མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷེལ་ཇམ་རྒྱལ་སར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མང་ཚོགས་ཆིག་འབུམ་ལྷག་གིས་བྷེལ་ཇམ་རྒྱལ་སའི་གཞུང་ལམ་ཐོག་ཐོན་ཏེ་གཞུང་གི་དཔལ་འབྱོར་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག

ཁ་སང་བྷེལ་ཇམ་རྒྱལ་ས་སྦར་སིལ་ནང་བྷེལ་ཇམ་ཚོང་པའི་ལྷན་ཚོགས་དང་གཡོན་ཕྱོགས་པའི་གོ་སྒྲིག་འོག མང་ཚོགས་ཆིག་འབུམ་གཉིས་ཁྲི་ལྷག་འདུ་འཛོམ་གྱིས་གཞུང་ལ་ངོ་རྒོལ་བྱས་ཏེ། གཞུང་ལམ་ཁག་གི་ཐོག་རླངས་འཁོར་མེར་བསྲེགས་བཏང་བ་སོགས་བྱས་སྐབས་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཏེ་མི་ ༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། གཞན་མི་ ༣༠ ཙམ་བཀག་བསྐྱིལ་བྱས་ཡོད་འདུག

ཐེངས་འདིའི་ངོ་རྒོལ་ལས་འགུལ་དེར་ནི། གཞུང་གིས་རྒས་ཡོལ་གྱི་ལོ་ཚད་ ༦༥ ནས་ ༦༧ བར་སྤར་བ་དང་། ལས་བཟོ་བའི་གླ་ཆ་མར་ཆག་པ། འགྲིམ་འགྲུལ་གྱི་མཐུན་རྐྱེན་ཇེ་ཉུང་དུ་བཏང་བ། གུ་ཡངས་ཚོང་འབྲེལ་སྲིད་ཇུས་ལ་བཅོས་བསྒྱུར་བཏང་བ་སོགས་ལ་བརྟེན་ཏེ། ལས་བཟོ་བ་དང་མང་ཚོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་སྟབས། ཐེངས་འདིར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག་ཅིང་། འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག

བྷེལ་ཇམ་གཞུང་གིས་གསར་ལམ་དུ། “ད་རེབ་སྲི་ཚགས་ཅན་གྱི་དཔལ་འབྱོར་སྲིད་བྱུས་འདི་ལག་བསྟར་བྱེད་དགོས་དོན་ནི། དཔལ་འབྱོར་ཉམས་ཉེས་ཀྱི་དབང་གིས་གཞུང་དངུལ་གྱི་བྱུང་སོང་ཁ་འདོམ་ཐུབ་ཀྱི་མེད་སྟབས། མ་འོངས་པར་སྲིད་བྱུས་འདི་བརྒྱུད་དཔལ་འབྱོར་འཕེལ་རྒྱས་སླར་གསོ་ཐུབ་ཐབས་ཤིག་ཡིན་པ་མ་ཟད། ཚོང་དོན་ཐོག་དཔྱ་ཁྲལ་ཆག་ཡང་བཏང་ནས་རྒྱལ་སྤྱིའི་ཁྲོམ་རྭའི་ཐོག་སྔར་ལྷག་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐུལ་སློང་བཅངས་ནས་ལག་བསྟར་བྱས་པ་ཞིག་ཡིན་ཡང་། མང་ཚོགས་མང་པོ་ཞིག་གིས་སྲིད་བྱུས་འདིར་འདོད་མོས་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་སྟབས། ང་ཚོས་གྲོས་མོལ་བརྒྱུད་དཀའ་རྙོག་དེ་སེལ་ཐུབ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

ངོ་རྒོལ་བ་ཧྥེ་ལེབ་(Philippe Dubois) ལགས་ཀྱིས་ཨེ་སྦི་སི་གསར་ལམ་ཐོག “གཞུང་གིས་དབྱིན་སྒོར་ས་ཡ་ ༡༠ ཙམ་སྐྱོབ་ཆེད་མ་ཟད། ཚོང་ལས་ཐོག་དཔྱ་ཁྲལ་ཇེ་ཉུང་དུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ལ་ཤུགས་བརྒྱབ་སྟེ་མི་མང་དཀྱུས་མ་དང་ལས་མེད་ཚོར་བཤུ་གཞོག་གཏོང་གིན་འདུག” ཅེས་བརྗོད་འདུག

འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བ་ནས་བཟུང་། ད་བར་བྷེལ་ཇམ་ནང་སྦྱིན་བདག་དང་ལས་མིའི་བར་གླ་ཆ་དང་མཐུན་རྐྱེན་སྤྲོད་ཕྱོགས་ཐོག་མ་མཐུན་པ་མང་པོ་བྱུང་ཡོད་སྟབས། གཞུང་འཛིན་རིམ་པས་དཀའ་རྙོག་དེ་སེལ་རྒྱུའི་ཐབས་ལམ་མང་པོ་བཙལ་ཡང་གྲུབ་འབྲས་ཆེན་པོ་ཐོན་མེད་སྟབས། ལྟ་བ་ལངས་ཕྱོགས་མི་གཅིག་པའི་ཆབ་སྲིད་ཚོགས་པ་གསུམ་ལས་གྲུབ་པའི་བྷེལ་ཇམ་གྱི་མནའ་འབྲེལ་སྲིད་གཞུང་གིས་ཕྱོགས་འགལ་ཚོགས་པ་དང་ཚོང་པའི་ལྷན་ཚོགས་ཀྱིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར། རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་འགྲོ་ཐབས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་བྱས་ཏེ་རྒས་ཡོལ་གྱི་ལོ་ཚད་སྤར་བ་དང་། ལས་མི་ཚོའི་གླ་ཆ་དང་འགྲིམ་འགྲུལ་མཐུན་རྐྱེན་ཇེ་ཞན་དུ་བཏང་བ་སོགས་ལ་བརྟེན་ཏེ། ཁ་སང་མང་ཚོགས་ཆིག་འབུམ་ལྷག་གིས་ལག་ཏུ་༼ གཞུང་གིས་དོན་རྐྱེན་འདིའི་རྒྱུ་རྐྱེན་མེད་པ་བཟོ་དགོས་པ་ལས་ཉམ་ཐག་ཚོ་མེད་པ་བཟོ་མི་རུང་། ང་ཚོར་རྒས་ཡོལ་གྱི་ལོ་ཚད་སྤར་བ་དེ་མེད་པ་བཟོ་དགོས་པ་ལས་ཁེ་ལས་པའི་འདོད་རྔམ་དེ་དགོས་དོན་མེད།༽ཅེས་སོགས་བྲིས་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱས་པ་ཞིག་ཡིན་འདུག

མདང་དགོང་བྷེལ་ཇམ་གཞུང་གིས་ཚོང་པའི་ལྷན་ཚོགས་ཀྱི་མགོ་ཁྲིད་རུ་ཌི་ (Rudy De Leeuw) དང་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་ཐུབ་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཀྱང་། གོང་གསལ་ཚོགས་པ་གཉིས་ཀྱིས་མོས་མཐུན་བྱས་མེད་པ་མ་ཟད། ངོ་རྒོལ་ལས་འགུལ་འདི་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད། ཟླ་ ༡༢ ཚེས་ ༡༥ ཉིན་ཚོང་པའི་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ནང་ལས་མཚམས་འཇོག་པའི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟའི་བྷེལ་ཇམ་གྱི་དཀའ་རྙོག་དེ་ནི་དཔལ་འབྱོར་བཅོས་སྒྱུར་གྱི་སྲིད་ཇུས་ལས་ ཐོན་པ་ཞིག་ཡིན་སྟབས། ཇི་སྲིད་དཔལ་འབྱོར་སྲིད་ཇུས་དེར་འགྱུར་བ་མ་བཏང་བར་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese