མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གྱིས་དགོངས་པ་ཞུས་ཏེ་བྲོས་བྱོལ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བྷར་ཀེ་ནཱ་ཧྥ་སོ་ཡི་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་སྟབས་སྲིད་འཛིན་གྱིས་དགོངས་པ་ཞུས་ཏེ་བྲོས་བྱོལ་བྱས་ཤུལ་དུ་བར་བརྒལ་གཞུང་གི་སྐུབ་སྟེགས་ཐད་རྩོད་རྙོག་མུ་མཐུད་འབྱུང་བཞིན་ཡོད་འདུག   

ཁ་སང་ཨ་ཧྥི་ཀ་རིའི་ལྷོ་བྱང་རྒྱལ་ཁབ་བྷར་ཀེ་ནཱ་ཧྥ་སོ་(Burkina Faso) ཡི་རྒྱལ་ས་ཨོ་གྷ་ཌོན་གྷོ་ (Ouagadougou)གཙོས་པའི་གྲོང་ཁྱེར་ཁག་ཅིག་ནང་མང་ཚོགས་ཁྲི་ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ངོ་ལོ་ ༢༧ རིང་སྲིད་འཛིན་བྱས་མྱོང་བའི་ད་ལྟའི་སྲིད་འཛིན་ཀོམ་བྷོ་རེ་(Blaise Compaore)ཡིས་སྲིད་འཛིན་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། གྲོས་ཚོགས་ཀྱིས་རྩ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ་ཁོ་རང་མུ་མཐུད་སྲིད་འཛིན་བྱེད་ཆོག་པའི་ཁྲིམས་ལུགས་བཟོས་པར་ངོ་རྒོལ་བྱས་ཏེ། གྲོས་ཚོགས་དང་སྲིད་འཛིན་གྱི་སྤུན་མཆེད་ཚོའི་ཁང་པར་རྡོ་བཞུས་པ་དང་མེ་བརྒྱབ་པ། འཕྲོག་བཅོམ་གཏོར་རྒོལ་ཚབས་ཆེན་བྱས་ཡོད་སྟབས། སྲིད་འཛིན་ཀོམ་བྷོ་རེ་ཡིས་སྲིད་འཛིན་གོ་གནས་ནས་རྩ་དགོངས་ཞུས་ཤིང་། ཉིན་ ༩༠ ནང་ཚུད་ལ་སྲིད་འཛིན་གསར་པ་བསྐྱར་དུ་འོས་བསྡུ་བྱ་དགོས་པའི་གསལ་བསྒྲགས་ཤིག་སྤེལ་ཏེ་བྲོས་བྱོལ་བྱས་ཡོད་འདུག

སྲིད་འཛིན་ཀོམ་བྷོ་རེ་ཡིས་རྩ་དགོངས་ཞུས་མ་ཐག་དམག་སྤྱི་ཊེ་རོབ་རེ་(Gen Honore Traore)ཀྱིས་ཁོ་རང་བར་བརྒལ་སྲིད་གཞུང་གི་མགོ་ཁྲིད་ཡིན་པ་དང་། ཟླ་ངོ་ ༡༢ ནང་ཚུད་དུ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། མང་ཚོགས་ཀྱིས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། དམག་སྤྱི་རེ་རོབ་རེ་ནི་དེ་སྔའི་སྲིད་འཛིན་གྱི་ཕྱོགས་གཏོགས་ཤིག་ཡིན་སྟབས། བར་བརྒལ་གཞུང་ལ་མགོ་ཁྲིད་བྱེད་མི་ཆོག་པའི་དགོས་འདུན་བཏོན་ཡོད་སྟབས། སླར་ཡང་སྲིད་འཛིན་ལས་ཁུངས་ཀྱི་བདེ་འཇགས་དམག་དཔུང་གི་ལྡིང་དཔོན་གཞོན་པ་ཛེ་དྷ་ (Isaac Zida) ཡིས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་དེ། དམག་སྤྱི་ཊེ་རོབ་རེ་ཡི་བསྒྲགས་གཏམ་དེ་རྩིས་མེད་བཏང་ཡོད་ཚུལ་དང་། ཁོ་རང་གིས་བར་བརྒལ་སྲིད་གཞུང་གི་མགོ་ཁྲིད་དེ། རྒྱལ་ཁབ་ནང་དམངས་གཙོའི་སྲིད་གཞུང་བསྐྱར་འཛུགས་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་མ་ཟད། བྱང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོ་རང་གི་བར་བརྒལ་གཞུང་ལ་རྒྱབ་རོགས་ཡོང་བའི་འབོད་སྐུལ་ཞུས་འདུག ཡིན་ནའང་། ད་སྔ་དམག་དཔུང་སུ་ཞིག་གིས་བར་བརྒལ་སྲིད་གཞུང་གི་མགོ་ཁྲིད་བྱེད་པར་ཐག་གཅོད་བྱས་མེད་པར་རྩོད་རྙོག་མུ་མཐུད་འབྱུང་བཞིན་ཡོད་འདུག

རྒྱལ་ཁབ་དེའི་རྩ་ཁྲིམས་དགོངས་དོན་ལྟར་ན། སྲིད་འཛིན་དུས་ཡུན་མ་རྫོགས་སྔོན་ལ་སྲིད་འཛིན་གྱིས་དགོངས་པ་ཞུ་རིགས་བྱུང་ཚེ་ཉིན་ ༦༠ ནས་ ༩༠ ནང་ཚུད་ལ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱ་དགོས་ཞེས་བཀོད་ཡོད་ཀྱང་། ཐེངས་འདིར་ཛེ་དྷ་ཡིས་རྒྱལ་ཁབ་ཀྱི་གནས་སྟངས་ཛ་དྲག་ལ་ཁ་གཡར་ཏེ། རྒྱལ་ཡོངས་སུ་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གྲོས་ཚོགས་གོང་འོག་གཉིས་རྩིས་མེད་བཏང་ཡོད་འདུག

སྲིད་འཛིན་ཀོམ་བྷོ་རེ་ཡིས་དགོངས་པ་ཞུས་རྗེས་གར་སོང་ཆ་མེད་ཆགས་ཡོད་པ་དང་། མང་ཚོགས་ཀྱིས་ཁོ་རང་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་བྲོས་བྱོལ་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག ལྡིང་དཔོན་གཞོན་པ་ཛེ་དྷ་(Isaac Zida)ཡིས་སྲིད་འཛིན་ཟུར་བ་ཁོ་རྒྱལ་ས་དང་ཁ་བྲལ་ཏེ་བདེ་འཇགས་ཀྱི་ས་ཁུལ་ཞིག་ཏུ་སྲུང་སྐྱོབ་བྱེད་བཞིན་ཡོད་ཚུལ་བརྗོད་ཀྱང་། ཧྥ་རན་སིའི་འབྲེལ་ཡོད་མི་སྣ་ཞིག་གིས་སྲིད་འཛིན་ཁོ་རང་ཁྱིམ་མཚེས་རྒྱལ་ཁབ་གྷ་ན་(Ghana) ཡི་ས་མཚམས་གྲོང་བརྡལ་པོབ་(Po)ནང་འབྱོར་ཡོད་ཚུལ་བརྗོད་འདུག ད་ལྟའི་ཆར་དམག་དཔུང་གིས་རྒྱལ་ཁབ་ཀྱི་གཞུང་ལམ་དང་གནམ་ཐང་། ས་མཚམས་སོགས་སུ་དམ་དྲག་བྱེད་བཞིན་ཡོད་འདུག

འདིའི་ཐད་ཨ་རིའི་རྒྱལ་དོན་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་པཱ་སཱ་ཀེ་ (Jennifer Psaki) ལགས་ཀྱིས་གསར་འགོད་པར། ཨ་རིས་བྷར་ཀེ་ནཱ་ཧྥ་སོ་ནང་གི་གནས་སྟངས་ལ་ཞིབ་ཚགས་པོས་ལྟ་ཞིབ་བྱེད་བཞིན་ཡོད་སྟབས། དམག་མིས་སྲིད་གཞུང་མགོ་རྟིང་སློག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། བར་བརྒལ་སྲིད་གཞུང་གིས་དམངས་གཙོའི་ལམ་ནས་སྲིད་གཞུང་གསར་པ་ཞིག་འཛུགས་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག

དེ་རིང་ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྲིད་འཛིན་ཀོམ་བྷོ་རེས་མང་ཚོགས་ཀྱི་མངོན་འདོད་ལྟར་དུས་ཐོག་སྲིད་འཛིན་ལས་ཐོག་ནས་དགོངས་པ་ཞུས་པར་བསྔགས་བརྗོད་ཡོད་པ་མ་ཟད། གང་མགྱོགས་དྲང་བདེན་དང་རང་དབང་ཐོག་དམངས་གཙོའི་སྲིད་གཞུང་ཞིག་འོས་འདེམས་ཡོང་ཐུབ་བྱེད་དགོས་ཞེས་བརྗོད་འདུག

ཨ་ཧྥི་རི་ཀ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེ་ཁོབ་སཱ་ཛཱ་ནཱ་ (Nkosazana D-zuma) ལགས་ཀྱིས་སྲིད་དོན་ཚོགས་པ་ཚང་མས་ཕྱོགས་ཡོངས་ནས་རྒྱལ་ཁབ་ནང་ཞི་འཇགས་ཡོང་བར་ཕན་ཚུན་བསམ་ཤེས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་མཆོག་གིས་ཀྱང་རྒྱལ་ཁབ་དེའི་ནང་ཛ་དྲག་གི་དཀའ་ངལ་སེལ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཨ་ཧྥི་རི་ཀའི་དམིགས་བསལ་སྐུ་ཚབ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཞིབ་འཇུག་པ་པེ་ལིམ་(William Assanvo) ལགས་ཀྱིས་གྷར་ཌིན་གསར་འགོད་པར་། མང་ཚོགས་ཁྲི་ལྷག་རྒྱལ་སར་འཛོམས་ཏེ་སྲིད་འཛིན་ཀོམ་བྷོ་རེ་ལ་ངོ་རྒོལ་བྱེད་སྐབས། ཁོར་མང་ཚོགས་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་མེད་སྟབས་སྲིད་འཛིན་གྱི་གོ་གནས་རྩ་དགོངས་མ་ཞུ་ཐབས་མེད་ཆགས་པ་རེད། ཅེས་བརྗོད་འདུག

སྲིད་འཛིན་ཀོམ་བྷོ་རེ་ད་ལྟ་རང་ལོ་ ༦༣ ཡིན་ཞིང་འདས་པའི་ལོ་ངོ་ ༢༧ རིང་རྒྱལ་ཁབ་དེའི་སྲིད་འཛིན་བྱས་ཏེ་མུ་ཏིག་གི་ནག་ཚོང་རྒྱག་མཁན་ཚོར་ངན་པ་ལག་སྦྲེལ་བྱས་ཡོད་པའི་གནས་ཚུལ་འདུག བྷར་ཀེ་ནཱ་ཧྥ་སོ་རྒྱལ་ཁབ་འདི་ནི་ ༡༩༦༠ ལོར་ཧྥ་རན་སིའི་རྒྱལ་ཁོངས་ནས་རང་བཙན་ཐོབ་ཞིང་། འཛམ་གླིང་ནང་གི་དཔལ་འབྱོར་སྐྱོ་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་དང་། ད་ལྟའི་བར་རྒྱལ་ཁབ་ནང་དམག་དཔུང་གིས་སྲིད་གཞུང་ཐེངས་བདུན་ལ་མགོ་རྟིང་བསློགས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ། 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༢༣ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese