མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིས་བོད་ནང་ཞིབ་འཇུག་བྱེད་ཐུབ་ཀྱི་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉིན་གཅིག་གི་ཉམས་ཞིབ་བགྲོ་གླེང་སྟེང་། ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་ཕྱི་ནང་གི་བོད་རིགས་ཚོས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་བྱུས་ཁག་གི་ཐོག་ཉམས་ཞིབ་བྱ་རྒྱུ་གལ་ཆེན་ཡིན་ཚུལ་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ སྟེང་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་དང་དཔལ་འབྱོར། འཛུགས་སྐྲུན་བཅས་ཀྱི་བརྗོད་གཞིའི་ཐོག་ཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་ཡོད་ཅིང་། དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གཙོས་ཨ་རིའི་ཁོབ་ལོབ་རད་ཌོབ་གཙུག་ལག་སློབ་གྲྭ་ (Colorado University) ཡི་ས་ཁམས་རིག་པའི་སྡེ་ཚན་གྱི་ཚོགས་གཙོ་མཁས་དབང་ལྕམ་ཨེ་མེ་ལེ་ཡེ་ (Dr Emily Ting Yeh)ལགས། ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། གཞན་ཟུར་ཉན་དུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་བཅས་མི་ ༣༠ ལྷག་འཛོམས་སོང་།

འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བགྲོ་གླེང་སྐོར་ལ་ངོ་སྤྲོད་གནང་དོན། ང་ཚོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ད་ལྟའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་གནད་དོན་ཚང་མར་ཞིབ་ཚགས་ཀྱིས་མགོ་འཚོས་ནས་འགྲེལ་བཤད་རྒྱག་ཐུབ་པར་སྦྱོང་བརྡར་དང་འབྲེལ། ཉམས་ཞིབ་པ་སོ་སོས་གང་ཤེས་པ་མི་གཞན་གྱིས་ཤེས་པ་བྱས་ཏེ་ཞིབ་བསྡུར་དང་ཁོ་ཚོའི་སེམས་ཤུགས་སྤར་ཆེད་དུ་དམིགས་པ་ཞིག་ཡིན། ལོ་མང་རིང་བོད་ཀྱི་ས་གནས་རང་ལ་ཉམས་ཞིབ་གནང་མཁན་ཚོ་ཚུར་གདན་འདྲེན་ཞུས་ཏེ། ང་ཚོ་ཉམས་ཞིབ་པ་ཚོས་ཁོང་ཚོ་ལྟར་མིག་དཔེ་ལྟ་སའི་གཞི་རྩ་སྐྲུན་ཆེད་ཀྱང་ཡིན། དེ་རིང་འདིར་མགྲོན་འབོད་བྱས་པའི་མཁས་དབང་ལྕམ་ཨེ་མེ་ལེ་ཡེ་ལགས་ལ་མཚོན་ན་བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་སྦྱངས་ཏེ། བོད་ནང་གི་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་སྐོར་ལ་ཉམས་ཞིབ་བྱས་པའི་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་རེད། ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་ཐེངས་འདིའི་བགྲོ་གླེང་སྐོར་ལ་གསུངས་དོན། སྦྱིར་བཏང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཡིན་ན་འདྲ། བོད་ནང་ཡིན་ན་འདྲ་བོད་མི་ཚོས་བོད་ས་ཁུལ་གྱི་སྲིད་བྱུས་ལ་ཐུགས་སྣང་གནང་དགོས་པ་དེ་ཧ་ཅང་གནད་འགག་ཅིག་ཆགས་ཡོད། གང་ཡིན་ཟེར་ན། བོད་ནང་གི་སྤྱི་ཚོགས་ནང་འབྲོག་པ་དང་ཞིང་པ། གྲོང་ཁྱེར་ནང་སྡོད་མཁན་སོགས་ལ་སྲིད་བྱུས་གང་ཞིག་ལག་ལེན་སྟེར་སྐབས།  ང་ཚོ་ཚང་མར་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དེ་དག་ཐོག་ཐུགས་སྣང་དགོས་གལ་ཆེན་པོ་ཞེ་དྲག་རེད། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་ཀྱང་རྩོམ་ཡིག་ཁག་ཡིག་ཐོག་བརྒྱུད་ནས་མང་ཚོགས་ལ་སྐུལ་སློང་གཏོང་དགོས་པ་གལ་ཆེན་པོ་རེད། ད་ལྟའི་བར་བོད་ནང་གི་སྲིད་བྱུས་སྐོར་ལ་ཞིབ་འཇུག་གནང་མཁན་མང་ཆེ་བ་ཕྱི་རྒྱལ་མི་རིགས་ཡིན་དུས་དེ་མེད་པ་ལས་ཡག་གི་རེད། དེང་སང་བོད་པ་ཚོའི་ཤེས་ཚད་ཡར་རྒྱས་འགྲོ་བཞིན་ཡོད་སྟབས། བོད་པ་རང་གིས་བོད་ནང་གི་སྲིད་བྱུས་དག་ལ་ཞིབ་འཇུག་ཚད་ལྡན་བྱ་ཐུབ་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

བོད་ནང་ཁུལ་ཡིན་ན་ས་ཆ་མང་པོའི་ནང་བོད་ཡིག་བརྒྱུད་ནས་སློབ་སྦྱོང་བྱེད་མཁན་མང་ཤོས་ཞིང་པ་དང་འབྲོག་པའི་བུ་ཕྲུག་ཚོ་རེད། རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་ཚོའི་བུ་ཕྲུག་མང་ཤོས་རྒྱ་ཡིག་སློབ་གྲྭའི་ནང་འགྲོ་ཡི་ཡོད་ཀྱང་། ཁོང་ཚོར་མཚོན་ནའང་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་དང་སེམས་ཤུགས་ཆེན་པོ་ཡོད། དེ་འདྲ་ཡིན་དུས་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁག་ནང་ཡོད་པའི་བོད་རིགས་སློབ་མ་ཚོས་བོད་ཡིག་དང་རྒྱ་ཡིག་གང་རུང་ཐོག་སློབ་སྦྱོང་བྱས་པ་བརྒྱུད་དེ། བོད་ནང་གི་སྲིད་བྱུས་དག་གི་སྐོར་ལ་ཞིབ་འཇུག་མང་པོ་བྱ་རྒྱུ་ཡོད། གང་ཡིན་ཟེར་ན། སོ་སོ་ས་གནས་མང་ཚོགས་དང་ས་གནས་ས་ཐོག་རང་དུ་འགྲོ་ཐུབ་ཀྱི་ཡོད་སྟབས། དངོས་ཡོད་གནས་ཚུལ་རྟོགས་ལ་རྒྱུས་ལོན་བྱེད་ཐུབ་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

བཀའ་བློན་མཆོག་གིས་མུ་མཐུད་དུ། བོད་ནང་གི་བོད་མིའི་སྤྱི་ཚོགས་ནང་དེང་སང་ཚོང་པ་ཇེ་མང་འགྲོ་བཞིན་ཡོད་སྟབས་དཔལ་འབྱོར་གནས་སྟངས་ཡག་ཏུ་འགྲོ་བ་དང་། ཤེས་ཡོན་ཅན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོ་བཙན་བྱོལ་ནང་ལ་མཚོན་ན་སྲོལ་རྒྱུན་སྤྱི་ཚོགས་ཤིག་ཡིན་དུས་རིན་པོ་ཆེ་ཟེར་ན་མི་མང་གིས་ཞེ་དྲག་རྩི་བཞིན་ཡོད་པ་རེད། ང་ཚོ་ཆབ་སྲིད་ཀྱི་མགོ་ཁྲིད་དང་ལས་བྱེད་ཚོར་མཚོན་ནའང་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དག་གི་ཐོག་ཐུགས་ཞིབ་གནང་ན་ཕན་ཐོགས་ཡོད་མེད་སོ་སོར་དྲི་བ་གཏོང་དགོས་པ་རེད་བསམ་གྱི་འདུག ང་ཚོ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་ཡིན་པ་དང་། བོད་དོན་བདེན་མཐའ་སེལ་དགོས་དོན་གཙོ་བོ་བོད་རིགས་མང་ཚོགས་ལ་བདེ་སྐྱིད་ཡོང་ཐུབ་པ་ཞིག་གནང་དགོས་པ་དེ་རེད། ཅེས་གསུངས་སོང་།

ལྕམ་ཨེ་མེ་ལེ་ཡེ་ལགས་ཀྱིས་ཁོ་མོས་བརྩམས་པའི་༼Taming Tibet: landscape Transformation and The gift of Chinese Development༽ཅེས་པའི་དེབ་དཔེ་དང་འབྲེལ་བའི་སྐོར་ནས་བརྗོད་དོན། ཁོ་མོས་དེབ་དེ་ནི་ ༡༩༥༠ ལོ་ནས་ད་ལྟའི་བར་རྒྱ་ནག་གིས་ལྷ་སའི་ནང་འཛུགས་སྐྲུན་འཕེལ་རྒྱས་ཟེར་བའི་ལས་གཞིའི་ཤུགས་རྐྱེན་དང་འགྱུར་ལྡོག་ཕྱིན་པའི་སྐོར་དང་འབྲེལ་ཏེ། བོད་རང་སྐྱོང་ལྗོངས་ནང་ཚན་རིག་ཞིང་ལས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་བོད་ནང་དུ་རྒྱ་རིགས་ཞིང་པ་མང་པོ་གནས་སྤོར་བྱེད་སྐབས། རྒྱ་གཞུང་གིས་རྒྱ་རིགས་ཞིང་པ་ཚོར་ས་ཞིང་མཁོ་སྤྲོད་དང་རྒྱ་རིགས་དང་བོད་རིགས་ཞིང་པ་ཚོར་འབྲེལ་བ་ཇི་ལྟར་བྱས་ཡོད་མེད། ཁོ་ཚོ་ཕན་ཚུན་བར་ལྟ་སྟངས་གང་འདྲ་ཡོད་མེད་སྐོར་སོགས་ཡིན་འདུག

༢༠༠༥ ལོར་མགོ་འཛུགས་བྱས་པའི་སྤྱི་ཚོགས་རིང་ལུགས་གསར་པའི་སྲིད་བྱུས་ཁྲོད་ཁང་པ་གསར་རྒྱག་བྱས་ཡོད་ཀྱང་། ཕྱོགས་གཅིག་ནས་མི་མང་ལ་ཁང་པ་གསར་རྒྱག་བྱེད་པའི་དངུལ་རག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་མི་མང་གིས་བུ་ལོན་མང་པོ་བླངས་ཏེ། དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བསྟུན་དགོས་པར་སེམས་ནང་དཀའ་ངལ་ཆེན་པོ་ཆགས་ཡོད། ངས་ཞིབ་འཇུག་བྱས་པ་ལྟར་ན། བོད་རིགས་ཚོར་དངུལ་གྱི་བུ་ལོན་གལ་ཆེན་པོ་དེ་ཙམ་མིན་པར་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བསྟུན་དགོས་པ་དེ་བུ་ལོན་ཆགས་འདུག གྲོང་གསེབ་ཁ་ཤས་ནང་སོ་སོས་རང་མོས་ལྟར་ཁང་པ་རྒྱག་ཆོག་པ་དང་། ཁ་ཤས་ནང་ས་ཕག་ཙམ་ཡང་བེད་སྤྱོད་གཏོང་མི་ཆོག་པའི་ཆ་རྐྱེན་མང་པོ་འདུག དེར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་ཁང་པ་གསར་རྒྱག་གི་སྲིད་བྱུས་དེ་ཡང་ས་གནས་ཁག་ཏུ་ལག་བསྟར་བྱེད་སྟངས་མ་འདྲ་བ་ཆགས་འདུག ཅེས་སོགས་བརྗོད་སོང་།

ཞོགས་པའི་ལས་རིམ་དང་པོ་ཚར་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཕྲིན་ལས་དབང་སྟོབས་ཀྱིས་༼ བོད་ཀྱི་འབྲོག་པ༽ཞེས་པ་བརྗོད་གཞི་ཐོག་ཉམས་ཞིབ་བགྲོ་གླེང་གནང་རྒྱུ། དེ་ནས་རིམ་བཞིན་ཉམས་ཞིབ་པ་བསྟན་འཛིན་བདེ་ལྡན་གྱིས་༼ བོད་ནང་གྱི་མེ་འཁོར་ལྕགས་ལམ་ལ་བརྟེན་ནས་དམག་དོན་དང་དཔལ་འབྱོར་གྱི་རྗེས་འབྲས།༽ཉམས་ཞིབ་པ་བྱམས་པ་བསྟན་འཛིན་གྱིས་༼ད་ལྟའི་བོད་ནང་གི་དཔལ་འབྱོར་གནས་སྟངས།༽ ཉམས་ཞིབ་པ་བསྟན་འཛིན་པདྨ་ཡིས་༼ བོད་ནང་དུ་བོད་ཀྱི་སྐད་ཡིག་གནས་བབ།༽ ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ ༼བོད་དང་རྒྱ་དཀར་ནག་ཀྱི་འབྲེལ་ལམ༽  བཅས་སོགས་ཀྱི་སྐོར་ལ་ཉམས་ཞིབ་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༦ སྔོན་ལ།
ཚོགས་དུས་དྲུག་པ་འཕར་འགྱངས་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༨།༠།༢༠༢༣
Mobile App

གྲོས་ཚོགས་ཚོགས་དུས་ ༦ པ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༧ སྔོན་ལ།
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦

མཆན། 4

  1. བོད་དགའ། says:
    ལོ་ 9 སྔོན།

    གནས་ཚུལ་འདི་དང་འབྲེལ་བའི་ཚིག་གསུམ་ཞུ་འདོད་བྱུང་།
    ༡) བཀའ་བློན་ལགས་ཀྱིས་བོད་ནང་བོད་མིས་རྒྱ་ནག་གི་ཆབ་སྲིད་ཐོག་ཞིབ་འཇུག་བྱེད་མི་ཐུབ་པ་དེ་གོ་སྐབས་ཡོད་ཀྱང་ཤེས་ཡོན་གྱིས་མ་འདང་བ་རེད་གསུང་གིན་ཡོད་པ་འདྲ། དེའང་བདེན་ཆོག་ཀྱང་རྩ་བའི་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་སྐོར་ཉམས་ཞིབ་ཆེད་ས་གནས་ས་ཐོག་ཏུ་འགྲོ་བའམ་མཐོ་སློབ་ཁག་ཏུ་ཉམས་ཞིབ་གནང་མཁན་བོད་མི་ཞིག་འབྱུང་ན། བོད་མི་དེས་གོམ་སྟབས་གཉིས་པ་དེ་མུན་ནག་གི་བཙོན་དོང་ནང་དུ་སྤོ་དགོས་པ་ནི་དབུ་ལ་བཞུགས་པའི་དབུ་ཁྲིད་ཁྱེད་རྣམ་པས་ཀྱང་ལོས་མཁྱེན། དེས་ན་ཤེས་ཡོན་གྱིས་དབུལ་བས་རེད་འདུག་གམ་ཡང་ན་འཁོར་ཡུག་གིས་རེད་འདུག

    ༢) སྔོན་མ་ཡིན་ན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་བསྔགས་འོས་པའི་ཕྱག་ལས་མང་པོ་ཡོད། ཡིན་ནའང་དེང་སང་ཆ་འཕྲིན་གྱི་དུས་ཁ་རྒོད་པས་ཡིན་ནམ་གང་ལྟར་དེང་ཉམས་ཞིབ་ཁང་གིས་བཏོན་དང་འདོན་བཞིན་པའི་དཔེ་ཚོགས་དང་ཡིག་ཆ་རིགས་དེ་ཚོ་ནི་དཔེ་བཤུ་དང་རྒྱུད་ལམ་དུ་ཐོན་ཚར་བ་རྐྱང་རྐྱང་འདྲ་ཞིག་རེད། ངོ་མ་བརྟག་ན་ཞིབ་འཇུག་ཁང་གིས་འབད་པ་གནང་ནས་གྲུབ་འབྲས་བྱུང་བ་དེ་ཙམ་མ་མཐོང་།

    ༣) གཞི་གང་ལ་ཉམས་ཞིབ་དང་བརྟག་དཔྱད་གནང་དགོས་ན་ཐོག་མར་དཔྱད་པ་པོ་རང་ཉིད་དེའི་ཕྱོགས་ལ་ཆ་རྒྱུས་དང་གོ་རྟོགས་མི་དམན་ཙམ་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་རེད་དྲན། འོན་ཀྱང་དེང་གི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ནི་བོད་ཀྱི་འབྲོག་པའི་སྦྲ་ནག་གི་རྒྱུ་ཆ་གང་ཡིན་དང་དེ་ཇི་ལྟར་བཟོ་བསྐྲུན་གནང་གིན་ཡོད་པའི་ཐད་ཙམ་ལའང་དབུ་སྨོངས་འགྲོ་མཁན་རྐྱང་རྐྱང་འདྲ་ཞིག་རེད། གལ་སྲིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་ཡར་རྒྱས་འགྲོ་དགོས་ན་བོད་རང་ནས་ཕེབས་པའི་ཤེས་ཡོན་ཅན་དང་ཆབ་སྲིད་ཀྱིས་དཀའ་ངལ་འཕྲད་མྱོང་མཁན་གང་མང་ཉམས་ཞིབ་པར་གསོ་སྐྱོང་གནང་ཐུབ་ན་དགེ་མཚན་ཆེ་སྙམ།
    གོང་དུ་ཞུས་པ་ཚང་མ་བོད་མི་དཀྱུས་མ་ཞིག་གི་བསམ་ཚུལ་ཙམ་ལས་སུ་གང་ལ་སྐྱོན་བརྗོད་ཁོ་ནར་མིན་པས་གསན་ཕྱོགས་མི་ནོར་བར་ཞུ།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 9 སྔོན།

    འོག་ཏུ་གཅན་བཟོད་ཀྱིས་ཀྱང་བཤད་འདུག་མོད། ད་དུང་ཁ་སྣོན་འགའ་ཞུ་འདོད། བོད་ནང་གི་གནས་སྟངས་ཉམས་ཞིབ་བྱེད་པ་ལེགས་ཤོས་བོད་ནང་དངོས་སུ་བསྐྱོད་དགོས་པ་རེད། དེ་ནི་ཡོང་ཐབས་ཁག་པོ་རེད། དེ་ལས་ཐབས་ལམ་གཞན་པ་ནི། བོད་ནང་སླེབས་མཁན་དང་བོད་ནང་གནས་སྟངས་རང་ངོས་ནས་མཐོང་ཐོས་མྱོང་གསུམ་གང་ལ་གང་འཚམ་ཡོད་པ་རེད། དེའི་ཐོག རྒྱ་ཡིག་དང་བོད་ཡིག་གི་ཆུ་ཚད་གང་འཚམ་ཡོད་ན། བཅའ་རྒྱུ་སྣོག་རྒྱུ་རེ་ལག་ཏུ་ཚུད་གི་རེད། དེ་མིན། ཞ་རའི་རལ་གྲི་གནམ་ལ་གཡུགས་པ་དང་མཚུངས། ཐ་ན་བོད་ནང་གི་ས་མིང་ཆུ་མིང་ཙམ་ཡང་གར་ཡོད་གང་གནས་མི་ཤེས་མཁན་རྐྱང་གིས་ཁྱོན་ནས་ཡོང་ཐབས་ཡོད་པ་མ་རེད། ངས་མཐོང་ཚུལ་ལ་ད་ལྟའི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དག་གིས་ས་རྒྱ་ཆེན་པོ་ཆོད་རྒྱུ་མིན་པ་ནམ་ལངས་ཉི་ཤར་རེད། ད་ཐབས་ཤེས་གཞན་ཞིག་ཡོད་པ་ནི། ཆེད་དམིགས་ཞིབ་རྣམ་གྲངས་སྤྱི་ཚོགས་ཁྲོད་ཁེ་ལས་གན་རྒྱའི་རྣམ་པའི་ཐོག་ནས་འགྲེམས་བསྒྲགས་བྱེད་དགོས་པ་རེད། དཔེར་ན། འབྲོག་པ་གྲོང་རྡལ་དུ་གནས་སྤོར་ལྟ་བུ་རྣམ་གྲངས་བྱེ་བྲག་པའི་ཐོག་དུས་ཡུན་ལོ་གཅིག་དང་གཉིས་ནང་ཚུད་ཉམས་ཞིབ་ཀྱི་དེབ་འདོན་ཐུབ་པར་ཁས་ལེན་མཁན་ཡོད་ཚེ། གན་རྒྱའི་ངོ་བོའི་ཐོག་ནས་མི་སྣའི་ཤེས་ཚད་ལ་བརྟག་དཔྱད་ཀྱི་སྒོ་ནས། ཤེས་ཚད་ཡོད་མཁན་དེ་འདྲར་ཚོང་ལས་གན་རྒྱའི་ངོས་ནས་ཉམས་བྱེད་འཇུག་དགོས་པ་རེད། དེ་འདྲ་བྱས་ཚེ། བཙན་བྱོལ་སྤྱི་ཚོགས་ནང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ནས་སླེབས་མཁན་ཉམས་ཞིབ་ཀྱི་ནུས་པ་དང་འདུན་པ་ཡོད་མཁན་གང་འཚམ་ཡོད་རྒྱུ་རེད་བསམ། དེ་མ་གཏོགས། སྲིད་བྱུས་ཉམས་ཞིབ་ཁང་ནང་དུ་ལས་བྱེད་བསྡུས་རུང་མཐུན་རྐྱེན་གང་ཐད་ནས་ཡོང་མཁན་ཡོད་པ་མ་རེད་ལ། ད་ཡོད་ཀྱི་ལས་ཀྱི་སྣེ་མོ་བ་དེ་ཚོས་ཀྱང་གྲུང་འབྲས་ཆེན་པོ་ཞིག་འཐོན་མི་ཐུབ་པ་ནི་ཟུར་ལྟོས་ལེབ་མཐོང་རེད། ཕྱི་རྒྱལ་གྱི་ཉམས་ཞིབ་པ་རེ་འགའི་ཉམས་ཞིབ་དེབ་ལས་ཡར་བཤུས་མར་བཤུས་ཀྱིས་རྩོམ་ཐུང་རེ་སྒྲིག་ཐུབ་ཀྱིས་ཉི་མ་གཏོང་ཐབས་རང་རེད། སྐད་ཆ་དྲང་མོར་བཤད་ཡིན།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 9 སྔོན།

    བོད་མིས་བོད་ནང་ལ་ཞིབ་འཇུག་བྱེད་མ་ཐུབ་པ་དེ་བོད་གནས་ཉམས་པའི་ནང་དུ་བོད་ནང་ལ་ཤེས་རྟོགས་ཡོད་མཁན་དང་དོ་སྣང་བྱེད་མཁན་ཉུང་དྲག་པ་ཁོ་ནས་ལན་པ་རེད། སྔར་ཡིན་ན་བོད་གཞུང་གི་བོད་གནས་ཉམས་ཞིབ་ཁང་ལ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཤེས་ལྡན་པ་མི་ཉུང་བ་ཞིག་ཡོད་པ་དང་། ཁོ་ཚོ་ནི་ཅི་འདྲ་བཤད་ཀྱང་བོད་ནས་ཡོང་བ་ཡིན་པས་བོད་ནང་ལ་ཅུང་རྒྱུས་ཅན་དང་གནས་ཚུལ་འཚོལ་བདེ་ཡོད་པ། རང་གི་ཕ་མ་སྤུན་མཆེད་སོགས་བོད་ནང་དུ་ཡོད་པ་སོགས་གང་ལྟར་བོད་ནང་ལ་དོ་སྣང་བྱེད་པ་དེ་རང་བཞིན་གྱིས་ཤོར་འགྲོ་བ་འདྲ་བོ་ཞིག་ཡོད་པ་རེད། ད་དུང་བོད་ནང་གི་གཞོན་མང་པོས་དྲ་རྒྱ་འདྲ་མིན་བེད་སྤྱོད་བྱེད་བཞིན་པ་མང་ཆེ་བ་རྒྱ་ཡིག་གི་འབྲེལ་བ་རེད། བེ་བོད་དང་སྤཀད་འཕྲིན། ཁེ་ཁེ་སོགས་ཚང་མང་རྒྱ་ཡིག་བེད་སྤྱོད་བརྒྱ་ཆའི་དགུ་ཅུ་ཡན་རེད། ཉིན་རེའི་རང་གི་སེམས་ཚོར་འབྲི་ནའང་རྒྱ་ཡིག་བེད་སྤྱོད་བྱེད་བཞིན་འདུག དེའི་སྟབས་ཀྱིས་བོད་གནས་ཞིབ་པ་མང་པོས་རྒྱ་ཡིག་མི་ཤེས་པ་དང་། ཤེས་ཀྱང་དེར་རང་བཞིན་གྱིས་དོ་དབྱིངས་མེད་པ་རེད།
    སྔར་གྱི་བོད་གནས་ཉམས་ཞིབ་པ་མང་ཆེ་བས་རྒྱ་ཡིག་གཏིང་ཟབ་ཤེས་པ་མ་ཟད། རྒྱའི་རིག་གཞུང་ལའང་རྒྱུས་མངའ་ཆེ་བ་དང་དེར་དོ་དབྱིངས་པ་ཡོད་པ་དེ་འདྲ་རེད།
    དེང་སྐབས་དེ་ལས་ལྡོག་སྟེ་བོད་གནས་ཉམས་ཞིབ་པ་མང་ཆེ་བ་བོད་ཕྱི་སྐྱེས་ཏེ་འཚར་ལོངས་བྱུང་པ་ཤ་སྟག་ཡིན་པས་བོད་ནང་ལ་དོ་དབྱིངས་ཆུང་བ་དང་རྒྱུས་མེད་པ། འབྲེལ་ལན་དང་རྒྱུ་ལམ་ཉུང་བ་སོགས་རྒྱུ་རྐྱེན་དུ་བྱས་ནས་རང་བཞིན་གྱིས་བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱ་ཁེག་པོ་ཡོང་གི་རེད། གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་ཁག་གི་བོད་ནང་གི་གནས་ཚུལ་རྒྱུས་ལོན་བྱེད་ས་ཚང་མ་བཙན་བྱོལ་དུ་ཡོད་པའི་བོད་ནང་ལ་ཕ་མ་སྤུན་མཆེན་ཡོད་པ་ཁ་སྟག་བརྒྱུད་དགོས་པ་ལས། ཆེད་དུ་ཉམས་ཞིབ་བྱེད་སའི་འབྲེལ་ལམ་གང་ཡང་མེད་པ་རེད། དེར་བརྟེན་བོད་ལ་ཉམས་ཞིབ་བྱེད་དཀའ་བའི་གནས་ཚུལ་འདི་བྱུང་བ་རེད། ད་སྐད་ཤོར་ནས་མི་བཞུགས་པར་བོད་གནས་ཉམས་ཞིབ་བྱེད་དགོས་པ་ཡིན་ན་བོད་ནང་ནས་གསར་དུ་འབྱོར་བའི་རྒྱུ་ཡིག་གི་རྨང་གཞི་ཡོད་པ་དེ་ཚོར་སློབ་སྦྱོང་སྤྲོད་པ་དང་། རྒྱ་ཡིག་རང་སྐྱ་འཕེར་བའི་མི་སྣ་བསྡུ་བསྐོང་གིས་རྒྱ་ནག་ལ་ཉམས་ཞིབ་བྱེད་དགོས་པ་རེད། བཙན་བྱོལ་དཀྱིལ་འཁོར་ནང་དུ་རྒྱ་ཡིག་མཁྱེན་མཁན་ལས་བྱ་རྙིང་གྲས་འགའ་ཡོད་པ་དེ་ཚོར་རྒྱ་ནག་ཞནམས་ཞིབ་པ་གཞོན་པ་གསོ་སྐྱོང་བྱེད་དུ་འཇུག་དགོས་པ་རེད། ཁོང་ཚོ་རྒྱ་ནག་ཉམས་ཞིབ་སྡེ་ཚན་ནམ། དེ་དང་འབྲེལ་བ་ཡོད་པའི་ལས་ཁུངས་སུ་བསྐོང་འགུག་བྱེད་དགོས་པ་རེད།
    འོ་ཡ། ད་དེ་ཚོ་ཚང་མ་བསམ་ཚུལ་ཙམ་ལས་གཞན་ཅང་མེད། ཞུ་ཚོད་མ་ཐུབ་པ་ཡོད་ན་དགོངས་སེལ་ཞུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 9 སྔོན།

    བོད་མིས་བོད་ནང་ལ་ཞིབ་འཇུག་བྱེད་མ་ཐུབ་པ་དེ་བོད་གནས་ཉམས་པའི་ནང་དུ་བོད་ནང་ལ་ཤེས་རྟོགས་ཡོད་མཁན་དང་དོ་སྣང་བྱེད་མཁན་ཉུང་དྲག་པ་ཁོ་ནས་ལན་པ་རེད། སྔར་ཡིན་ན་བོད་གཞུང་གི་བོད་གནས་ཉམས་ཞིབ་ཁང་ལ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཤེས་ལྡན་པ་མི་ཉུང་བ་ཞིག་ཡོད་པ་དང་། ཁོ་ཚོ་ནི་ཅི་འདྲ་བཤད་ཀྱང་བོད་ནས་ཡོང་བ་ཡིན་པས་བོད་ནང་ལ་ཅུང་རྒྱུས་ཅན་དང་གནས་ཚུལ་འཚོལ་བདེ་ཡོད་པ། རང་གི་ཕ་མ་སྤུན་མཆེད་སོགས་བོད་ནང་དུ་ཡོད་པ་སོགས་གང་ལྟར་བོད་ནང་ལ་དོ་སྣང་བྱེད་པ་དེ་རང་བཞིན་གྱིས་ཤོར་འགྲོ་བ་འདྲ་བོ་ཞིག་ཡོད་པ་རེད། ད་དུང་བོད་ནང་གི་གཞོན་མང་པོས་དྲ་རྒྱ་འདྲ་མིན་བེད་སྤྱོད་བྱེད་བཞིན་པ་མང་ཆེ་བ་རྒྱ་ཡིག་གི་འབྲེལ་བ་རེད། བེ་བོད་དང་སྤཀད་འཕྲིན། ཁེ་ཁེ་སོགས་ཚང་མང་རྒྱ་ཡིག་བེད་སྤྱོད་བརྒྱ་ཆའི་དགུ་ཅུ་ཡན་རེད། ཉིན་རེའི་རང་གི་སེམས་ཚོར་འབྲི་ནའང་རྒྱ་ཡིག་བེད་སྤྱོད་བྱེད་བཞིན་འདུག དེའི་སྟབས་ཀྱིས་བོད་གནས་ཞིབ་པ་མང་པོས་རྒྱ་ཡིག་མི་ཤེས་པ་དང་། ཤེས་ཀྱང་དེར་རང་བཞིན་གྱིས་དོ་དབྱིངས་མེད་པ་རེད།
    སྔར་གྱི་བོད་གནས་ཉམས་ཞིབ་པ་མང་ཆེ་བས་རྒྱ་ཡིག་གཏིང་ཟབ་ཤེས་པ་མ་ཟད། རྒྱའི་རིག་གཞུང་ལའང་རྒྱུས་མངའ་ཆེ་བ་དང་དེར་དོ་དབྱིངས་པ་ཡོད་པ་དེ་འདྲ་རེད།
    དེང་སྐབས་དེ་ལས་ལྡོག་སྟེ་བོད་གནས་ཉམས་ཞིབ་པ་མང་ཆེ་བ་བོད་ཕྱི་སྐྱེས་ཏེ་འཚར་ལོངས་བྱུང་པ་ཤ་སྟག་ཡིན་པས་བོད་ནང་ལ་དོ་དབྱིངས་ཆུང་བ་དང་རྒྱུས་མེད་པ། འབྲེལ་ལན་དང་རྒྱུ་ལམ་ཉུང་བ་སོགས་རྒྱུ་རྐྱེན་དུ་བྱས་ནས་རང་བཞིན་གྱིས་བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱ་ཁེག་པོ་ཡོང་གི་རེད། གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་ཁག་གི་བོད་ནང་གི་གནས་ཚུལ་རྒྱུས་ལོན་བྱེད་ས་ཚང་མ་བཙན་བྱོལ་དུ་ཡོད་པའི་བོད་ནང་ལ་ཕ་མ་སྤུན་མཆེན་ཡོད་པ་ཁ་སྟག་བརྒྱུད་དགོས་པ་ལས། ཆེད་དུ་ཉམས་ཞིབ་བྱེད་སའི་འབྲེལ་ལམ་གང་ཡང་མེད་པ་རེད། དེར་བརྟེན་བོད་ལ་ཉམས་ཞིབ་བྱེད་དཀའ་བའི་གནས་ཚུལ་འདི་བྱུང་བ་རེད། ད་སྐད་ཤོར་ནས་མི་བཞུགས་པར་བོད་གནས་ཉམས་ཞིབ་བྱེད་དགོས་པ་ཡིན་ན་བོད་ནང་ནས་གསར་དུ་འབྱོར་བའི་རྒྱུ་ཡིག་གི་རྨང་གཞི་ཡོད་པ་དེ་ཚོར་སློབ་སྦྱོང་སྤྲོད་པ་དང་། རྒྱ་ཡིག་རང་སྐྱ་འཕེར་བའི་མི་སྣ་བསྡུ་བསྐོང་གིས་རྒྱ་ནག་ལ་ཉམས་ཞིབ་བྱེད་དགོས་པ་རེད། བཙན་བྱོལ་དཀྱིལ་འཁོར་ནང་དུ་རྒྱ་ཡིག་མཁྱེན་མཁན་ལས་བྱ་རྙིང་གྲས་འགའ་ཡོད་པ་དེ་ཚོར་རྒྱ་ནག་ཞནམས་ཞིབ་པ་གཞོན་པ་གསོ་སྐྱོང་བྱེད་དུ་འཇུག་དགོས་པ་རེད། ཁོང་ཚོ་རྒྱ་ནག་ཉམས་ཞིབ་སྡེ་ཚན་ནམ། དེ་དང་འབྲེལ་བ་ཡོད་པའི་ལས་ཁུངས་སུ་བསྐོང་འགུག་བྱེད་དགོས་པ་རེད།
    འོ་ཡ། ད་དེ་ཚོ་ཚང་མ་བསམ་ཚུལ་ཙམ་ལས་གཞན་ཅང་མེད། ཞུ་ཚོད་མ་ཐུབ་པ་ཡོད་ན་དགོངས་སེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist