མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུག་པཊ་གྱོན་པའི་སྤྱང་ཀི་བཟུང་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌ་ཊོ་རོན་ཊོ་གྲོང་ཁྱེར་གྱི་ཤེས་ཡོན་ལྷན་ཚོགས་ཀྱིས་ཊོ་རོན་ཊོ་སློབ་གྲྭ་ཁག་ནང་ཁུང་ཙི་སློབ་གཉེར་ཁང་གསར་འཛུགས་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༢༩ ཉིན་ཁེ་ན་ཌ་ཊོ་རོན་ཊོ་གྲོང་ཁྱེར་གྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་ཊོ་རོན་ཊོ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ནང་གསར་འཛུགས་བྱེད་མིན་མང་མོས་ལྟ་སྐབས། ལྷན་ཚོགས་ཀྱི་ཚོགས་མི་ ༢༢ ཡོད་པའི་ཁྲོད་ནས་ཚོགས་མི་གཉིས་ཀྱི་མ་གཏོགས་གཞན་ཚང་མས་འཛུགས་འདོད་མེད་པའི་འོས་བླུགས་ཡོད་སྟབས། ཊོ་རོན་ཊོ་ཁུལ་དུ་ཁུང་ཙི་སློབ་གཉེར་ཁང་གསར་དུ་འཛུགས་རྒྱུ་མིན་པ་མ་ཟད། ད་སྔ་ཡོད་བཞིན་པ་དག་ལའང་མཉམ་ལས་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་ཊོ་རོན་ཊོ་ཤེས་ཡོན་ལྷན་ཚོགས་ཀྱིས། “ང་ཚོས་ཁུང་ཙི་སློབ་གཉེར་ཁང་གི་དགོས་འདུན་ཁག་བསྒྲུབ་རྒྱུ་ཁག་པོ་ཆགས་ཡོད་སྟབས། ང་ཚོས་དེ་རིང་ནས་བཟུང་ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་བྱེད་མཚམས་འཇོག་རྒྱུ་ཡིན” ཞེས་བརྗོད་འདུག ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས། “ཊོ་རོན་ཊོ་གྲོང་ཁྱེར་གྱི་ཤེས་ཡོན་ལྷན་ཚོགས་ཀྱིས་ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་བྱ་རྒྱུ་མིན་སྐོར་ཐག་གཅོད་བྱས་པ་དེ་ནི། རྒྱ་ནག་གཞུང་ལ་ཕྱོགས་ལྷུང་གི་ལྟ་ཕྱོགས་འཛིན་པ་ཞིག་ཡིན་སྟབས་ང་ཚོས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད”ཅེས་བརྗོད་འདུག

༢༠༠༤ ལོར་རྒྱ་གཞུང་ཤེས་རིག་ལྷན་ཁང་གི་འཛིན་སྐྱོང་འོག་ཁུང་ཙི་སློབ་གཉེར་ཁང་གསར་འཛུགས་བྱས་པ་ནས་བཟུང་། ད་བར་འཛམ་གླིང་རྒྱལ་ཁབ་ཁག་ ༡༢༣ ནང་སློབ་གཉེར་ཁང་ ༤༦༥ དང་། ཆེད་སྦྱོང་འཛིན་གྲྭ་ ༧༠༠ ལྷག་བཙུགས་ཏེ། རྒྱ་ནག་གི་རིག་གཞུང་དང་སློབ་གསོ་རྒྱལ་སྤྱིར་ཁྱབ་བསྒྲགས་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། སློབ་གཉེར་ཁང་དེ་དག་གི་སློབ་ཕྲུག་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན། ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་སྟབས། ཉེ་ལམ་ཨ་རི་དང་ཁེ་ན་ཌའི་ནང་གི་སློབ་གྲྭ་མང་པོ་ཞིག་གིས་ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

༢༠༡༣ ལོའི་ཟླ་ ༢ ཚེས་ ༧ ཉིན་ཁེ་ན་ཌ་ཨོན་ཊ་རའོ་མངའ་སྡེའི་མེག་མཱ་སེ་ཌར་ (McMaster University) གཙུག་ལག་སློབ་ཆེན་དང་། ཁེ་ན་ཌའི་རང་སྐྱོང་ས་ཁུལ་ཁེའུ་བྷག་གྱི་ཤར་བྷུག་ (Sherbrooke University) གཙུག་ལག་སློབ་ཆེན་གྱིས་ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་བྱེད་མཚམས་བཞག་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༩ པའི་ཟླ་མཇུག་ཏུ་ཨ་རིའི་ཆི་ཁཱ་ཀོ་གཙུག་ལག་སློབ་ཆེན་དང་། ཟླ་འདིའི་ཚེས་ ༢ ཉིན་ཧྥན་ནི་སི་ནི་ཡ་མངའ་སྡེའི་གཙུག་ལག་སློབ་ཆེན་ (Pennsylvania State University) གྱིས་མཉམ་ལས་བྱེད་མཚམས་བཞག་ཡོད་འདུག

༢༠༡༤ ལོའི་ཟླ་ ༧ ཚེས་ ༡༤ ཉིན་ཨ་རིའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ལྷན་ཚོགས་ཀྱིས་ཨ་རིའི་གཞུང་ལ་སྙན་ཞུ་ཞིག་ཕུལ་ཏེ། ཁུང་ཚི་སློབ་གཉེར་ཁང་གིས་རྒྱ་ནག་གཞུང་གི་ངོ་ཚབ་བྱས་ཏེ་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་གི་རང་དབང་ཅན་གྱི་སློབ་གསོའི་བྱ་གཞག་ལ་རྡོག་རོལ་གཏོང་གི་ཡོད་སྟབས། ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་བྱེད་མཚམས་འཇོག་དགོས་པའམ་ཡང་ན་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་བསྐྱར་ཞིབ་བྱེད་དགོས་སྐོར་འཁོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་ཁེ་ན་ཌའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ལྷན་ཚོགས་ཀྱིས་ཁུང་ཙི་སློབ་གཉེར་ཁང་གིས་ཁེ་ན་ཌའི་གཙུག་ལག་སློབ་ཆེན་གྱི་སློབ་གསོའི་བྱ་གཞག་ལ་ཐེ་ཇུས་བྱེད་ཀྱིན་ཡོད་པའི་སྐྱོན་བརྗོད་བྱས་ཏེ། ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་བྱ་རྒྱུ་མིན་པའི་གྲོས་ཆོད་བཞག་ཡོད།

འདི་ལོ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་སློབ་གྲྭ་ཁག་ཏུ་ཁུང་ཙི་སློབ་གཉེར་ཁང་གསར་འཛུགས་བྱེད་མིན་གྱི་གླེང་སློང་ཐོག་མ་བྱུང་སྐབས། རྒྱ་ནག་གི་རྩ་རླུང་སྒོམ་སྒྲུབ་པ་དང་ཁེ་ན་ཌའི་བོད་མི་དང་ཁེ་ན་ཌའི་སློབ་གསོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སློབ་གྲྭ་དེ་འཛུགས་མི་ཆོག་པའི་ངོ་རྒོལ་ཐེངས་མང་སྤེལ་ཡོད། ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ཁེ་ན་ཊ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཨུ་རྒྱན་ལགས་ཀྱིས་བརྗོད་དོན། “དོ་ནུབ་ལུག་པགས་གྱོན་པའི་སྤྱང་ཀི་སུ་ཡིན་མིན་གསལ་སྟོན་བྱས་སོང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་ཁུང་ཙི་སློབ་གཉེར་ཁང་གསར་འཛུགས་བྱས་ཏེ། བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུའི་ངན་ཇུས་དེ། ད་ལྟ་ལམ་ལྷོང་མ་ཡོང་བར་སྒོ་རྒྱག་དགོས་ཐུག་ཡོད་སྟབས། བོད་མི་ཞིག་དང་ཊོ་རོན་ཊོ་སློབ་གྲྭའི་སློབ་ཟུར་བ་ཞིག་ཡིན་པའི་ཆ་ནས་ངས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཚོས་སློབ་ཕྲུག་དང་ཤེས་ཡོན་གྱི་རང་དབང་ལ་བརྩི་སྲུང་བྱས་ཏེ། རྒྱ་ནག་གཞུང་གི་གཅིག་བསྡུད་དམར་པོའི་རིང་ལུགས་ཀྱི་གནོན་ཤུགས་ལ་མགོ་མ་བསྒུར་བར་ཐག་གཅོད་དེ་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་འགྲོ་གྲོན་ཕོན་ཆེ་བཏང་སྟེ་རྒྱལ་སྤྱིའི་ཐོག་ཁུང་ཙི་སློབ་གཉེར་ཁང་གསར་འཛུགས་བྱས་ནས་རྒྱ་ནག་གི་ (soft power) ཁྱབ་སྤེལ་གཏོང་བཞིན་ཡོད་སྟབས། ད་ཆ་རྒྱལ་ཁབ་མང་པོས་ངོ་རྒོལ་དང་འབྲེལ་མཉམ་ལས་བྱེད་མཚམས་འཇོག་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གིས་སློབ་གསོའི་བྱ་གཞག་ཁ་གཡར་སྟེ་རྒྱ་ནག་དམར་པོའི་ལྟ་བ་ཁྱབ་སྤེལ་དང་གཞན་གྱི་སློབ་གསོར་ཐེ་ཇུས་བྱེད་ཀྱི་ཡོད་པ་ལས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

ད་ལྟ་ཨ་རིའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་ ༩༠ དང་། ཁེ་ན་ཊའི་ནང་ ༡༡། ཨོ་སོ་ཊོ་ལི་ཡར་ ༩། དབྱིན་ཡུལ་ནང་ ༢༥། ཧྥ་རན་སིར་ ༡༥། འཇར་མན་ནང་ ༡༥། ཨི་ཊ་ལིར་ ༡༡། ཉི་ཧོང་ནང་ ༡༣། ཀོ་རི་ཡར་ ༢༠། ཨུ་རུ་སུར་ ༡༩། ཐེ་ལན་ཌིར་ ༡༢། སི་པན་ནང་ ༦། རྒྱ་གར་ནང་ ༢། ཨབ་གྷན་ནང་ ༢ བཅས་རྒྱལ་ཁབ་ ༡༢༣ ནང་གསར་འཛུགས་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese