མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏེ་ལོ་རིན་པོ་ཆེ་མཆོག་རུ་སོག་དོན་གཅོད་དུ་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔའི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཞིང་ནོར་ངག་དབང་རབ་རྒྱས་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་ཡོད་ཅིང་། ཁོང་གི་ཚབ་ཏུ་སོག་ཡུལ་ནང་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚན་གནས་ཐོག་རུ་སོག་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག

ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནི། ཨ་རིར་འཁྲུངས་ཤིང་༸གོང་ས་མཆོག་གིས་ཏེ་ལོ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས་དགུང་ལོ་བདུན་ལ་སོན་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་བཞུགས་གནང་སྟེ། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གནང་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུའི་མངའ་ཁོངས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་འགན་བཞེས་མུས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 17

  1. མཚོ་སྔོན་པོ། says:
    ལོ་ 11 སྔོན།

    སྲིད་སྐྱོང་གི་གྲོགས་པོ་ཨ་རིའི་སྐུ་ཚབ་དོན་གཅོད་དང། སྲིད་སྐྱོང་གི་ཨ་ཞང་གི་གྲོགས་པོ་ཤེས་རིག་བཀའ་བློན་དུ་བསྐོས་ཏེ་སྐུ་ཚབ་ཐུབ་ཀྱི་ཡོད་ན། ཏེ་ལོ་རིན་པོ་ཆེ་མཆོག་གིས་སྐུ་ཚབ་མི་ཐུབ་པ་ཅི་ཞིག་ཡོད། ཁོང་གི་སྤྲུལ་སྐུ་ཡིན་པ་མ་ཟད། གཞུང་ཆེན་སློབ་གཉེར་ཁུངས་འཁྱོལ་བ་གནང་ཟིན་པ། བོད་སོག་གི་མཛའ་འབྲེལ་ལོ་རྒྱུས་ཀྱི་ཤེས་ཚད་ལྡན་པ། སོག་པོ་ཨ་ཅང་ཅང། བོད་སྐད་སྤུས་ཚད་སྲིད་སྐྱོང་ལས་ཀྱང་ཚད་ལྡན་བསྐྱོན་པ། ད་དུང་ཨིན་སྐད་ལ་མཁས་པ། བཤད་ན་གདངས་སྙན་པ། རྒྱ་གར་གི་ཨིན་སྐད་ནང་བཞིན་མ་ཡིན་པ། མི་ལ་འབྲེལ་བ་ཆེ་བ་བཅས་ཁོང་སྐུ་ཚབ་དོན་གཅོད་དུ་བསྐོས་པ་འགྲིག་འདུག ཁྲིམས་སྒྲིག་གི་རྒྱ་ལས་མི་བརྒལ་རྒྱུ་གལ་ཆེ། རང་རེའི་སྒྲིག་འཛུགས་ཁྲིམས་ཀྱི་དབང་བསྒྱུར་རེད་ཝ།

    Reply
  2. མཚོ་སྔོན་པོ། says:

  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    སྐུ་ཚབ་བསྐོ་འཛུགས་ཞུ་སྟངས་བོད་གཞུང་གི་ཁྲིམས་སྒྲིག་གི་རྒྱ་ལས་བརྒལ་འགྲོ་ས་མེད་སྟབས། རང་བློར་ཤར་ཚད་ཀྱི་འགྲེལ་བཤད་རེ་རྒྱག་རྒྱུའི་སྨྲ་བརྗོད་རང་དབང་ཡོད་ཀྱང། དེ་ལས་གྲོས་ཚོགས་རྭ་བའི་ནང་ཁྲིམས་སྒྲིག་བསྐྱར་བཅོས་རེ་ཨེ་འཇོན་ལྟོས་ན་ཡག་གི་རེད།

    དེང་གི་སྐུ་ཚབ་དོན་གཅོད་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་གཡར་རྒྱུ་ཙམ་ལས། བསྐོ་འཛུགས་གནང་མཁན་བཀའ་ཤག་རེད།

    སྐུ་ཚབ་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་ཐུབ་ཀྱི་ཡོད་མེད་ཐད་ནས་གླེང་དགོས་ན། སྐུ་ཚབ་དོན་གཅོད་ཡོད་དོ་ཅོག་དང་དམིགས་བསལ་སྐུ་ཚབ་ལས་ཟུར་བཅས་ཚང་མ་གདན་ཐོག་གཅིག་ལ་བཞག་སྟེ་དྲི་བ་གཏོང་དགོས་པ་རེད། གལ་སྲིད་དྲི་བ་གཏོང་དགོས་ཤར་ཚེ། དེ་འདྲ་གནང་རྒྱུ་སྐུ་ངལ་ཐོལ་བ་ཡིན་པ་གངས་ཅན་སྐྱིད་གཤོངས་ཀྱི་ཡིག་གད་ཚུན་ཆད་ཀྱིས་ཚོད་དཔག་ཐུབ་ཀྱི་རེད་བསམས།

    ཏེ་ལོ་རིན་པོ་ཆེ་བསྐོ་བཞག་ཡི་གེ་ནང་༼ ཆེ་བསྟོད་མཚན་གནས་༽ཟེར་པ་ཞིག་བཀོད་འདུག་པས། འདི་ནི་བཀའ་ཤག་གིས་རང་འགན་ཆ་ཚང་མ་འཁུར་བར་༸གོང་ས་མཆོག་ལ་རྒྱབ་ཅུང་ཙམ་བསྙེས་ཡོད་པའི་རྟགས་རེད་བསམས། དེའི་ཆ་ནས་འདི་རིགས་ལམ་ལུགས་རྙིང་པའི་ནང་མ་གཏོགས། མང་གཙོའི་འགྲོ་ལུགས་ནང་ལས་རྙོག་ཆགས་སྲིད་པ་རེད། རབ་ཏུ་བྱུང་ན། བཀའ་ཤག་གི་ཡི་གེ་དེའི་ནང་གི་ཆེ་བསྟོད་མཚན་གནས་ཟེར་པ་འདི་ཕྱིར་འཐེན་གྱིས་དོན་གཅོད་རྣམས་སྤྱི་མཚུངས་སྐུ་ཚབ་དོན་གཅོད་ཟེར་པ་གཅིག་མཚུངས་ཡིན་ན་ཡག་གི་རེད་བསམས།

    Reply
  4. ཤར་ཕྱོགས་ཁུག་རྟ། says:

  5. རྒྱ་རྙི། says:
    ལོ་ 11 སྔོན།

    བོད་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་སྒྲིག་ཁག་ལ་ལྟ་མ་ཤེས་པ་མིན་མོད། མ་མཐའི་ས་མཚམས་དང་སྤྱི་ཡོངས་ཀྱི་གནས་ལུགས། དྲ་གྲོགས་ཚོས་གླེང་སློང་བ་ཞིག་ནས་མགོ་བརྩམས་པ་ཞིག་ཡིན། ང་ཚོས་གནད་དོན་འདི་གླེང་སྐབས་ཏེ་ལོ་སྤྲུལ་སྐུ་གླེང་དགོས་ཤིང་། ཏེ་ལོ་སྤྲུལ་སྐུས་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་སྐུ་ཚབ་ཉན་མིན་དང་། བོད་ཀྱི་སྐུ་ཚབ་ཉན་མིན། སྲིད་སྐྱོང་བློ་བཟང་སེང་གེ་སོགས་ཀྱིས་ཆ་རྐྱེན་གང་ཞིག་ལ་དམིགས་ཏེ་ཁེ་ཕན་གང་ཞིག་གདམ་མིན་སོགས་ངེས་པར་ཤེས་དགོས་པས་གནད་དོན་འདི་ཚོ་ནས་གོ་རིམ་ཞིག་འགྲོ་དགོས་པ་གནད་ཀྱི་དོམ་པོ་ཡིན། མཆན་འབྲི་བ་ཚོས་ཀྱང་ལམ་སེང་བཀའ་ཤག་རྗེས་འདེད་གཏོང་རྩིས་ཙམ་མིན་པར་དོན་དངོས་ཀྱི་རྒྱབ་མདུན་ལ་ཞིབ་དཔྱོད་ཐུབ་རྒྱུའི་རེ་བ་ཡོད།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    སྐུ་ཚབ་དོན་གཅོད་བསྐོ་བཞག་སྐོར་དཔྱ་ཁྲལ་ལག་དེབ་དགོས་མིན་དང་བོད་མི་ཡིན་དགོས་མིན་སོགས་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་ཏུ་མ་གསལ་བས་རྩོད་པ་སྟོང་པ་ཡིན་པ་འདྲ།

    རྒྱལ་སྲིད་བཙན་གྱིས་མི་མང་ལ་རྩིས་སྤྲོད་གནང་རྗེས། བཅའ་ཁྲིམས་ལེའུ་དང་པོའི་ནང་གསེས ༣ ནང་སྐུ་ཚབ་དོན་གཅོད་བཀའ་ཤག་བསྐོ་འཛུགས་ཞུས་རྗེས་༸གོང་ས་མཆོག་གིས་སྐུ་ཚབ་ཀྱི་མཚན་གནས་སྩོལ་རྒྱུ་ཙམ་རེད།

    འདིར་དྲངས་ན། ལེའུ་དང་པོའི་ནང་གསེས ༣ པར༼ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་སྐྱབས་མགོན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས། ༽ཞེས་གསལ་འདུག

    འོན་ཀྱང་བཀའ་ཤག་གིས་དོན་གཅོད་བསྐོ་འཛུགས་ཞུ་ཕྱོགས་ཁྲིམས་སྒྲིག་ཁག་ཏུ་ད་དུང་གསལ་ཁ་མི་འདུག་ཀྱང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞིའི་དོན་ཚན ༥ པའི་ནང་གསེས་ ཁ་་་པའི་དོན་ཚན ༢ པའི་ནང། ༼ ལས་ཁུངས་དེ་དག་གི་འགན་འཛིན་གཞུང་ཞབས་དྲུང་ཆེའི་གནས་རིམ་ཅན་གྱི་སྐུ་ཚབ་རེ་དགོས་པ་དང། དེའི་འོག་ལས་དོན་ལ་གཞིགས་པའི་ལས་བྱེད་ཇི་དགོས་ས་མིག་གཏན་འབེབས་དང་འབྲེལ་བཀོད་སྒྲིག་བྱ་རྒྱུ། ༽ཞེས་གསལ་འདུག་པ་བསྐྱར་བཅོས་སོང་མེད་ཚེ། དྲུང་ཆེའི་གནས་རིམ་ཅན་མིན་ཚེ་སྐུ་ཚབ་བསྐོ་འཛུགས་བྱས་ཆོག་པའི་ཆ་རྐྱེན་མེད་པ་གསལ་འདུག་པས། དྲ་གྲོགས་ཚོས་གནད་འགག་ལ་མཛུབ་མོ་བཙུགས་ནས་བགྲོ་གླེང་གནང་རོགས།

    དེ་མིན་ཏེ་ལོ་རིན་པོ་ཆེ་སྐུ་སྒེར་ལ་སྐྱོན་བརྗོད་བྱས་ན་རང་མདོག་བསྟན་པ་ལས་གཞན་ཅི་ཡང་མིན་སྟབས། བཀའ་མོལ་གནང་ན་ཤེས་ནས་གནང་རྒྱུ་འདི་གལ་ཆེ་ཞིང། ལྷག་པར་གཞུང་གི་གནད་ཡོད་ཚོས་དྲ་མཆན་སྤེལ་ན་དེ་བས་ཀྱང་གཟབ་རོགས།།

    Reply
  7. ཤར་ཕྱོགས་ཁུག་རྟ། says:

  8. རྒྱ་རྙི། says:
    ལོ་ 11 སྔོན།

    ད་ཁྱེད་ཚོས་རླབས་ཆེན་ཞེས་བསྟོད་བསྔགས་བྱས་ཏེ་ལམ་ལུགས་རུལ་སུངས་ཀྱི་དྲི་མར་སྣོམ་རོགས། ཏེ་ལོ་སྤྲུལ་སྐུ་ནི་ཆུང་བྱིས་པའི་དུས་ནས་སྤྲུལ་སྐུར་ངོས་འཛིན་དང་། ད་ལྟའི་བར་དུ་ཁྱི་ས་ནས་མི་སར་འཇོག་མཁན་གོང་ས་མཆོག་རེད། གོང་ས་མཆོག་གི་མཛད་འཕྲིན་མེད་ན་ཏེ་ལོ་སྤྲུལ་སྐུའི་དེ་རིང་གི་ཉིན་མོ་འདི་གང་ནས་ཡོང་བ་རེད་དམ། དེང་སང་འབུར་འབུར་བྱེད་པའི་ཀྲོག་ཀྲོག་གི་མགོ་དེ་ཨུ་རུ་སུའི་གཞུང་དང་། ཨ་རིའི་གཞུང་སུ་གཅིག་གིས་སྤྲད་པ་མ་རེད། གོང་ས་མཆོག་དང་བོད་པའི་བཀའ་དྲིན་གྱིས་ཏེ་ལོ་ཞེས་པའི་མིང་འདི་སྤྱི་ཚོགས་ཀྱིས་རྙེད་པ་རེད། འདི་ཏེ་ལོ་རང་ཉིད་ནས་ངོས་འཛིན་ཐུབ་དགོས་པ་ཞིག་རེད། ཏེ་ལོ་སྤྲུལ་སྐུས་བོད་ལ་ཡ་མཚན་ཞིག་བྱེད་ཀྱིན་ཡོད་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་བདེན་པའི་མེ་ལྕེ་དགོན་པའི་ནང་འཁྱེར་མ་ཡོང་ཆབ་སྲིད་རེད་ཅེས་ཁལ་མིག་དགོན་ནང་དུ་ཁྱེར་མ་བཅུག་པ་རེད། འདི་གང་མཚོན་པ་རེད་དམ། བོད་གཞུང་གི་ཞབས་སྟེགས་འདི་རྩེད་མོ་རྩེད་ས་མ་རེད། མིང་འདྲ་མིན་བཏགས་སྟེ་གང་ཟག་རེ་ཟུང་ལ་དམིགས་བསལ་དུ་ཁ་གཡར་བ་འདིས་ད་ལྟ་བར་ཡིད་ཆེས་དང་རེ་བས་བཟུང་བའི་སྲིད་སྐྱོང་བཀའ་ཤག་ལ་སེར་ག་ཞིག་ཆགས་སོང་། འདི་འབྲེལ་གྱི་དངོས་ཡོད་ཞིབ་འཇུག་རྩོམ་ཡིག་རིང་པོ་ཞིག་དྲང་དཔྱོད་ཀྱི་བློ་མིག་ཅན་ཚོར་སྤྱན་འབུལ་ཞུ་ངེས་ལགས།

    Reply
  9. ཆོས་ཟུར་རིན་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག་གིས་རུ་སུའི་སྐུ་ཚབ་ཏུ་ཏི་ལོག་རིན་པོ་ཆེ་བསྐོ་གཞག་གནང་བ་ནི་རླབས་ཆེན་གྱི་མཛད་ཕྱོགས་ཤིག་ཏུ་མཐོང་བས། སྙིང་ཐག་པ་ནས་རྒྱབ་སྐྱོར་དང་ཡི་རངས་ཡོད། རིན་པོ་ཆེ་མཆོག་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། སོག་བོད་མཛའ་འབྲེལ་གོང་སྤེལ་བརྒྱུད་༧གོང་ས་མཆོག་གི་ཐུགས་འདུན་གལ་འགངས་ཅན་མང་པོ་ཞིག་བསྒྲུབས་དང་སྒྲུབ་ཀྱིན་པར་ང་ཚང་མས་མཁྱེན་གསལ་རེད། བཟང་པོར་བཟང་ལན་མ་འཇལ་ན། ཕྱིན་ཆད་བཟང་པོར་སུ་ཡིས་འཇུག ཞེས་ལབ་སྲོལ་ཡོད་པ་ལྟར་ཚང་མས་དགོངས་པ་རྒྱ་ཆེར་བཞེས་རྒྱུ་གལ་ཆེ། གང་ལྟར་ཏི་ལོག་རིན་པོ་ཆེ་བརྒྱུད་ནས་བོད་དང་རུ་སུ། ཆེན་པོ་ཧོར་བཅས་ཀྱི་མཐུན་སྒྲིལ་གོང་བུ་སྔར་ལྷག་གཅིག་ཏུ་བསྒྲིལ་སྟེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་རྒྱུ་རུ་གྱུརད་ཅིག

    Reply
  10. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 11 སྔོན།

    ལས་ཀ་བྱེད་སྟངས་འདི་ག་རེ་བྱེད་རྩིས་ཡིན་ནམ། བཀའ་ཤག་སྨྱོས་པ་མིན་ནམ། ད་ངོ་མ་འཐོགས་སོང་།

    Reply
  11. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 11 སྔོན།

    ལས་ཀ་བྱེད་སྟངས་འདི་ག་རེ་བྱེད་རྩིས་ཡིན་ནམ། བཀའ་ཤག་སྨྱོས་པ་མིན་ནམ། ད་ངོ་མ་འཐོགས་སོང་།

    Reply
  12. རྒྱ་རྙི། says:
    ལོ་ 11 སྔོན།

    བློ་ལྡན་ལགས། ཆེ་བསྟོད་ཀྱི་ཆེད་དུ་ལག་རྟགས་ཕུལ་ཆོག་ལ་ལག་འཁྱེར་ཕུལ་ཆོག་གིན་རེད། ཡིན ནའང་། ཆེ་བསྟོད་མཚན་གནས་ལ་ཁ་གཡར་ཏེ་བོད་གཞུང་གི་རྐུབ་བཀྱག་ཕུལ་བ་ནི་བོད་གཞུང་འདི་ཁ་ཕྱོགས་མེད་པ་དང་། གང་ཟག་རེ་ཟུང་གི་དབང་བསྒྱུར་འོག་འགྲོ་བཞིན་པ་ཤེས་ཐུབ་པ་འདུག ཉེ་ཆར་ངའི་འཛིན་གྲོགས་ཁ་ཤས་ཀྱིས་བོད་གཞུང་ལས་བྱེད་ལ་ཡིག་རྩལ་གཏོང་སྐབས་ལག་དེབ་ལྗང་ཀི་ཆ་རྐྱེན་ཨང་དང་པོ་ཡིན་འདུག མཐོ་རིམ་མི་སྣ་ཚོར་ཞབས་བཀྱག་སྤྲོད་སྐབས་ཆ་རྐྱེན་གང་ཡང་མི་དགོས་པ་འདི་འདྲ་མཉམ་ཞིག་འེ་རེད་དམ། ཏེ་ལོ་རིན་པོ་ཆེ་ལས་ལྷག་པའི་བོད་ཀྱི་མཐུན་གྲོགས་གལ་ཆེན་ཚོར་ཆེ་མཐོང་མཚན་གནས་གང་འདྲ་འབུལ་གྱིན་ཡིན་ནམ།

    Reply
  13. བློ་ལྡན། says:
    ལོ་ 11 སྔོན།

    དྲ་གྲོགས་རྒྱ་རྙི་ལགས་ཀྱིས་གསུང་བ་དེར་རྒྱུ་མཚན་མེད་པ་མིན་ཡང་། གོང་གསལ་གསར་འགྱུར་ནང་(ཆེ་བསྟོད་མཚན་གནས་ཐོག)ཞེས་པ་ཞིག་འཁོད་འདུག་པ་འདི་དམིགས་བསལ་ཆ་རྐྱེན་ཞིག་གི་འོག་ནས་བསྐོ་བཞག་གནང་པ་མིན་ནམ་བསམ་གྱི་ཡོད། ཏེ་ལོ་རིན་པོ་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱེད་ཉིད་ཀྱི་བྱ་བཞག་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།།།

    Reply
  14. རྒྱ་རྙི། says:
    ལོ་ 11 སྔོན།

    ཏེ་ལོ་སྤྲུལ་སྐུ་ཨུ་རུ་སུའུ་སྐུ་ཚབས་དོན་གཅོད་དུ་བསྐོ་བ་འདིས་ང་ལ་མིག་བརྒྱ་གསར་པ་ཞིག་བསྐྱེད་སོང་། སྐབས་རྗེས་མའི་བོད་ཀྱི་སྲིད་སྐྱོང་ལ་ཨོ་བྷ་མ་འདེམ་ངེས་ཡིན། བོད་ཀྱི་དོན་གཅོད་དང་། བོད་ཀྱི་སྲིད་སྐྱོང་། བོད་ཀྱི་སྤྱི་འཐུས། བོད་ཀྱི་གཞུང་ཞབས་ལས་བྱེད་སོགས་ལ་བོད་རིགས་མི་དགོས་ཤིང་། ལག་དེབ་ལྗང་ཀིའི་ཆ་རྐྱེན་མི་དགོས་པ། ལས་བྱེད་གནས་རིམ་སོགས་ཀྱི་རྩ་འཛིན་མི་དགོས་པ་ནི་སྐབས་༡༤ ་པའི་བཀའ་ཤག་གི་གསར་གཏོད་ཡག་ཤོས་དེ་ཡིན་པར་སེམས།

    Reply
  15. ཕུན་ཚོགས། says:
    ལོ་ 11 སྔོན།

    རིན་པོ་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིས་བོད་པ་ཚོ་དང་སྐྱིད་སྡུག་མཉམ་མྱོང་གནང་བ་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  16. ཉི་ན་རྡོ་རྗེ། says:
    ལོ་ 11 སྔོན།

    ཏེ་ལོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  17. དོན་གྲུབ། says:
    ལོ་ 11 སྔོན།

    ཏེ་ལོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese