མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་ཝེ་ཋི་ནམ་གྱི་མཉམ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཝེ་ཋི་ནམ་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས་ཐུག་འཕྲད་བྱས་ཏེ་ཚོང་འབྲེལ་དང་དམག་དོན། ལྷོ་ཤར་ཨེ་ཤ་ཡའི་བདེ་འཇགས་བཅས་ལ་གྲོས་ཆོད་བཞག་པ་དེས་རྒྱ་ནག་ལ་འདྲོག་མགོ་བསླངས།  

ཟླ་འདིའི་ཚེས་ ༢༧ ཉིན་ཝེ་ཋི་ནམ་གྱི་སྲིད་བློན་ནོང་ཡེན་ཊེན་ཌོང་(Nguyen Tan Dung)ལགས་དང་ཁོང་གི་སྐུ་ཟླ་གཉིས་ཐོག་མར་རྒྱ་གར་མངའ་སྡེ་བྷེ་ཧར་མངའ་སྡེ་ནང་ཡོད་པའི་ནང་པའི་གནས་ཆེན་རྡོ་རྗེ་གདན་དང་། དེ་གའི་ཝེ་ཋི་ནམ་གྱི་དགོན་པ་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། ཁ་སང་ཚེས་ ༢༨ ཉིན་ཝེ་ཋི་ནམ་གྱི་སྲིད་བློན་གཙོས་པའི་ཚོང་ལས་སྐུ་ཚབ་་མི་སྣ་ ༥༠ ལྷག་རྒྱལ་ས་ལྡི་ལིར་འབྱོར་བ་དང་འབྲེལ། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་དམག་དོན། ལྷོ་ཨེ་ཤ་ཡའི་བདེ་འཇགས་སྲུང་སྐྱོབ། རྒྱ་ནག་དང་ཝེ་ཋི་ནམ་གཉིས་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྡོ་སྣུམ་སྔོག་འདོན་བྱེད་པའི་ལས་གཞི་བཅས་ལ་གྲོས་ཆོད་བཞག་ཡོད་འདུག

ཐེངས་འདིར་རྒྱ་གར་གྱིས་ཝེ་ཋི་ནམ་མཚོ་ཁུལ་བདེ་འཇགས་ཆེད་ཨ་སྒོར་ས་ཡ་ ༡༠༠ ལྷག་གི་བུ་ལོན་གཡར་ཏེ། ཝེ་ཋི་ནམ་གྱིས་རྒྱ་གར་ནས་མཚོ་དམག་གྲུ་གཟིངས་ཆེན་པོ་བཞི་ཉོ་རྒྱུ། དེ་བཞིན། རྒྱ་གར་གྱིས་ཝེ་ཋི་ནམ་གྱི་མཚོ་དམག་ལ་དེང་རབས་མཚོན་ཆའི་རོགས་སྐྱོར་དང་དམག་སྦྱོང་སྤྲོད་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱིས་མཚོ་ངོས་ཀྱི་གནས་ཚུལ་ཕན་ཚུན་མཁོ་སྤྲོད་བྱས་ཏེ་ལྷོ་ཨེ་ཤ་ཡའི་མཚོ་ཁུལ་དུ་ཚོང་ཟོག་སྐྱེལ་འདྲེན་དང་སྲུང་སྐྱོབ་བཅས་ལ་གྲོས་བསྡུར་བྱས་ཡོད་འདུག  

རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གསལ་བསྒྲགས་སྤེལ་སྐབས། སྲིད་བློན་མུ་དྷི་ཡིས་ “ ང་རང་རྒྱ་གར་སྲིད་བློན་ལས་ཁུངས་ནང་འཛུལ་བ་ནས་བཟུང་ངའི་སྲིད་གཞུང་གིས་ལྷོ་ཨེ་ཤ་ཡ་ཁུལ་དུ་ཕྱི་སྲིད་འབྲེལ་ལམ་དམ་ཟབ་གཏོང་རྒྱུར་འབད་བརྩོན་བྱས་ཡོད། དེ་ནི་འབྱུང་འགྱུར་རྒྱ་གར་གྱི་བདེ་འཇགས་ལ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། ཐེངས་འདིར་རྒྱལ་ཁབ་གཉིས་བར་འབྲེལ་ལམ་བཙུགས་པ་གསར་པ་གང་ཡང་མ་རེད།”ཅེས་བརྗོད་འདུག སྲིད་བློན་ནོང་ཡེན་ཊེན་ཌོང་གིས། “ཝེ་ཋི་ནམ་གཞུང་གིས་རྒྱ་གར་གྱིས་ཤར་ཕྱོགས་སུ་ལྟ་བའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱིས་ཝེ་ཋི་ནམ་གྱི་ཤར་ཕྱོགས་མཚོ་ཁུལ་དུ་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་བྱེད་པར་མཉམ་ལས་བྱས་ཏེ། ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་བརྟན་བརླིང་དང་ཞི་འཇགས་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་འདུག

ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་བརྒྱུད་དེ། ཟླ་རྗེས་མའི་ཚེས་ ༥ ཉིན་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུམ་བྷེ་གྲོང་ཁྱེར་གཉིས་ནས་ཐད་ཀར་ཝེ་ཋི་ནམ་གྱི་ཧོ་ཆིན་མིན་གྲོང་ཁྱེར་ (Ho Chi Minh City) རུ་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ (Jet Airways) འཕུར་སྐྱོད་དང་། ༢༠༡༥ ལོའི་ལོ་མགོར་ཝེ་ཋི་ནམ་གྱི་རྒྱལ་ས་ནས་ཝེ་ཋི་ནམ་གྱི་འགྲུལ་སྐྱེལ་གནམ་གྲུ་ (Vietnam Airline) གོང་གི་གྲོང་ཁྱེར་གཉིས་ནང་གཏོང་རྒྱུ་ཡིན་འདུག གཞན། ཝེ་ཋི་ནམ་དངུལ་ཁང་དང་རྒྱ་གར་དངུལ་ཁང་གཉིས་ཀྱིས་རྒྱལ་ཁོངས་སོ་སོའི་ནང་ཡན་ལག་དངུལ་ཁང་འཛུགས་རྒྱུ་སོགས་ཐག་གཅོད་བྱས་ཡོད་འདུག

ཐེངས་འདིར་གྲོས་ཆོད་དོན་ཚན་བདུན་བཞག་པའི་དང་པོ། བྷེ་ཧར་ནང་ཡོད་པའི་དཔལ་ནཱ་ལེནྜའི་གཙུག་ལག་མཐོ་སློབ་བསྐྱར་གསོ་དང་། གཉིས་པ། རྒྱ་གར་གྱིས་ཝེ་ཋི་ནམ་བརྡ་འཕྲིན་གཙུག་ལག་མཐོ་སློབ་ཏུ་དབྱིན་སྐད་དང་བརྡ་འཕྲིན་ཚན་རྩལ་གྱི་སྦྱོང་བརྡར་བསྟི་གནས་གསར་འཛུགས་བྱ་རྒྱུ། གསུམ་པ། ཝེ་ཋི་ནམ་ནང་ཡོད་པའི་གནའ་ཤུལ་ (My Son) བསྐྱར་གསོ་དང་སྲུང་སྐྱོབ་བྱ་རྒྱུ། བཞི་པ། རྒྱལ་ཁབ་གཉིས་ཀྱི་རླུང་འཕྲིན་ལས་ཁུངས་ཕན་ཚུན་བར་ཉམས་མྱོང་བརྗེ་ལེན་བྱ་རྒྱུ། ལྔ་པ། ༢༠༡༥ ལོ་ནས་ ༢༠༡༧ ལོའི་བར་རིག་གཞུང་འཁྲབ་སྟོན་བརྗེ་ལེན་བྱ་རྒྱུ། དྲུག་པ། རྒྱ་གར་རྡོ་སྣུམ་སོལ་རླངས་ཁེ་ལས་མཉམ་སྡེ་ (ONGC)དང་ཝེ་ཋི་ནམ་རྡོ་སྣུམ་སོལ་རླངས་ཁེ་ལས་མཉམ་སྡེ་ (PetroVietnam) གཉིས་ཀྱིས་མཉམ་འབྲེལ་ཐོག་རྡོ་སྣུམ་དང་སོལ་རླངས་འཚོལ་ཞིབ་དང་སྔོག་འདོན་བྱ་རྒྱུ། བདུན་པ། རྒྱ་གར་གྱི་ཨོ་བེ་ལད་ལི་ (OVL) ཁེ་ལས་དང་ཝེ་ཋི་ནམ་རྡོ་སྣུམ་སོལ་རླངས་ཁེ་ལས་གཉིས་ཀྱིས་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་སོགས་ཡིན་འདུག

ཐེངས་འདིར་སྲིད་བློན་གཉིས་ཀྱིས་ ༢༠༡༥ ལོར་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་ ༧ དང་། ༢༠༢༠ ལོའི་བར་ཨ་སྒོར་ཐེར་འབུམ་ ༡༥ ལྷག་གི་ཚོང་ལས་འབྲེལ་ལམ་བཙུགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ཝེ་ཋི་ནམ་ནང་ཚོང་འབྲེལ་བྱེད་མཁན་ཆེ་ཤོས་རྒྱལ་ཁབ་བཅུའི་ནང་ཚུད་ཡོད་དེ་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༥.༢༤ ཙམ་གྱི་ཚོང་འབྲེལ་བྱེད་བཞིན་ཡོད་འདུག  

ཟླ་སྔོན་མར་རྒྱ་གར་གྱི་སྲིད་འཛིན་པུར་ནཱ་མོར་ཀར་ཇེ་ (Pranab Mukherjee) མཆོག་ཝེ་ཋི་ནམ་དུ་གཞུང་འབྲེལ་གཟིགས་སྐོར་གནང་སྟེ། ཝེ་ཋི་ནམ་ནང་དུ་ལས་འཆར་ཁག་༨༤ ལ་ཨ་སྒོར་ས་ཡ་ ༢༦༠ ལྷག་གི་འགྲོ་གྲོན་གཏོང་བར་གྲོས་མཐུན་བྱུང་ཡོད་པ་དང་། དེའི་སྔོན་རྒྱ་གར་ཕྱི་སྲིད་བློན་ཆེན་ཝེ་ཋི་ནམ་ནང་བསྐྱོད་དེ། རྒྱལ་ཁབ་གཉིས་བར་ཞིང་ལས་ཐོན་སྐྱེལ་དང་ཐག་རས། འཕྲུལ་ཆས། སྨན་རྫས། བརྡ་འཕྲིན་ཚན་རྩལ། བཟོ་ལས་སྐོར་ལའང་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག

རྒྱ་གར་དང་ཝེ་ཋི་ནམ་མཉམ་འབྲེལ་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སོལ་རླངས་དང་རྡོ་སྣུམ་སྔོག་འདོན་བྱེད་འཆར་དེའི་ཐད། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་གསར་འགོད་པར། རྒྱལ་ཁབ་གང་ཞིག་ཡིན་ཡང་ཁྲིམས་མཐུན་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་སོལ་རླངས་དང་རྡོ་སྣུམ་སྔོག་འདོན་བྱེད་ཆོག གལ་སྲིད། རྒྱ་ནག་ལ་བདག་དབང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་ཁག་ (Spratly Islands)དང་དེའི་ཉེ་འགྲམ་མཚོ་ཁུལ་གྱི་བདག་དབང་ལ་ཕོག་ཐུག་བཏང་ཚེ་དུས་ཐོག་རྒོལ་ལན་ལོག་ངེས་ཡིན་ཞེས་བརྗོད་ཡོད་འདུག 

 གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    གསར་འགྱུར་འདི་རིགས་ཕྲན་བུ་ཞིབ་ཚགས་ཀྱིས་ལས་པས་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese