མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུང་ཙིའི་རྒྱབ་ཀྱི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

བདུན་ཕྲག་གཉིས་སྔོན་ལ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་རྟེན་གཞི་བྱས་པའི་ཤེས་ཡོན་ལྷན་ཚོགས་ཀྱིས་ཁེ་ན་ཌའི་ནང་། རྒྱ་ནག་གི་ཁུང་ཙི་སློབ་གླིང་འཛུགས་རྒྱུར་མོས་མཐུན་མེད་པའི་ཐག་གཅོད་བྱས་པ་དེ། ནུབ་ཕྱོགས་སུ་རྒྱ་ནག་གཞུང་གི་དམིགས་ཡུལ་གཅིག་ལ་ཕམ་ཁ་ཉོས་པ་གསུམ་པ་དེ་རེད། ཐེངས་དང་བོར་ལོ་གཉིས་ཀྱི་གོང་ལ་ཨོ་སི་ཊོ་ལི་ཡའི་ཁུང་ཙི་སློབ་གླིང་ཞིག་ཏུ་གླེང་རྙོག་ཅིག་བྱུང་ཡོད་ཅིང་། དེ་དང་འབྲེལ་ནས་དབྱིན་ཡུལ་ལོན་ཌོན་དུའང་ཁུང་ཙི་སློབ་གླིང་སྐོར་ལ་གླེང་སློང་ཆེན་པོ་བྱུང་ཡོད། གཉིས་པ་ད་ལོའི་ལོ་མགོར་ཨ་རིའི་གཙུག་ལག་སློབ་དཔོན་ཐུན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ་ཁུང་ཙི་སློབ་གླིང་གི་དམིགས་ཡུལ་དང་ལས་འགན་སོགས་ལ་ཐེར་འདོན་བྱས་ཡོད།

ཨ་རིའི་གཙུག་ལག་སློབ་དཔོན་ཐུན་ཚོགས་ཀྱིས་འདི་ལྟར་བརྗོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འཇམ་པོའི་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྣང་བརྙན་ཇེ་ཡག་ཏུ་གཏོང་ཆེད་འཛམ་གླིང་གང་སའི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་སོགས་སུ་ཁུང་ཙི་སློབ་གླིང་ཟེར་བའི་ཚན་པ་གསར་འཛུགས་བྱས་ཏེ། རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་སྐོར་སློབ་ཁྲིད་བྱེད་བཞིན་ཡོད། སློབ་གྲྭའམ་གཙུག་ལག་སློབ་གྲྭ་གང་ཞིག་གིས་ཁུང་ཙི་སློབ་གླིང་དང་ཤེས་ཡོན་བརྗེ་ལེན་ལ་གན་རྒྱ་བཞག་ཚེ་རྒྱ་ནག་གཞུང་གིས་དངུལ་ཧ་ཅང་ཕོན་ཆེན་སྤྲོད་བཞིན་ཡོད་ཀྱང་། ཚོགས་སྡེ་གང་ཞིག་གིས་ལས་གཞི་འདིར་གན་རྒྱ་བཞག་རྗེས་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་ཆགས་ཡོད་ཅེས་བརྗོད་འདུག

སྤྱིར་བཏང་དམར་ཤོག་གི་ལམ་སྲོལ་འདིས་ཆོས་ལུགས་དང་སྲོལ་རྒྱུན་སོགས་བསམ་པའི་དཔལ་ཡོན་ལ་དགའ་མོས་དེ་ཙམ་མི་བྱེད་ལ། ལྷག་པར་དུ་རྒྱ་ནག་གཞུང་གི་ད་ལྟའི་སྲིད་ལུགས་འདིས་ “མི་ལྟེ་བར་བཞག་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ།” ཞེས་པའི་ལྟ་གྲུབ་ཀྱི་འོག་ནས་རང་དབང་དམངས་གཙོ་དང་། འདྲ་མཉམ་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྡོག་རོལ་གཏོང་གི་ཡོད་ལ། སྤྱི་ཚོགས་ནང་གི་གུས་བཀུར་གྱི་ལམ་སྲོལ་དང་། མིའི་འདུ་ཤེས་ངོས་ཀྱི་དྲིན་བཟོའི་བསམ་བློ་ལའང་བཀག་སྡོམ་བྱེད་མཁན་ཞིག་ཡིན། ཁུང་ཙི་དང་ལའོ་ཙི། རུའུ་ལུགས་ཀྱི་བསྟན་བཅོས་གསུམ་ནི་དམར་གཞུང་གིས་སྐྱེད་སྲིང་བྱས་པའི་མི་ཚོས་ཟུར་ཟ་བྱེད་ཡུལ་གཙོ་བོ་ཞིག་ཡིན།

དུས་རབས་ཉེར་གཅིག་པ་མགོ་བཙུགས་པ་དང་མཉམ་དུ། རྒྱ་ནག་གི་རུའུ་ལུགས་ཀྱི་སྟོན་པ་དང་མི་ཆོས་བསམ་བློ་བ་ཆེན་མོ་ཁུང་ཙི་འཛམ་གླིང་མཁས་པ་བཅུའི་གྲས་སུ་བདམས་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པ་མ་ཧཱ་མད་ཏི། སྟོན་པ་ཡེ་ཤུ། ཁུང་ཙི་བཞི་ལ་འཛམ་གླིང་གི་འཕགས་པའི་སྐྱེས་མཆོག་རྣམ་བཞི་ཞེས་མཚན་སྙན་རྒྱས་ཤིང་། ནུབ་ཕྱོགས་ནས་ཁུང་ཙིའི་ལྟ་གྲུབ་ལ་གདེང་འཇོག་ཐོབ་པ་སོགས་དང་བསྟུན་ཏེ། རྒྱ་གཞུང་གིས་ཀྱང་ཐབས་ཤེས་གསར་པ་ཞིག་དྲན་ཡོད། ༢༠༠༤ ལོ་ཙམ་ནས་ཁུང་ཙིའི་མཚན་གནས་བེད་སྤྱད་དེ། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཁུང་ཙི་བསྟི་གནས་ཁང་སམ། ཁུང་ཙི་སློབ་གླིང་ཞེས་པ་བརྒྱ་ཕྲག་མང་པོ་གསར་འཛུགས་བྱས་ཤིང་། གཞུང་འབྲེལ་མིན་པའི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་ཞི་བདེའི་ཞིབ་འཇུག་ལྟེ་གནས་ཟེར་བ་ཞུགས་བཙུགས་ཏེ། ༢༠༡༡ ལོའི་ཁུང་ཙིའི་ཞི་བདེའི་གཟེངས་རྟགས་དེ་ར་ཤི་ཡའི་སྲིད་འཛིན་པུ་ཊིན་ལ་སྤྲད་པའི་དགོད་གཏམ་ཞིག་ཡོད།

ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༤ ཉིན་ཁུང་ཙི་སྐུ་འཁྲུངས་ནས་ལོ་ ༢༥༦༥ འཁོར་བའི་མཛད་སྒོ་བསྡུས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ལོ་རྒྱུས་མ་བརྗེད་ན་གཞི་ནས་མ་འོངས་པ་གཏོད་ཐུབ། རྒྱུན་འཛིན་མཁས་པོ་བྱས་ན་གཞི་ནས་གསར་གཏོད་མཁས་པོ་བྱེད་ཐུབ། ཅེས་ལབ་པ་དང་། ཀྲུང་གོ་ལ་ཞི་བདེ་དགོས་པ་དང་། ཀྲུང་གོ་ཞི་བདེ་ལ་དགའ་པོ་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་རྒྱུ་ཡིན་ཞེས་སོགས་བརྗོད། ཉེ་ལམ་ཕྱི་ཟླ་ ༩ པའི་ཚེས་ ༢༨ ཉིན་སླར་ཡང་ “ སའི་གོ་ལ་ཡོངས་ནས་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་ ༡༠ འཁོར་བ།”ཞེས་པ་ཞིག་ཚོགས་ཏེ། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀས་འཛམ་གླིང་ཞི་བདེ་དང་རིག་གཞུང་བརྗེ་ལེན། མཐུན་སྒྲིལ་མཛའ་བཤེས་སོགས་ཀྱི་ཚིག་གང་ལེགས་གང་སྙན་བེད་སྤྱོད་བཏང་སྟེ་སྐུལ་སློང་བྱས་ཡོད།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་ནང་བོད་དོན་གཙོས་པའི་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རིགས་གླེང་སློང་བྱེད་མི་ཆོག་པ་མ་ཟད། རང་དབང་དམངས་གཙོ་སོགས་ལའང་ཚོད་འཛིན་བྱེད་ཀྱིན་ཡོད་པ་དེ་ཁུང་ཙི་སློབ་གླིང་གི་རང་གཟུགས་ངོ་མ་དེ་ཡིན། ལོ་རབས་དྲུག་ཅུ་བདུན་ཅུའི་ནང་ཨ་རིས་སྣེ་འཁྲིད་པའི་དམངས་གཙོ་དང་ཨུ་རུ་སུས་སྣེ་འཁྲིད་པའི་དམར་ཤོག་བར་གྱི་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད། འཛམ་གླིང་གྲང་དམག་ཆེན་མོ་མཇུག་སྒྲིལ་ཞིང་། ཨུ་རུ་སུ་འཐོར་ཞིག་ཏུ་སོང་སྟེ་དམངས་གཙོར་གྱུར་བའི་རྗེས་ལ། དམར་ཤོག་སྟོབས་ཆེ་ཤོས་དེ་རྒྱ་ནག་ཆགས་ཡོད། ད་ལྟ་སླར་ཡང་རྒྱ་ནག་གིས་ཁུང་ཙིའི་གདོང་འབག་འོག་ནས་ཞི་བདེའི་ཁ་གཡང་སྒྲོག་བཞིན་ནུབ་ཕྱོགས་ཀྲུང་རྒོལ་བ་རྣམས་ཕམ་པར་བརྒྱབ་སྟེ། དམར་ཤོག་དར་སྤེལ་གཏོང་འདོད་པའི་ཕུགས་ཀྱི་སྲིད་དོན་དམིགས་ཡུལ་ཞིག་བཟུང་སྟེ། འཛམ་གླིང་གྲང་དམག་ཆེན་མོར་དྲན་གསོ་དང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཤ་འཁོན་རྩོད་འདོད་པ་དེ་ཡང་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese