མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་གླེང་སྟེགས་ཀྱི་ཟུར་རྒྱན།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་དང་བསྟུན་ཏེ་ཨ་རི་དང་རྒྱ་ནག་ཉི་ཧོང་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་ཕན་ཚུན་ཐུག་འཕྲད་ཀྱིས་ཚོར་བ་རྐྱེན་པའི་གནད་དོན་མང་པོར་གྲོས་མོལ་བྱས་ཡོད་འདུག

རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཚོགས་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཚོགས་འདུའི་ཐོག རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་ཚོགས་མིའི་རྒྱལ་ཁབ་ཁག་གི་བར་དཔྱ་ཁྲལ་མེད་པའི་ཚོང་ལས་གཉེར་ཕྱོགས་དང་། ཐབས་ཇུས་དང་ཚོང་དོན་འབྲེལ་བ་གོང་མཐོར་གཏོང་ཐབས། རྒྱལ་སྤྱིའི་ཁེ་ལས་ཚོས་ཚོགས་མིའི་རྒྱལ་ཁབ་ཁག་ནང་མ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་ཕྱོགས་བཅས་ལ་གྲོས་མོལ་བྱས་ཡོད་ཅིང་། དེ་རིང་ཞི་ཅིན་ཕིན་གྱིས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་བསྐྱར་གསོ་བྱ་ཕྱོགས་དང་འབྲེལ་ཏེ། ཚོགས་མིའི་རྒྱལ་ཁབ་ཁག་གིས་ཚོང་ལས་ཐོག་གུ་ཡངས་སྲིད་ཇུས་བཟུང་སྟེ། དཔྱ་ཁྲལ་མེད་པའི་ཚོང་ལས་གཉེར་རྒྱུར་ཤུགས་བརྒྱབ་སྟེ་དཔལ་འབྱོར་བསྐྱར་གསོ་བྱ་དགོས་སྟབས། རྒྱ་ནག་གིས་ཨ་སྒོར་ས་ཡ་ ༡༠ བཏོན་ཏེ་ཚོགས་མིའི་རྒྱལ་ཁབ་ཁག་གི་བར་ཕྱོགས་ཡོངས་ནས་མཉམ་ལས་ཐོག་ནུས་པ་འདོན་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཞི་ཅིན་ཕིན་གྱིས། “ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་སླར་གསོ་བྱ་རྒྱུར་གལ་རྐྱེན་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་འབྲེལ་ཡར་རྒྱས་སུ་བཏང་སྟེ། དཔལ་འབྱོར་མཉམ་ལས་ནུས་པ་ཡུན་རིང་བདེ་འཁོད་དང་། དཔྱ་ཁྲལ་མེད་པའི་ཚོང་ལས་རྒྱ་ཆེ་རུ་གཏོང་དགོས” ཞེས་དང་། “ང་ཚོས་ད་རེབ་ཀྱི་གླེང་སྟེགས་འདི་བརྒྱུད་དེ་རྒྱལ་ཁབ་ཕན་ཚུན་བར་མཉམ་ལས་ནུས་པ་ཡག་ཏུ་བཏང་སྟེ་རྒྱལ་སྤྱིའི་ཐོག་གཅིག་ཕན་གཅིག་གྲོགས་ཀྱིས་ཁྱབ་རྒྱ་ཆེ་བ་དང་བསྟུན་མཁས་ཆེ་བའི་ཚོང་དོན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་དགོས་པ་མ་ཟད། ཚོང་ཁྲལ་གུ་ཡངས་བཏང་ནས་མངའ་ཁུལ་གྱི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་གཏོང་ཐབས་དང་། དུས་རབས་ཉེར་གཅིག་འདི་ཨེ་ཤ་ཡའི་དུས་རབས་ཤིག་ཏུ་འགྱུར་རྒྱུར་འབད་བརྩོན་དང་ནུས་པ་སྤུངས་དགོས།”ཞེས་སོགས་བརྗོད་འདུག

གླེང་སྟེགས་འདི་དང་བསྟུན་ཏེ་ཁ་སང་ཞི་ཅིན་ཕིན་གྱིས་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་དང་དུས་ཡུན་སྐར་མ་ ༢༥ རིང་འཕྲད་གྲོས་མོལ་བྱས་ཏེ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྩོད་རྙོག་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན། དེ་བཞིན་དམག་ཆེན་གཉིས་པའི་སྐབས་ཀྱི་དམག་མིའི་དྲན་རྟེན་ལྷ་ཁང་ལ་མཆོད་འབུལ་ཕྱིན་པའི་རྩོད་ཉོག་སོགས་ལ་གྲོས་མོལ་བྱས་ཡོད་ཀྱང་། ཞི་བདེ་རྒྱ་མཚོའི་མཚོ་གླིང་གི་རྩོད་ཉོག་ཐད་ཕྱོགས་གཉིས་བར་ལངས་ཕྱོགས་མི་མཐུན་པ་བྱུང་སྟེ་གྲོས་མོལ་ལ་གྲུབ་འབྲས་ཐོན་མི་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཚེས་ ༡༠ ཉིན་གླེང་སྟེགས་དེའི་ཐོག་ཞུགས་ཏེ། ཨ་རི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འབྲེལ་ལམ་དང་མ་འོངས་ཚོང་དོན་སྐོར་ལ་གཏམ་བཤད་སྤེལ་ཡོད་ཅིང་། དེ་རིང་སྔ་དྲོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གི་འཕྲུལ་ལས་ཚན་རྩལ་ཐོན་ལས་དང་གློག་ཀླད་མཉེན་ཆས། བརྙན་རིས་རྩེད་ཆས་སོགས་ལ་དཔྱ་ཁྲལ་ཉུང་དུ་གཏོང་ཐབས། ཨ་རིས་ཨ་རིར་འགྲོ་མཁན་གྱི་རྒྱ་རིགས་སློབ་མར་ལོ་ ༥ དང་། ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཐོངས་མཆན་ལོ་ ༡༠ སྤྲོད་རྒྱུ། སི་རི་ཡ་དང་ཨི་རག་གྱི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གི་དཀའ་རྙོག་དང་ཨི་བྷོ་ལ་ནད་ཡམས་སྐོར་སོགས་ལ་གྲོས་མོལ་བྱས་ཡོད་འདུག་ལ། སང་ཉིན་ཨོ་བྷ་མས་ཞི་ཅིན་ཕིན་དང་ཚོང་དོན་དང་དམག་དོན་སྐོར་ལ་གྲོས་མཐུན་འཇོག་རྒྱུ་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་པའི་རང་དབང་། ཧོང་ཀོང་གི་གནད་དོན་བཅས་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག

ཁ་སང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨོ་བྷ་མས། “ཨ་རི་དང་རྒྱ་ནག་གཉིས་ཀྱིས་རྒྱལ་སྤྱིའི་ཚོང་དོན་མཐུན་ཚོགས་ཀྱི་བརྡ་འཕྲིན་ཚན་རྩལ་གྲོས་མཐུན་ལ་མོས་མཐུན་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་གནད་དོན་མང་དག་ཅིག་གི་ཐོག་མཉམ་ལས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁེ་ལས་ཁག་ལ་དྲང་བཞག་གི་ལྟ་སྟངས་བཟུང་སྟེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཡུན་གནས་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་བརྟན་ལྷིང་ཡོང་བ་བྱ་དགོས།” ཞེས་བརྗོད་འདུག

དེ་རིང་ཚོགས་འདུ་དེའི་ཐོག་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་གི་བར་མཉམ་ལས་བྱེད་ཕྱོགས་དང་མ་འོངས་པའི་ཁ་ཕྱོགས་སྐོར་ལ་གྲོས་མོལ་བྱས་ཡོད་པ་དང་། ཨོ་བྷ་མས་ཨ་རིའི་ཤར་ཕྱོགས་ཀྱི་མདུན་སྐྱོད་ཆེན་མོའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཨེ་ཤ་ཡའི་མངའ་ཁུལ་ནང་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་དང་། རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ནག་གི་འཕེལ་རྒྱས་ལ་ཤུགས་རྒྱག་གི་ཡོད་པ། དེ་བཞིན་ཟླ་འདིའི་ཚེས་ ༨ ཉིན་ཞི་ཅིན་ཕིན་གྱིས་པེ་ཅིན་ནང་ཚོགས་པའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁེ་ལས་འགན་འཛིན་ཚོགས་འདུའི་ཐོག་ ༼ཨེ་ཤ་ཡའི་ཕུགས་བསམ། ༽ཞེས་པའི་སྐོར་ལ་གཏམ་བཤད་ཅིག་སྤེལ་ཏེ། ཨེ་ཤ་ཡའི་ནང་ ༼ཁུལ་གཅིག་དང་ལམ་གཅིག༽གི་དོན་ཚན་ལྔ་ཅན་གྱི་སྲིད་ཇུས་ཁྱབ་བསྒྲགས་སོགས་བྱས་ཏེ། རྒྱ་ནག་དང་ཨ་རིས་ཨེ་ཤ་ཡའི་མངའ་ཁུལ་ནང་སྲིད་ཇུས་ཁྱབ་སྤེལ་གཏོང་གི་ཡོད་འདུག

ཁ་སང་ཨོ་བྷ་མས་ཚོགས་ཐོག་ཏུ་རྒྱ་ནག་ཚོགས་མིའི་རྒྱལ་ཁབ་ཁོངས་སུ་མེད་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་རྒྱལ་ཁབ་ཀྱི་མཉམ་ལས་(Trans-Pacific Partnership) བྱེད་ཤུགས་ཆེ་རུ་གཏོང་ཕྱོགས་ལ་གྲོས་མཐུན་བཞག་ཡོད་པར་རྒྱ་ནག་གི་མཁས་པ་ཁག་ཅིག་གིས། ཨ་རིས་དེ་ནི་རྒྱ་ནག་གི་ཤུགས་རྐྱེན་ཨེ་ཤ་ཡའི་མངའ་ཁུལ་ནང་ཚོད་འཛིན་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད་སྟབས། ཨོ་བྷ་མས་རྒྱ་ནག་ཤིན་ཧྭ་གསར་འགྱུར་གྱི་བཅར་འདྲི་ཞིག་གི་ཐོག་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་བརྩིས་བྱེད་ཀྱི་མེད་ཅེས་ལན་འདེབས་བྱས་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་རིས་ཨེ་ཤ་ཡ་མངའ་ཁུལ་ནང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་མངའ་ཁུལ་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐབས་འདིར། དེ་སྔ་ཞི་ཅིན་ཕིན་གྱིས་རྒྱ་གར་གྱི་སྲིད་བློན་ཚོགས་འདུ་དེའི་ཐོག་མགྲོན་འབོད་བྱས་ཡོད་ཀྱང་། ད་རེབ་གླེང་སྟེགས་ཐོག་རྒྱ་གར་སྲིད་བློན་མ་ཕེབས་པ་དེས་རྒྱ་གར་ལ་ཆབ་དཔལ་གཉིས་ཐོག་ནས་གྱོང་ཆེན་པོ་ཕོག་གི་ཡོད་པ་མཚོན་ཐུབ་ཚུལ་བརྗོད་འདུག

༡༩༨༩ ལོར་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ (Asia-Pacific Economic Cooperation) ཞེས་པ་འདི་གསར་འཛུགས་བྱས་ཤིང་། ད་རེབ་ཚོགས་ཐེངས་ ༢༢ པ་དེ་ཆགས་ཡོད་འདུག འདིའི་དམིགས་ཡུལ་ནི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་དཔྱ་ཁྲལ་མེད་པའི་ཚོང་ལས་གཉེར་ཕྱོགས་དང་། རིག་གཞུང་བརྗེ་ལེན། ཚོང་དོན་འབྲེལ་ལམ་གོང་མཐོར་གཏོང་ཐབས་སོགས་ཡིན་པ་མ་ཟད། ཚོགས་པ་འདིར་ཨ་རི་དང་རྒྱ་ནག ཨོ་སི་ཊོ་ལི་ཡ། ནེའུ་ཛ་ལན་ཌི། སིང་གྷ་པུར། ཁེ་ན་ཌ། མ་ལེ་ཞི་ཡ། ཨུ་རུ་སུ་སོགས་རྒྱལ་ཁབ་ ༢༡ ཡོད་ཅིང་། ད་རེབ་ཚོགས་འདུའི་ཐོག་ཨ་རི་དང་ཨུ་རུ་སུ། རྒྱ་ནག་སོགས་ཀྱི་སྲིད་འཛིན་དང་། ཨོ་སི་ཊོ་ལི་ཡ་དང་སིང་གྷ་པུ། ཁེ་ན་ཌ་སོགས་ཀྱི་སྲིད་བློན་ལྷན་བཞུགས་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༤ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese