མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཁྱིམ་ཚང་གཅིག་ལ་བཟོས་པའི་མི་ཐོག་གསུམ་གྱི་རྨ་ཁ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཚོགས་པའི་དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་བཅས་ཀྱིས། ཟླ་འདིའི་ཚེས་ ༣ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་པ་རྨེའུ་ཡི་བོད་མི་ ༣ ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གཉིས་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་རམ་ས་ལའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་གསུམ་གྱིས། ཟླ་འདིའི་ཚེས་ ༣ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོ་ལགས་དང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས། རྨེའུ་རུ་མའི་རུ་ཆེན་བཞི་པའི་མར་ལི་ཚང་གི་དགེ་འཕེལ་ལགས་བཅས་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གཉིས་གསུམ་གྱི་་ཁྲིམས་བཅད་པ་མ་ཟད་ཆབ་སྲིད་ཁེ་དབང་འཕྲོག་རྒྱུའི་ཐག་གཅོད་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་གསར་འགོད་སྒྲོག་སྦྱངས་གནང་དོན། ༢༠༡༤ ལོའི་ ༡༡ ཚེས་ ༣ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་མི་གསུམ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ཡང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོ་ལགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས་ལ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག རྨེའུ་རུ་མའི་རུ་ཆེན་བཞི་པའི་མར་ལི་ཚང་གི་དགེ་འཕེལ་ལགས་ལ་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁོང་ཚོའི་ཆབ་སྲིད་དབང་ཆ་འཕྲོག་རྒྱུའི་ཐག་གཅོད་བྱས་ཡོད་འདུག ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་གསུམ་ལ་ཁྲིམས་ཐག་གཅོད་དགོས་པའི་རྒྱབ་ལྗོངས་སྐོར་ལ། ཐེངས་འདིའི་ཉེས་འཛུགས་ཀྱི་རྒྱུ་རྐྱེན་ཡང་སྒྲོལ་མ་མཚོ་ལགས་ཀྱིས། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༣ ཉིན་རྔ་པ་རྫོང་རྨེའུ་རུ་མའི་ཡུལ་ཚོའི་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་གནང་སྐབས་སྒྲོལ་མ་མཚོ་ལགས་ཀྱིས་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་བྱས་པ་སོགས་ཀྱིས་དོགས་གཞིའི་འོག་འཇུ་བཟུང་གིས་ཟླ་བ་བཅུ་གཅིག་རིང་བཀག་ཉར་བྱས་ཏེ་མི་བསད་པའི་ནག་ཉེས་ཁས་ལེན་དང་། རོགས་པ་སུ་ཡོད་བརྗོད་དགོས་པའི་འདྲི་གཅོད་བྱེད་སྐབས་གཅར་རྡུང་དང་མནར་གཅོད་སྣ་རྒུ་བཏང་ཡོད་ལ། གོང་ཚེས་ཁྲིམས་ཐག་གཅོད་ཉིན་ཀྱང་ཁྲིམས་རྭ་ནས་ཁོང་མོར་ནག་ཉེས་ཁས་ལེན་དགོས་པའི་བཙན་སྐུལ་བྱས་ཤིང་། དེ་ཉིན་ཁྲིམས་ཁང་ནས་གོང་གསལ་མི་གསུམ་ལ་ནག་མེད་ནག་འགེལ་གྱིས་ཁྲིམས་ཐག་བཅད་ཡོད་ལ། རྨེའུ་རུ་མའི་རུ་ཆེན་གཉིས་པའི་སྒྲོལ་མཚོ་ཚང་གི་བུ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་ལགས་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཞེ་ཆུང་ཚང་གི་བུ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་བློ་བཟང་རྒྱ་མཚོ་གཉིས་ལ་རྒྱུ་མཚན་འདི་ཡིན་གསལ་ཁ་མེད་པར་ད་དུང་ཁྲིམས་ཐག་མ་བཅད་པར་བཀག་ཉར་འོག་ཡོད་པ་དང་། དེ་དང་མཉམ་དུ་རྨེའུ་རུ་མ་ཡིན་པ་ཙམ་ལས་སྐྱ་སེར་གང་ཡིན་དང་ཁྱིམ་ཚང་། རུ་སྡེ་སོགས་མི་ཤེས་པའི་བོད་མི་ལྔ་བཙོན་འཇུག་འོག་གནས་ཡོད་ཅེས་བརྗོད་སོང་།

དེ་རྗེས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཁོ་རང་གི་ཕ་མ་གཅིག་པའི་སྲིང་མོ་སྒྲོལ་མ་མཚོ་ལགས་ལ་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་ཁྲིམས་ཐག་ལོ་གསུམ་བཅད་པ་དང་འབྲེལ། ཁོ་རང་གི་ནང་མིའི་འཐབ་རྩོད་དང་འབྲེལ་བའི་སྐོར་ལ་བརྗོད་དོན། ཟླ་འདིའི་ཚེས་ ༣ ཉིན་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་གཅོད་བྱེད་དོན་གཙོ་བོ། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༣ ཉིན་རྔ་པ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་ལ་བཀག་ཉར་འོག་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་འདུག ཁོ་མོར་ཁྲིམས་ཐག་གཅོད་མཁན་རྣམས་ཀྱིས་མི་བསད་པའི་ནག་ཉེས་ཁས་ལེན་གཙང་མ་བྱས་ན། ཁྲིམས་ཐག་ཇེ་ཉུང་དང་མ་འོངས་པར་འགྲོ་འདུག་སྤྱོད་གསུམ་ཐད་ལ་སྟངས་འཛིན་བྱེད་ཕྱོགས་ཇེ་ལེགས་སུ་གཏོང་ངེས་ཡིན་སྐོར་ཟེར་སྐབས། ཁོ་མོས་ཁྲོམ་རྭ་རང་ནས་སྐད་ཤུགས་མཐོན་པོའི་སྒོ་ནས་ངས་དཀོན་མཆོག་ཚེ་བརྟན་ལགས་ ཀྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གཞན་གང་ཡང་བྱས་ མྱོང་མེད་ལ། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་དབང་ཤེད་བཙན་པོས་ཁྲིམས་བཤེར་བཤད་པ་ལྟར་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག ད་སྐབས་མོའི་ཁྱིམ་ཚང་ཤུལ་དུ་བཟའ་ཟླ་དབང་འདུས་ལགས་དང་བུ་མོ་ལོ་ ༡༢ ཡིན་པའི་ཚུལ་ཁྲིམས་སྒྲོལ་མ་གཉིས་ལྷག་ཡོད་ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་སྒྲོལ་མ་མཚོ་དང་མཉམ་དུ་རྔ་པ་རྫོང་རྨེའུ་རུ་མའི་ཡུལ་མི་ ༢༠ ལྷག་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་དང་ཉི་ཤུའི་བར་ནས་ཁག་ཅིག་གློད་གྲོལ་བཏང་འདུག་ཀྱང་། དེའི་ནང་ནས་མི་བཅུ་ནག་ཉེས་ཆེ་ཤོས་ཅན་ལ་བརྩིས་ཏེ་ད་ལྟའི་བར་ཟླ་བ་བཅུ་གཅིག་གི་རིང་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པའི་ཁོངས་ནས། ཟླ་འདིའི་ཚེས་ ༣ ཉིན་རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་རྨེའུ་རུ་མའི་རུ་ཆེན་བཞི་བའི་མར་ལི་ཚང་གི་དགེ་འཕེལ་ལ་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ནས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག གཞན་ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་སྒྲོལ་མཚོ་ཚང་གི་ཡིན་ཞིང་རྔ་པ་ཀིརྟི་དགོན་པའི་གྲྭ་བསྟན་པ་དང་། ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཞི་ཆུང་ཚང་གི་ཡིན་པའི་རྔ་བ་ཀིརྟི་དགོན་ པའི་གྲྭ་བློ་བཟང་རྒྱ་མཚོ་གཉིས་ལ་ད་དུང་ཁྲིམས་ཐག་བཅད་མེད་པའི་རྒྱུ་མཚན་གང་ ཡང་གསལ་འདོན་བྱས་མི་འདུག གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་རྨེའུ་རུ་མ་ནས་ཡིན་པ་ཙམ་ལས་སེར་སྐྱ་སུ་ཡིན་ དང་མིང་། ཁྱིམ་ཚང་དང་རུ་སྡེ་སོགས་མི་ཤེས་པའི་མི་ལྔ་ད་དུང་བཙོན་འཇུག་བྱས་ཡོད་འདུག ཅེས་བརྗོད་སོང་།

ཁོས་མི་ཐོག་གསུམ་གྱི་གནས་བབ་སྐོར་ལ། ངའི་ཁྱིམ་ཚང་ནི་རྔ་པ་རྫོང་གི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་ཟེར་ཞིང་། ངའི་སྤོ་སྤོ་དགེ་པད་ལི་ལ་རྒྱ་གཞུང་གིས་ལོ་དགུའི་ཁྲིམས་ཐག་བཅད་ནས་བཙོན་ཁང་ དུ་གྲོངས་པ་དང་། རྨོ་རྨོ་བསོད་ནམས་སྐྱིད་ལའང་ནག་ཉེས་ཆེ་བའི་ཞྭ་མོ་ཅན་གོན་ནས་གཅར་རྡུང་དྲག་ པོའི་ཁྲོད་གྲོངས་ཡོད། དེ་བཞིན། ༡༩༩༨ ལོ་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས་ངའི་ཨ་ཕ་དགེ་རིག་ལ་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་ཉེས་མིང་འོག་ཟླ་བ་གཅིག་ལྷག་རིང་གཅར་རྡུང་བཙོན་འཇུག་ཐེངས་དང་པོ་བྱས་ཡོད། ༢༠༠༨ ལོ་ཟླ་ ༣ ཚེས་ ༡༧ ཉིན་ཨ་ཕ་ལགས་ཀྱིས་བོད་ནང་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་གཅར་རྡུང་ཐེངས་གཉིས་པ་བྱས་ཡོད། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་སྐོར་གྱི་གནས་ཚུལ་ཨ་ཕས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་རིང་གཅར་རྡུང་བཙོན་འཇུག་ཐེངས་གསུམ་པ་བྱས་ཡོད། སྐབས་དེར་ངའི་ཨ་མ་དོན་ཁོ་ལ་ཉིན་ཤས་རིང་གཅར་རྡུང་དང་བཀག་ཉར་བྱས་པ་མ་ཟད། ངའི་སྲིང་མོ་མེ་ཏོག་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བྱས་ཏེ་ཀླད་པ་སྐྱོན་ཅན་བཟོས་ཡོད་སྟབས། ངའི་ནང་མིའི་ཉེ་འབྲེལ་གྱི་སྐྱ་སེར་མང་པོ་ཞིག་བྲོས་བྱོལ་དང་ཉེན་ཡོལ་དུ་འགྲོ་དགོས་པའི་དཀའ་ངལ་མང་པོ་བྱུང་ཡོད། དེ་དག་ནི་རྒྱ་གཞུང་གིས་ཁྱིམ་ཚང་གཅིག་ལ་བཟོས་པའི་མི་ཐོག་གསུམ་གྱི་རྨ་ཁ་ཡིན་ལ། ཁྱིམ་ཚང་གཅིག་གི་གནས་བབ་ཀྱིས་ས་ཁུལ་དེ་ལ་བྱུང་བའི་ཡ་ང་བའི་ལོ་རྒྱུས་མཚོན་ཐུབ་ཀྱི་ཡོད་ཅེས་སོགས་བརྗོད་སོང་།

ཚོགས་གཙོ་པ་སངས་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུ་དོན། དགུ་བཅུ་གསུམ་ངོས་ནས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་མགོ་འཁྲིད་པའི་ད་ལྟའི་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་དུས་རྟག་བསྒྲགས་དང་སྒྲོག་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཉེ་ཆར་པེ་ཅིན་དུ་སྐོང་ཚོགས་བྱས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་འཛུགས་རྒྱུ་ཡིན་ལུགས་བརྗོད་པ་དག་ཁ་ཞེ་གཉིས་མཚུངས་ཤིག་གནང་འདོད་ཡོད་ཚེ། བོད་མི་ཉེས་མེད་ཉེས་བཀལ་བྱས་པའི་སྒྲོལ་མ་མཚོ་ལགས་དང་དཀོན་མེ་ལགས། དགེ་འཕེལ་ལགས་ཀྱིས་གཙོས་རྒྱ་ནག་སྲིད་གཞུང་གི་བཙོན་བཅུག་འོག་ཡོད་པའི་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་ཀློད་གྲོལ་དང་ཁོང་ཚོར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཆ་ཚང་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག རྒྱ་ནག་དང་བོད་ནང་ཕེབས་འཆར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་གི་དཔོན་རིགས་སུ་ཞིག་ཡིན་རུང་ཉེས་མེད་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དང་། བོད་མི་ཚོ་ལའང་འགྲོ་འདུག་སྤྱོད་གསུམ་མཚོན་པའི་འགྲོ་བ་ཐོབ་ཐང་ཆ་ཚང་བ་ཞིག་སྤྲོད་དགོས་པའི་སྔོན་འགྲོའི་ཆ་རྐྱེན་གྱི་དགོས་འདུན་འདོན་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཞེས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese