱུང་།  

ཀཱང་ར་ནས་ཡོང་བའི་མིང་བརྗོད་འདོད་མེད་པའི་ལྟ་མོ་ལྟ་མཁན་སློབ་མ་ཞིག་ལ་དེ་རིང་གི་དབྱུག་སྤོལ་འགྲན་བསྡུར་རྒྱ་གར་དང་ཝེད་སི་ཨིན་ཌེ་སི་གཉིས་གང་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་མེད་དྲིས་པར་ཁོང་གིས། རྒྱ་གར་དབྱུག་སྤོལ་རུ་ཁག་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་གཏན་ཁེལ་རེད། གང་ཡིན་ཟེར་ན།  དེ་རིང་ཏཱ་ལའི་བླ་མ་མཆོག་དབྱུག་སྤོལ་འགྲན་བསྡུར་སྟེང་ཕེབས་ཏེ་རྒྱ་གར་གྱི་དབྱུག་སྤོལ་རྩེད་མཁན་ཚོར་བྱིན་རླབས་དམིགས་བསལ་ཞིག་གནང་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་བརྗོད་བྱུང་།

གཞན་དྷ་ཤོད་གྱི་བུ་མོ་ནམ་ཌི་ནེ་ (Nandini Sharma)ཟེར་བ་ཞིག་བཅར་འདྲ་ཞུས་པར་ཁོ་མོས། ད་རེབ་རྒྱལ་སྤྱི་རང་བཞིན་གྱི་དབྱུག་སྤོལ་འགྲན་བསྡུར་ཞིག་དྷ་རམ་ས་ལར་ཚོགས་པ་དེ་ཧི་མ་ཅལ་མངའ་སྡེ་ཡོངས་ཀྱི་གཟི་བརྗིད་ཅིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་པ་དེར་ལྟད་མོ་བ་ཚོ་ཧ་ཅང་དགའ་ཡོད་པ་རེད། རྩེད་འགྲན་འདི་འདྲའི་རིགས་ཀྱིས་ས་གནས་མི་མང་ལ་ཁེ་ཕན་ཆེན་པོ་ཡོང་གི་ཡོད། ངྷ་རམ་ས་ལ་འདི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཤིག་ཆགས་པ་དང་མཉམ་དུ་ས་འདིའི་ཟ་ཁང་ཚོང་ཁང་དང་། མགྲོན་ཁང་སོགས་ལ་དཔལ་འབྱོར་ཡོང་འབབ་ཡག་པོ་ཡོད་པ་རེད། ཡིན་ནའང་ཚོང་པ་ཚོས་ཧམ་པ་ཆེན་པོ་བྱས་ཏེ་ས་གནས་མི་མང་ལ་དཀའ་ངལ་མ་བཟོས་ན་ཡག་པོ་ཡོད་རེད། ཅེས་བརྗོད་སོང་།

ཧི་མ་ཅལ་མངའ་སྡེའི་དབྱུག་རྩེད་སྤོ་ལོའི་རྩེད་ཐང་འདི་རྒྱ་མཚོ་ངོས་ནས་སྨི་ཌིར་ ༡༣༡༧ ཙམ་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ལས་རྩེད་ཐང་ཁོར་ཡུག་མཛེས་ཤོས་དང་། དྲོད་གྲང་སྙོམ་ཤོས་ཀྱི་རྩེད་ཐང་སྐད་གྲགས་ཆེ་གྲས་སུ་བརྩི་བ་དང་། རྩེད་ཐང་ཡོངས་སུ་ལྟད་མོ་བ་ ༢༠༠༠༠ ལྷག་ཤོང་གི་ཡོད་འདུག

༢༠༡༢ ལོར་རྒྱ་གར་རྒྱུག་རྩེད་སྤོ་ལོ་རུ་ཁག་ (Indian Premier League) གི་དབྱུག་སྤོལ་འགྲན་བསྡུར་ཐེངས་མང་རྩེད་ཡོད་པ་དང་། གཞན་རྒྱལ་སྤྱིའི་རང་བཞིན་གྱི་དབྱུག་སྤོལ་འགྲན་བསྡུར་ (ODI)ཡང་ཐེངས་གསུམ་ཙམ་ཚོགས་ཡོད་འདུག ༧གོང་ས་མཆོག་ཐེངས་འདི་ཚུད་པའི་དབྱུག་སྤོལ་རྩེད་ཐང་དུ་ཐེངས་གསུམ་ལ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ། 

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༤ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཁོང་ཚོའི་པོ་ལོ་རྒྱལ་ཁ་ཐོབ་རྒྱུ་སྐུལ་སློང་ཁྱེར་ཏེ་༧ཏཱ་ལ་བླ་མ་གདན་ཞུ་བྱས་པ་ཡིན་དེའི་རྒྱབ་ལྗོངས།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཁོང་ཚོའི་པོ་ལོ་རྒྱལ་ཁ་ཐོབ་རྒྱུ་སྐུལ་སློང་ཁྱེར་ཏེ་༧ཏཱ་ལ་བླ་མ་གདན་ཞུ་བྱས་པ་ཡིན་དེའི་རྒྱབ་ལྗོངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese