མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་བོད་མིར་དམ་དྲག་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་བློ་བཟང་རྒྱ་མཚན་ཉེ་ལམ་བལ་ཡུལ་ནང་སྐོར་སྐྱོད་དང་འབྲེལ་ཏེ་བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ངོས་ལེན་བྱ་རྒྱུ་མིན་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་བློ་བཟང་རྒྱལ་མཚན་གྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་ནང་གཟིགས་སྐོར་དང་འབྲེལ། བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་( Susshil Koirala) དང་སྲིད་བློན་གཞོན་པ། ཕྱི་སྲིད་བློན་ཆེན་སོགས་ལ་ཐུག་འཕྲད་བྱས་ཏེ། རྒྱ་ནག་གིས་བལ་ཡུལ་ལ་ལོ་ལྔ་རིང་རོགས་དངུལ་སྤྲོད་ཕྱོགས་དང་། བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་རིགས་བྱེད་པར་དམ་དྲག་ཆེ་རུ་གཏོང་རྒྱུ། བལ་བོད་ས་མཚམས་བརྒྱུད་ནས་རྒྱ་གར་ནང་སྐྱབས་བཅོལ་ཡོང་མཁན་རིགས་ལ་བཀག་སྡོམ། རྒྱལ་ཁབ་གཉིས་བར་ཡུལ་སྐོར་སྤྲོ་འཆམ་དང་ཚོང་དོན་འབྲེལ་ལམ་གོང་མཐོར་གཏོང་ཐབས་བཅས་ལ་གྲོས་མོལ་བྱས་ཡོད་སྟབས། ཁ་སང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བར་སྐྱབས་བཅོལ་ལག་འཁྱེར་དང་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་འགྲོ་མཁན་ཚོར་སྐྱབས་བཅོལ་གནས་བབ་སོགས་སྤྲོད་རྒྱུ་མིན་སྐོར་སོགས་བསྒྲགས་ཡོད་འདུག

འདིའི་ཐད་བལ་ཡུལ་བོད་མི་སྐྱབས་བཅོལ་ལྷན་ཚོགས་ཀྱི་འགན་འཛིན་ནཱ་ར་ཡན་པུ་ཌལ་ (Shesh Narayan Poudel) གྱིས། “ད་ནས་བཟུང་བལ་ཡུལ་གཞུང་གིས་བོད་ནས་བལ་ཡུལ་ནང་ཡོང་མཁན་གྱི་སྐྱབས་བཅོལ་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད། གལ་ཏེ་ང་ཚོས་མུ་མཐུད་ཁོ་ཚོ་སྐྱབས་བཅོལ་ལ་ངོས་འཛིན་དང་འབྲེལ་སྐྱབས་བཅོལ་ལག་འཁྱེར་སྤྲད་ཚེ། ཁོ་ཚོས་ང་ཚོར་དཀའ་ངལ་སྤྲོད་རྒྱུ་ཡིན་སྟབས། བལ་ཡུལ་གཞུང་གིས་ཆོག་མཆན་མ་སྤྲད་པ་ཡིན་ན་སྐྱབས་བཅོལ་བོད་མི་ཚོ་བལ་ཡུལ་བརྒྱུད་དེ་རྒྱལ་ཁབ་གཞན་ནང་གང་བྱུང་འགྲོ་འོང་བྱེད་མི་ཆོག” ཅེས་བརྗོད་འདུག

མིང་བརྗོད་འདོད་མེད་པའི་བལ་ཡུལ་གཞུང་གི་ལས་བྱེད་ཅིག་གིས་བརྗོད་དོན། “རྒྱ་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲད་དེ། བལ་ཡུལ་གཞུང་གིས་བོད་ནས་བོད་མི་སྐྱབས་བཅོལ་ཡོང་མཁན་དག་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་གནས་བབས་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། རྒྱ་གཞུང་གིས་བོད་ནང་ཆོས་དད་དང་སྨྲ་བརྗོད་རང་དབང་སྤྲོད་བཞིན་ཡོད་སྟབས། བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ངོས་ལེན་བྱེད་མི་ཆོག་པ་དང་། དེ་ལས་ལྡོག་སྟེ་སྐྱབས་བཅོལ་ཞུ་མཁན་བོད་མི་ཚོ་རྒྱ་གཞུང་ལ་ཕྱིར་རྩིས་སྤྲོད་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་ཡོད་པ་རེད།”ཅེས་བརྗོད་འདུག

འགྲོ་བ་མིའི་ཐབ་ཐང་རྩོད་ལེན་པ་སུ་བྷེ་ཌ་ (Subidh Pykurel) ལགས་ཀྱིས། “བལ་ཡུལ་གཞུང་གིས་བོད་མི་ཚོར་མི་རིགས་དང་མི་སེར་གཞན་ལྟར་གཅིག་མཚུངས་ལྟ་སྐྱོང་བྱེད་དགོས། གལ་ཏེ་བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་མ་སྤྲད་ཚེ་བཟང་བཙོན་ལ་བཅུག་པ་ལྟར་ཆགས་རྒྱུ་ཡིན་སྟབས། དེ་ནི་འགྲོ་བ་མིའི་སྤྱོད་ཚུལ་དང་འགལ་ཡོད། ”ཅེས་དང་། བལ་ཡུལ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཀཱ་པིལ་ (Kapil Shresth ) ལགས་ཀྱིས། “བལ་ཡུལ་གྱི་སྐྱབས་བཅོལ་བོད་མིར་འཛིན་པའི་སྲིད་ཇུས་དེ་ནི་ཕ་མར་སྐྱབས་བཅོལ་ལག་འཁྱེར་ཡོད་ཀྱང་། བུ་ཕྲུག་ལ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་ཀྱང་ཡིན་སྟབས། གནད་དོན་དེར་བལ་ཡུལ་གཞུང་གིས་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས།”ཞེས་བརྗོད་འདུག

༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྔར་ལས་ཇེ་དམ་དང་། སྐབས་དེའི་བལ་ཡུལ་དམར་ཤོག་སྲིད་གཞུང་དང་ཚོང་དོན་འབྲེལ་ལམ་ཤུགས་ཆེ་རུ་བཏང་བ་སོགས་ལ་བརྟེན་ཏེ། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་དང་བལ་ཡུལ་ནང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མིར་དམ་དྲག བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་འགྲོ་མཁན་ཚོ་བཀག་འགོག་དང་བོད་ནང་ཕྱིར་སློག་སོགས་བཏང་ཡོད།

གཞན། བལ་ཡུལ་ནང་བོད་མིའི་སྡོད་སྒར་ ༢༡ ཙམ་ཡོད་པར་ནང་བོད་མི་སྐྱབས་བཅོལ་བ་ཁྲི་གཉིས་ལྷག་ཡོད་པའི་ཁྲོད་མང་པོ་ཞིག་ལ་སྐྱབས་བཅོལ་ལག་འཁྱེར་སྤྲད་མེད་པ་མ་ཟད། ལོ་བཅུ་གྲངས་གོང་ནས་བལ་ཡུལ་ནང་གི་བོད་མིའི་སྐུ་ཚབ་དོན་གཅོད་སྒོ་རྒྱག་བཅུག་པ་དང་། བལ་ཡུལ་ནང་གསུམ་བཅུའི་དུས་དྲན་དང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར། དེ་བཞིན་འོས་བསྡུ་སོགས་བྱེད་འཇུག་གི་མེད་པ་མ་ཟད། ནམ་རྒྱུན་བོད་མིའི་འདུ་འཛོམས་ཁག་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese