མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་འཇང་དགུན་ཆོས་ཐེངས་ལྔ་པ་ལེགས་འགྲུབ་བྱུང་བ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་ཡང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་འོག་རང་ཅག་རབ་བྱུང་འདུས་སྡེ་དགོན་པ་གྲྭ་ཚང་ཁག་གི་ནང་གཞུང་ཆེན་ཁག་གི་ནང་དོན་ཤེས་རྟོགས་ཡོང་སླད། མཚན་ཉིད་རིག་པའི་ལམ་ནས་སྦྱང་བ་བྱེད་དགོས་པ་གལ་ཆེན་ཡིན་པ་ལྟར། འདི་ག་བལ་ཡུལ་ཁུལ་དུ་ཡང་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་པའི་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་བཞིན་ཚོགས་དང་འཚོགས་བཞིན་པ་ཡིན། འདི་ལོ་ཡང་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་ལྔ་པ་འདི་ཉིད་ཕྱི་ལོ་ ༢༠༡༤ བོད་ཟླ་ ༨ ཚེས་ ༡༢ ཉིན་ནས་བདུན་ཕྲག་གཉིས་ཀྱི་རིང་གནས་མཆོག་འཕགས་པ་ཤིང་ཀུན་སློོབ་དཔོན་དབྱིག་གཉེན་གྱི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་ཉེ་འདབས་དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་གཙོས་ལས་བྱེད་ཡོངས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་འཇང་དགུན་ཆོས་ལ་ཕེབས་མཁན་སློབ་གཉེར་བ་ནི། གཞུང་དགོན་བསམ་གཏན་གླིང་གྲྭ་ཚང་གི་སློབ་གཉེར་བ། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་གི་སློབ་གཉེར་བ།ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་གི་སློབ་གཉེར་བ། སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ།གྲུབ་དགོན་ཐུགས་རྗེ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་གི་སློབ་གཉེར་བ།བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་གྲྭ་ཚང་གི་སློབ་གཉེར་བ། འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་གི་སློབ་གཉེར་བ་བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་ ༤༥༠ ལྷག་མཉམ་འཛོམས་ཐུབ་པ་བྱུང། དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་གཞུང་གི་དགོན་པ་ལྟ་རྟོག་དང་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཀརྨ་ལེགས་བཤད་དང་བལ་ཡུལ་བོད་མིའི་འབྲེལ་མཐུད་སྐུ་ཚབ་མཆོག་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་ཨཱཅཱརྱ་ནོར་བུ་ཤར་པ་མཆོགཤྲཱི་ཆུ་བཟང་གྲྭ་ཚང་གི་སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་ལ་སོགས་པའི་ཁྱབ་ཁོངས་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་འགན་འཛིན་ཕྱག་མཛོད་རྣམ་པ། དགེ་བསྐོས། ཤེས་ཡོན་འགན་འཛིན། དཔེ་ཁྲིད་རྒན་ལགས།རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ།འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཁག་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་བཅས་ཚོགས་ཞུགས་པ་གྲངས་ཆིག་སྟོང་ལྷག་ལྷན་འཛོམས་ཐོག་ཐོག་མར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཆོད་སྤྲིན་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་གི་དབུ་མཛད་མཆོག་ནས་ཡན་ལག་བདུན་པ་མནྜལ་བཅས་དབུ་སྐུལ་གནང་བ་དང་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་མགྲོན་གཙོ་བོ་བཅས་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་འཚོགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་ཨཱཅཱརྱ་ནོར་བུ་ཤར་པ་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བལ་ཡུལ་གཞུང་གི་དགོན་པ་ལྟ་རྟོག་དང་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཀརྨ་ལེགས་བཤད་མཆོག་ནས་བཀའ་སློབ་གནང་གྲུབ་མཚམས་མཛད་སྒོའི་དབུ་བཞུགས་གཙོ་བོ་དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་མཆོག་ནས་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་པའི་བཀའ་སློབ་དང་རྒྱབ་སྐྱོར་བསྔགས་བརྗོད་བཅས་གནང་། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་ཨཱཅཱརྱ་ངག་དབང་མཐར་ཕྱིན་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་གཟབ་རྒྱས་ཕུལ་ནས་མཛད་སྒོ་མཇུག་སྒྲིལ་གནང་། དེ་བཞིན་ཉིན་གྲངས་བཅུ་བཞིའི་རིང་སློབ་གཉེར་བ་ཡོངས་ནས་རྩོད་པ་དང་འཛིན་གྲྭ་རྩོད་པ། དམ་བཅའ་ཆེན་མོ་བཅས་ལ་ཉིན་ལྟར་རྩོད་པ་ལ་འབད་བརྩོན་ལྷོད་མེད་ངང་དྭོགས་གཅོད་ཀྱི་རྩོད་པ་ལྷུག་པོར་གནང་བ་དང་། དམ་བཅའ་ཆེན་མོའི་སྐབས་གྲྭ་ཚང་ཕན་ཚུན་རྩོད་པ་གཏུག་བཤེར་ནན་པོའི་ངང་སློབ་གཉེར་བ་རྣམས་མཚན་ཉིད་ཀྱི་རྩོད་པ་ལ་སྤྲོ་བ་དང་འབད་བརྩོན་སྔར་ལས་ལྷག་པར་འཕེལ་བའི་ཐབས་ལམ་ཞུ་ཐུབ་པ་བྱུང་། མཚམས་རེར་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱང་ཆོས་རར་ཕེབས་ཏེ་རྩོད་པར་མཉམ་ཞུགས་གནང་བ་སོགས་བྱུང་ཡོད། ཆོས་ཐོག་འདིའི་སྐབས་དཔེ་ཁྲིད་རྒན་བཅུ་བཞི་དང་ཆོས་ཐོག་རྒན་པ་བཅུ། དགའ་ལྡན་བྱམས་མགོན་གླིང་དགོན་གྱི་དགེ་བསྐོས་དང་ཆོས་ཐོག་རྒན་པ་བཅས་ནས་རྩོད་པ་གཟིགས་རྟོག་ནན་པོར་གནང་བ་སོགས་འཇང་དགུན་ཆོས་ཐེངས་ལྔ་པ་འདི་ཉིད་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་བ་དང་། ཉིན་མཐའ་མར་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་མདུན་དུ་གང་ཉིད་ཀྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་རྩ་བ་ཆ་ཚང་འུར་འདོན་དང་འབྲེལ་མཆོད་འབུལ་རྒྱ་ཆེར་ཞུས།མཇུག་བསྡོམས་མཛད་སྒོའི་ཐོག་དབུ་བཞུགས་༸སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་དང་༸སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་རྣམ་གཉིས་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། དགའ་ལྡན་བྱམས་མགོན་གླིང་དགོན་གྱི་ཕྱག་མཛོད་རྒན་དཔལ་འབྱོར་མཆོག་ནས་ཀྱང་འཇང་དགུན་ཆོས་ཀྱི་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས་པ་དང་། དམ་བཅའ་ཆེན་མོའི་དམ་བཅའ་བ་གྲངས་ཉེར་བརྒྱད་ལ་གཟེངས་བསྟོད་ལེགས་འབུལ་གནང་བ་དང་དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་རྒྱུན་ལས་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་རྗེས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་འུར་འདོན་ངང་གསུངས་ནས་ཆོས་ཐོག་ལེགས་པར་མཇུག་སྒྲིལ་གནང་།

སྤྱིར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་རང་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་ཡར་རྒྱས་སྲ་བརྟན་ཡོང་སླད་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་དེ་བཞིན་སློབ་མ་རྩེ་ཕུད་རྣམས་དང་རྒྱུགས་སྤྲོད་ཐོན་པ་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུས་སུ་ལེགས་འབུལ་བྱ་དགའ་དང་ཕྱག་འཁྱེར་འབུལ་བ། དེ་བཞིན་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་གོ་སྒྲིག་དང་།འཇང་དགུན་ཆོས་ལོ་ལྟར་གོ་སྒྲིག་བྱེད་པ་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡོད་པ་བཅས་སོ།།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ བོད་ཟླ་ ༨ ཚེས་ ༢༦ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese