མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ས་ནས་ཉིང་ཁྲི་བར་ལྕགས་ལམ་བཟོ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་དྲུག་གི་འགྲོ་གྲོན་བཏང་སྟེ་ ༢༠༢༢ ནང་ཚུད་དུ་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་ལྕགས་ལམ་བཟོ་སྐྲུན་ལེགས་འགྲུབ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་རྒྱ་ནག་འཕེལ་རྒྱས་དང་བཅོས་སྒྱུར་ལྷན་ཁང་གིས་ཨ་སྒོར་ཐེར་འབུམ་ ༦ གི་འགྲོ་སོང་བཏང་སྟེ། ལྷ་ས་ནས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ལ་ཉེ་བའི་ཀོང་པོ་ཉིང་ཁྲི་ས་ཁུལ་བར་སྤྱི་ལེ་ ༤༠༢ ཡོད་པའི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་ཡིན་སྐོར་དང་། ལྕགས་ལམ་དེ་མ་འོངས་པའི་ལོ་ ༧ གྱི་ནང་ཚུད་དུ་ལེགས་འགྲུབ་བྱས་ཏེ་མེ་འཁོར་ཤར་གཏོང་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག

འདིའི་ཐད་བོད་རང་སྐྱོང་ལྗོངས་མེ་འཁོར་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་གཞོན་པ་ཡང་ཡུ་ལིན་ (YangYulin) གྱིས། “ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་འདིས་མངའ་ཁུལ་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འཐོན་ཐུབ་པ་མ་ཟད། བོད་དང་རྒྱ་ནག་གི་ས་ཁུལ་རྣམས་གོང་བུ་གཅིག་སྒྲིལ་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།” ཞེས་བརྗོད་འདུག

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེར་ཆ་སྙོམས་ཆུ་ཚོད་གཅིག་མེ་འཁོར་སྤྱི་ལེ་ ༡༦༠ ཙམ་ལ་རྒྱུག་ཐུབ་ཀྱི་ཡོད་པ་མ་ཟད། ཤུལ་རོང་ (Xierong) ནས་ལྷ་ས་བར་གྱི་སྤྱི་ལེ་ ༣༢ ཙམ་ལ་གློག་ལམ་བརྒྱུད་ཤར་སྐྱོད་བྱ་རྒྱུ་ཡིན་ཞིང་། འདི་ནི་རྒྱ་ནག་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཟེར་བ་ལས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལས་འཆར་གལ་ཆེན་ཞིག་ཡིན་སྐོར་ཡང་བསྒྲགས་འདུག

ད་ལོའི་ཟླ་ ༧ ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་གཞོན་པ་ཡང་ཡུ་ལིན་གྱིས། ༢༠༡༦ ལོར་མཚོ་བོད་ལྕགས་ལམ་གྱི་སྣེ་གཉིས་སུ་གྱེས་ཏེ་སྣེ་གཅིག་བལ་ཡུལ་དང་སྣེ་གཞན་དེ་རྒྱ་གར་དང་འབྲུག བལ་ཡུལ་བཅས་ཀྱི་ས་མཚམསས་བར་མཐུད་དེ་ ༢༠༢༠ ལོར་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གི་ས་མཚམས་བར་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་ལ། ཁ་སང་ཁོས་སླར་ཡང་གཞིས་རྩེ་ནས་འབྲུག་གི་ས་མཚམས་གྲོ་མོ་རྫོང་བར་དང་། གཞིས་རྩེ་ནས་བལ་ཡུལ་ས་མཚམས་སྐྱིད་གྲོང་རྫོང་དང་གཉའ་ལམ་རྫོང་བར་ལྕགས་ལམ་བཟོ་རྒྱུའི་འཆར་འགོད་ཟིན་ཏེ་ལས་གཞི་གང་མགྱོགས་མགོ་འཛུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གར་བྱང་ཤར་མཐའ་མཚམས་ཁུལ་དུ་རྒྱ་ནག་གི་དམག་མིས་ཡང་ཡང་བཙན་འཛུལ་བྱེད་བཞིན་ཡོད་པ་མ་ཟད། མཐའ་མཚམས་སུ་དམག་དཔུང་རྒྱ་སྐྱེད་དང་། ལམ་ཁ་བཟོ་བ་དང་ཆུ་རགས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་སྟབས། ཟླ་ ༡༠ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ཡོངས་མངའ་སྡེའི་བདག་སྐྱོང་ནང་སྲིད་བློན་ཆེན་ཀེ་རན་རི་ཇི་ཇུ་ (Kiren Rijiju) ཡིས་ཧིན་སྒོར་ཁྲག་ཁྲིག་ ༤ བཏང་སྟེ། ཨ་རུ་ནཱ་ཅལ་མངའ་སྡེའི་ཝི་ཇའེ་ནཱ་གྷར་ (Vijaynagar) ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་མོན་རྟ་དབང་གི་མཱ་གྷོ་ཐིང་བུ་ (Mago-Thingbu) བར་རིང་ཚད་སྤྱི་ལེ་ ༢༠༠༠ ལྷག་གི་གཞུང་ལམ་གསར་རྒྱག་བྱ་རྒྱུ་ཡིན་སྐོར་བརྗོད་པ་དང་། ཚེས་ ༢༤ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་ཧིན་སྒོར་འབུམ་ ༡༠༧༥ ཡི་འགྲོ་གྲོན་བཏང་སྟེ་ཨ་རུ་ནཱ་ཅལ་གྱི་ས་མཚམས་ཁག་ཏུ་ས་མཚམས་སྐོར་སྲུང་ས་ཚིགས་ཁག་ ༥༤ ཙམ་རྒྱག་རྒྱུ་ཡིན་པ། ཕྱི་ཚེས་ ༢༨ ཉིན་ཨ་རུ་ནཱ་ཅལ་དང་བོད་ཀྱི་ས་མཚམས་ཁུལ་དུ་སྲུང་སྐྱོབ་བྱེད་མཁན་གྱི་དམག་མི་ ༡༢༠༠༠ ཙམ་འཕར་སྣོན་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།

ཁ་སང་རྒྱ་ནག་གཞུང་དམག་དོན་ལྷན་ཁང་གི་མགྲིན་ཚབ་པ་ཡང་ཡུ་ཆོན་ (Yang Yujun) གྱིས། རྒྱ་གར་གྱིས་ས་མཚམས་ཁུལ་དུ་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་རིགས་མི་སྤེལ་རྒྱུར་རེ་བ་བྱེད་བཞིན་ཅེས་བརྗོད་པ་དང་འབྲེལ། ལྷ་ས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ས་ཁུལ་ཉིང་ཁྲི་བར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་ ༢།༡༦ གི་འགྲོ་སོང་བཏང་ནས་ལྷ་ས་ནས་གཞིས་རྩེ་བར་དང་། ཁ་སང་ཨ་སྒོར་ཐེར་འབུམ་ ༤༠ ཡི་འགྲོ་གྲོན་བཏང་སྟེ་ལྷ་ས་ནས་ཉིང་ཁྲི་ས་ཁུལ་བར། ནང་སོག་གི་བྱང་ཕྱོགས་ས་ཁུལ་ཨུར་ཌོ (Ordo) ནས་རྒྱ་ནག་ཅང་ཞི་ཞིང་ཆེན་ཅིན་ཨན་གྲོང་ཁྱེར་བར། ཧྲན་ཞི་ཞིང་ཆེན་གྱི་བྱང་ཕྱོགས་ཏ་ཏུང་(Datong) གྲོང་ཁྱེར་ནས་ཧེད་པེ་ཞིང་ཆེན་ནས་ཀྲང་ཅ་ཀོ་ (Zhangjiakou) རང་སྐྱོང་ས་ཁུལ་བར་བཅས་སུ་ལྕགས་ལམ་བཟོ་སྐྲུན་བྱ་འཆར་ཡོད་འདུག

༢༠༠༦ ལོར་རྒྱ་གཞུང་གིས་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊར་ ༥༠༠༠ ལྷག་དང་རིང་ཚད་ལ་ཀི་ལོ་མི་ཊར་ ༡༡༤༢ ཡོད་པའི་ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་བཟོ་སྐྲུན་བྱས་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༨ ཚེས་ ༡༦ ཉིན་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༣༦༠༠ ནས་ ༤༠༠༠ བར་དང་། རིང་ཚད་ལ་སྤྱི་ལེ་ ༢༥༣ དང་འབབ་ཚུགས་ ༡༣ ཙམ་ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ཤར་གཏོང་བྱས་ཏེ། མེ་འཁོར་གྱིས་ཆུ་ཚོད་གཅིག་ལ་ཆ་སྙོམས་སྤྱི་ལེ་ ༡༢༠ ཙམ་ལ་རྒྱུག་ཐུབ་ཀྱི་ཡོད་འདུག

༢༠༠༥ ལོར་བོད་ནང་ལོ་གཅིག་ལ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༡།༨ ཙམ་ཡོང་གི་ཡོད་པ་དང་། ༢༠༠༦ ལོར་རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་འགའི་འགྲོ་གྲོན་བཏང་སྟེ་ན་གོར་མོ་ནས་ལྷ་ས་བར་གྱི་མཚོ་བོད་ལྕགས་ལམ་བཟོ་སྐྲུན་བྱས་རྗེས། ཉུང་མཐར་ལོ་རེར་སྤྲོ་འཆམ་པ་ས་ཡ་ ༡༠ ཙམ་བོད་ནང་ཡོང་གི་ཡོད་པ་དང་། ན་ནིང་ལོར་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་ ༡༢།༩ ལྷག་བསླེབས་ཏེ། ལོ་རེའི་ཆ་སྙོམས་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ ༣༤ ནས་ཐེར་འབུམ་ ༨༠ ལ་འཕར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

སྐར་མ ༥༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༦ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese