མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་རྒྱ་ནག་གི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་ཀའ་རྙོག་ཁག་དང་མ་འོངས་པར་འབྲེལ་ལམ་ཡར་རྒྱས་གཏོང་ལ་གྲོས་མོལ་བྱས་འདུག

ཟླ་འདིའི་ཚེས་ ༧ ཉིན་ནས་བཟུང་ཉིན་བཞིའི་རིང་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཞེས་པ་ཚོགས་བཞིན་ཡོད་པ་དང་བསྟུན་ཏེ། དེ་རིང་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྲིད་འཛིན་ཞི་ཅིན་ཕིན་དང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་རྣམ་གཉིས་ཐུག་འཕྲད་བྱས་ཏེ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྩོད་རྙོག་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན། ཐབས་ཇུས་དང་ཚོང་དོན་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

འདིའི་ཐད་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས། “གྲོས་མོལ་འདི་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཐབས་ཀྱི་གོམ་པ་ཐོག་མ་དེ་ཆགས་ཡོད་སྟབས། འདི་བརྒྱུད་དེ་མ་འོངས་པར་ཐབས་ཇུས་དང་ཚོང་དོན་གྱི་འབྲེལ་ལམ་གོང་མཐོར་གཏོང་ཐུབ་བྱས་ཏེ། ཕྱོགས་གཉིས་པོས་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུར་འབད་བརྩོན་བྱ་དགོས་ཀྱང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་ཡོང་རྒྱུར་ད་དུང་དུས་ཡུན་གང་འཚམ་ཞིག་འགོར་སྲིད།”ཅེས་སོགས་བརྗོད་འདུག

ཞི་ཅིན་ཕིན་གྱིས། “ད་རེབ་འབྲེལ་མོལ་འདི་བརྒྱུད་ཉི་ཧོང་གཞུང་གིས་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ས་ཡ་སུམ་ཅུ་ཡི་བདེ་འཇགས་ཆེད་ཨེ་ཤ་ཡ་མངའ་ཁུལ་ནང་ཞི་བདེ་དང་བརྟན་ལྷིང་ཡོང་ཐུབ་དང་། མ་འོངས་པར་བབས་ལྷིང་ཅན་གྱི་དམག་དོན་སྲིད་ཇུས་ཤིག་བཟུང་སྟེ་མངའ་ཁུལ་ནང་དམག་འཁྲུག་མི་འབྱུང་བའི་རེ་བ་རྒྱག་གི་ཡོད།”ཅེས་བརྗོད་འདུག

ཁ་སང་ཉི་ཧོང་གི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཀཱ་ཌོ་ (Katsunubo Kato) ཡིས། “རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་གྱི་གྲོས་མོལ་སྐབས་མཚོ་གླིང་རྩོད་རྙོག་དང་དམག་ཆེན་གཉིས་པའི་སྐབས་ཀྱི་དྲན་རྟེན་ལྷ་ཁང་ལ་མཆོད་འབུལ་བྱས་པའི་སྐོར་ལ་ཐད་ཀར་གླེང་སློང་གང་ཡང་བྱ་འཆར་ཡོད་པ་མ་རེད།” ཅེས་དང་། རྒྱ་ནག་གི་མགོ་ཁྲིད་ཡང་ཆི་ཧྲེ་ (Yang Jiechi) ཡིས། “ཉི་ཧོང་སྲིད་བློན་གྱིས་སྲིད་འཛིན་ཞི་ཅིན་ཕིན་དང་མཚོ་གླིང་རྩོད་རྙོག་དང་ལོ་རྒྱུས་ཀྱི་རྩོད་ཉོག་དག་གླེང་རྒྱུར་སྐུལ་འདེད་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

༢༠༡༢ ལོའི་ཟླ་ ༩ ནང་ཉི་ཧོང་གཞུང་གིས་རྒྱ་ནག་དང་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་ཅིག་བདག་བཟུང་བྱ་རྒྱུ་ཡིན་སྐོར་བསྒྲགས་རྗེས། རྒྱ་ནག་གིས་ཉི་ཧོང་གཞུང་ལ་སྡིགས་ར་ཐེངས་མང་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་རྒྱ་གིས་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷུར་ནི་ (Brunei) དང་མ་ལི་ཤི་ཡ། ཝེ་ཋི་ནམ། ཧྥི་ལི་ཕིན། ཐེ་ཝན་ཉི་ཧོང་བཅས་ལ་གནོན་ཤུགས་སྤྲད་ཡོད་སྟབས། ༢༠༡༣ ལོའི་ཟླ་ ༡༢ ནང་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱ་ནག་དང་ཀོ་རི་ཡའི་མི་སེར་དམར་གསོད་གཏོང་མཁན་ཉི་ཧོང་དམག་མིའི་དྲན་རྟེན་ལྷ་ཁང་ལ་མཆོད་འབུལ་དང་། རྩ་ཁྲིམས་ལ་བསྒྱུར་བཅོས་བཏང་སྟེ་དམག་དོན་སྲིད་ཇུས་གཏན་འབེབས་བྱས་ཏེ། ལོ་རེའི་དམག་དོན་སྔོན་རྩིས་བརྒྱ་ཆ་ལྔ་ལྷག་སྤར་བ་སོགས་རྒྱ་ནག་ལ་རྣམ་འགྱུར་མི་ལེགས་པ་བསྟན་སྟབས། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་སཱིན་ཁཱ་ཁཱའོ་མཚོ་གླིང་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བཏང་སྟེ། ༢༠༡༤ ལོའི་ ༥ ཚེས་ ༢ དང་ཚེས་ ༡༢། ཚེས་ ༣༡ བཅས་བཙན་འཛུལ་ཐེངས་གསུམ་དང་། དེའི་རྗེས་ཀྱང་བཙན་འཛུལ་ཐེངས་ཁ་ཤས་བྱས་ཏེ་ཉི་ཧོང་ལ་འཁོན་ལན་བསློགས་ཡོད།

ད་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཉི་ཧོང་ནང་གཟིགས་སྐོར་སྐབས། ཉི་ཧོང་སྲིད་བློན་གྱིས་རྒྱ་གར་གྱི་སྲིད་བློན་དང་ (2+2 dialogue) ཞེས་པའི་གྲོས་མོལ་གནང་སྟེ། དེ་སྔོན་རྒྱ་ནག་གིས་ཉི་ཧོང་གི་ཁེ་ལས་ཁག་ལ་མཁོ་བའི་རྒྱུ་ཆ་ (rare earths material) ཕྱིར་ཚོང་བྱེད་ཀྱིན་ཡོད་པ་དག་རྒྱ་གར་ལ་ནང་འདྲེན་བྱ་རྒྱུ་ཐག་གཅོད་བྱས་ཡོད་པ་མ་ཟད། ལོ་རེར་རྒྱ་གར་གྱིས་ཉི་ཧོང་གི་བཟོ་གྲྭ་ཁག་ལ་མཁོ་བའི་རྒྱུ་ཆ་ (rare earths material) ཌོན་ ༢༠༠༠ ནས་ ༢༣༠༠ བར་ཚོང་འབྲེལ་བྱ་རྒྱུ་དང་། ཉི་ཧོང་གིས་རྒྱ་གར་ནང་བཟོ་གྲྭ་གསར་འཛུགས་ཀྱིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢ ཀྱི་མ་འཛུགས་བྱ་རྒྱུ། དེ་བཞིན། རྒྱ་གར་ལ་རྡུལ་ཕྲན་གློག་ཤུགས་རྒྱུ་ཆ་རིགས་ཉི་ཧོང་ནས་ནང་འདྲེན་བྱ་རྒྱུ། ཉི་ཧོང་གིས་རྒྱ་གར་གྱི་མཚོ་དམག་ལ་མཁོ་བའི་འཚོལ་ཞིབ་དང་དམག་རྒྱག་གནམ་རྒྱུ་ ཕྱིར་ཚོང་བྱ་རྒྱུ། ལོ་རེའི་ནང་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་བར་དམག་སྦྱོང་དང་། ཉི་ཧོང་གི་རྒྱབ་སྐྱོར་འོག་རྒྱ་གར་ནང་མྱུར་མགྱོགས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་བཅས་ཨ་སྒོར་ཐེར་འབུམ་ ༣༣ གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་སྟབས། ཟླ་ ༩ ཚེས་ ༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་རྒྱལ་དོན་སྐོར་སྐྱོད་བྱས་ནས་སྲིད་བློན་མུ་དྷེ་ཐུག་སྟེ་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་ཚོང་དོན་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཉི་ཧོང་དང་རྒྱ་ནག་གཉིས་ཀས་རྒྱ་གར་བར་གནས་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད།

ཉེ་ལམ་ཉི་ཧོང་གི་སྲིད་བློན་ཟུར་པ་རྒྱ་ནག་ནང་སྐོར་སྐྱོད་བྱས་པ་དང་འབྲེལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་མོལ་ཡར་རྒྱས་གཏོང་ཐབས་བྱས་པ་དང་། ཟླ་འདིའི་ཚེས་ ༨ ཉིན་ཉི་ཧོང་གི་མཐོ་རིམ་དཔོན་རིགས་དང་རྒྱ་ནག་གི་མགོ་ཁྲིད་བར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་ཐུག་འཕྲད་བྱེད་ཕྱོགས་ལ་གྲོས་མོལ་བྱས་ཡོད་སྟབས། དེ་རིང་ཞི་ཅིན་ཕིན་དང་ཤིང་ཛོ་ཨ་བྷེ་གཉིས་དངོས་སུ་ཐུག་འཕྲད་བྱུང་ཡོད།  

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༡༡ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

མཆན། 1

  1. གནས་ཚང་། says:
    ལོ་ 12 སྔོན།

    སྤོ་ཨ་བྷེ་དང་རྨོ་ཤིས་ཅིན་ཕེན་གཉིས་ཀྱིས་བཟའ་འཁོན་ད་དུང་འགྲིག་མི་འདུག གདོང་པ་ནི་མེ་ལོང་ངོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese