མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཀྱིས་ཤེས་དགོས་པའི་གནད་དོན་དྲུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

༄༅།། ཁྱོད་ཀྱིས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཚོའི་སྐོར་ཤེས་དགོས་པའི་གལ་ཆེའི་དོན་ཚན་དྲུག

བསྟན་རྡོར་གྱིས་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།

ད་ལྟ་ང་ཚོའི་དུས་ཀྱི་མགོ་འཁྲིད་ཉུང་ཤས་ཤིག་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་གུས་བཀུར་དང་མཚན་སྙན་ཆེན་པོ་ཐོབ་ཡོད་པའི་གྲས་ཀྱི་གཅིག་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན། ཁོང་གིས་ངལ་བ་འཛེམས་མེད་ཀྱི་འཚོ་བའི་དྲང་བདེན་དང་རྒྱལ་སྤྱིའི་འགན་འཁུར། ཆོས་ལུགས་རིས་མེད་ཀྱི་ཀུན་སྤྱོད་སློབ་གསོ་དང་འཆམ་མཐུན། ད་དུང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་གཏོང་བར་བྱས་པའི་བརྒྱུད་རིམ་དེའི་ཁྲོད་ནས། སྐྱེ་འགྲོ་མང་པོའི་སྡུག་བསྔལ་སེལ་ཐུབ་པ་བྱུང་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་སྐྱིད་ཡང་སྐྲུན་པར་མཛད་རྗེས་ཆེན་པོ་བཞག་དང་འཇོག་བཞིན་ཡོད།

ཡིན་ན་ཡང་། ཉེ་བའི་ཆར་༧གོང་ས་མཆོག་ཨ་རིའི་ཨ་ལ་བ་མ་དང་པེ་རེན་སེ་ཀྲོན། དེ་ནས་སྦོས་ཊོན་དང་ནེའུ་ཡོག་སོགས། (Alabama to Princeton to Boston to New York ) ས་གནས་མང་པོ་ཞིག་ལ། འཚམས་གཟིགས་དང་སྐོར་སྐྱོད་བྱས་སྐབས། ཁོང་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་ཁྱད་མཚར་ཞིག་གིས། མི་འབོར་སྟོང་ཕྲག་མང་པོ་འཐོམ་དུ་བཅུག་ཡོད་པ་རེད། དེར་བརྟེན། ངོ་རྒོལ་བྱེད་མཁན་འདི་དག་སུ་ཡིན་ནམ། ཁོ་ཚོ་གང་ནས་སླེབས་ཡོད་དམ། ཁོ་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་གང་ཞིག་སློང་འདོད་ཡོད། ཁོ་ཚོའི་ལས་འགུལ་དེའི་རྒྱབ་ལ་ཚོགས་པ་སུ་ཞིག་གི་ཁེ་ཕན་སིམ་ནས་བསྡད་ཡོད་དམ།

༄༅།། གཤམ་ལ་ཁྱེད་རང་གི་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཚོའི་སྐོར་ཤེས་དགོས་པའི་གལ་ཆེའི་དོན་ཚན་དྲུག་ནི།

 ༡༽ ཁོ་ཚོ་ནི་དགེ་ལུགས་པའི་ལྟ་གྲུབ་ཕྱོགས་རིས་བྱེད་མཁན་ཚོ་རེད།

ངོ་རྒོལ་བྱེད་མཁན་དེ་དག་ནི། ནང་པའི་ཆོས་ཀྱི་ཐལ་སྤྱོད་རིང་ལུགས་པའི་ཁོངས་སུ་གཏོགས་ཤིང་། རྒྱལ་ཆེན་ཤུགས་ལྡན་ལ་དད་པ་དང་རི་བོ་དགེ་ལུགས་པའི་ལྟ་གྲུབ་ཆོས་བརྒྱུད་གཞན་ལས་མཐོ་བ་འཛིན་མཁན་གྲས་ཡིན། བོད་པའི་ནང་ཆོས་ནང་། དགེ་ལུགས་དང་ས་སྐྱ། རྙིང་མ། བཀའ་བརྒྱུད། ཇོ་ནང་སོགས་ཆོས་བརྒྱུད་ཆེན་པོ་ལྔ་ཡོད་པ་རྣམས་ལས། དགེ་ལུགས་པའི་གྲུབ་མཐའི་ནང་ཁོ་ཚོས་(འདིར་ཤུགས་ལྡན་ཚོགས་པ་ལ་གོ) ཤོག་ཁག་ཆུང་ཆུང་ཞིག་བཟོས་ཏེ། གནའ་ནས་རྒྱལ་ཆེན་ཤུགས་ལྡན་རང་ཉིད་ཀྱི་ལྷ་སྲུང་ལ་བསྟེན་པ་དང་། ཚོགས་མི་ཚོར་ཆོས་བརྒྱུད་གཞན་གྱི་དཔེ་ཆ་དང་བླ་མར་སློབ་གཉེར་བྱ་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད། འདི་འདྲའི་རྩོད་རྙོག་མང་བའི་དགེ་ལུགས་པའི་ལྟ་གྲུབ་ཕྱོགས་རིས་ཅན་འདིས་(འདིར་དགེ་ལུགས་པ་སྤྱི་ཡོངས་དང་མ་ནོར་བ་གྱིས།) ལོ་ངོ་བརྒྱ་ཕྲག་མང་པོར། བོད་པ་ཚོར་ཆོས་ལུགས་ཕན་ཚུན་དབྱེ་དབྱེད་བྱ་རྒྱུའི་དངངས་འཚབ་ཅིག་སློང་གི་ཡོད་པ་དང་། ༧གོང་ས་མཆོག་གིས་དཀའ་ངལ་དེ་སེལ་ཆེད་དེ་སྔོན་དོལ་རྒྱལ་དམ་བསྒྲགས་བྱས་ཡོད་ཅིང་། ཁོང་གི་སྔོན་ཐོན་དང་བཅོས་བསྒྱུར་ལྡན་པའི་སྲིད་བྱུས་དེ་ལ་བརྟེན་ཏེ། ཆོས་བརྒྱུད་གཞན་གྱི་བླ་ཆེན་དང་མཉམ་དུ་སློབ་སྦྱོང་བྱས་ཏེ་ཕན་ཚུན་འདྲ་མཉམ་གྱི་ངང་ནས་འཚོ་གནས་ཐུབ་རྒྱུར་རེ་སྐུལ་གནང་གི་ཡོད། འོན་ཀྱང་ཁོང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་བྱ་རྒྱུའི་དགོངས་པ་ཟབ་མོ་དེ་ནི་དོལ་རྒྱལ་རྗེས་འབྲང་པ་ཚོས་ངན་དམོད་བྱ་རྒྱུའི་གཞི་རྩར་འགྱུར་ཡོད་འདུག

༢༽ ཁོ་ཚོས་༧གོང་ས་མཆོག་ལ་ “ སྲིད་དབང་སྒེར་འཛིན་པ་” ཞེས་འུད་སྒྲོག་བྱས་པ། ངོ་རྒོལ་བྱེད་མཁན་ཚོས། ༧གོང་ས་མཆོག་ལ་“དེང་དུས་འཛམ་གླིང་ནང་གི་སྲིད་དབང་སྒེར་འཛིན་པ་གདུག་རྩུབ་ཆེ་ཤོས་” ཞེས་ནག་ཉེས་སྐྱོན་འཛུགས་བྱས་ཡོད་པ་རེད། གནད་དོན་དེས་ད་ལྟ་ཁོ་ཚོ་འཚོ་གནས་བྱེད་སའི་ཡུལ་དེ། ཕྱིན་ཅི་ལོག་པ་དང་མགོ་འཁོར་བསླུ་བྲིད་ཐེབས་པའི་འཛམ་གླིང་ཞིག་ཡིན་པ་གསལ་པོར་སྟོན་གྱིན་ཡོད་དེ། གནས་ཚུལ་ངོ་མ་ནི། ད་ལྟ་ཁོ་ཚོའི་ཚོགས་པའི་ནང་ལོགས་ཀྱི་བཀའ་གདམས་པ་གསར་མ་(New Kadampa Tradition) ཟེར་བ་དེ་ནི། རང་ཉིད་ཙམ་གྱིས་བྲིས་པའི་དེབ་མ་གཏོགས་གཞན་ཆོས་ལུགས་བླ་ཆེན་སུ་གང་གི་དེབ་ཀློག་མི་ཆོག་ཅེས་བཀའ་སྒྲོག་མཁན་མགོ་འཁྲིད་ཅིག་གི་འཛིན་སྐྱོང་བྱེད་བཞིན་ཡོད་ལ། ཉེ་སྔོན་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གྱི་བཀའ་གདམས་པ་གསར་མའི་ཡ་གྱལ་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་(Western Shugden Society)ཟེར་བ་དེ་ནི། ཕྱི་རྒྱལ་གྱི་ (Westboro Baptist Church (WBC) ཞེས་པ་ཡེ་ཤུའི་ཆོས་བརྒྱུད་ཀྱི་སྒྲིག་འཛུགས་གང་གི་ཁོངས་སུ་ཡང་མི་གཏོགས་པར། ཐལ་སྤྱོད་རིང་ལུགས་པའི་ལྟ་བ་མཁྲེགས་འཛེན་བྱེད་མཁན་གྱི་ཚོགས་པ་དང་གཅིག་མཚུངས་ཡིན། བཀའ་གདམས་པ་གསར་མས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་སྟངས་ཐད་མུ་མཐུད་ཤེས་འདོད་ཡོད་རིགས་རྣམས་འབྲེལ་ཐག་འདི་ལ་སྣུན། http://buddhism-controversy-blog.com/2014/07/18/the-new-kadampa-tradition-and-the-dalai-lama/

༣༽ “༧གོང་ས་མཆོག་ནི་ཁ་ཆེ་ཡིན་ཞེས་ངན་དམོད་བྱས་པ། ”

ཉེ་སྔོན་༧གོང་ས་མཆོག་ལ་དོལ་རྒྱལ་རྗེས་འབྲང་པ་ཚོས། ཁ་ཆེ་ཞེས་ངན་དམོད་བྱས་ཡོད། དང་པོ་དེར་ཁ་ཆེ་ཞེས་མིང་བེད་སྤྱོད་བྱས་པ་ཙམ་གྱིས། ཁ་ཆེའི་མི་རིགས་ལ་མཐོང་ཆུང་དང་མི་རིགས་འཐེན་འཁྱེར་གྱི་ལྟ་བ་ཞིག་ཤུགས་ཀྱིས་འཁྱེར་ཡོང་གི་ཡོད་ལ། མ་གཞི་བྱས་ན། འཛམ་གླིང་ནང་མཚན་སྙན་གྲགས་ཡོད་པའི་ནང་པ་ཞིག་ལ། ཁ་ཆེ་ཡིན་ཚུལ་ངན་དམོད་བྱས་པ་འདི། དགོད་བྲོ་བའི་གནས་ལས་འཛམ་གླིང་མི་མང་གིས་དོ་སྣང་བྱ་རིན་གང་ཡང་མེད་ན་ཡང་། ཁོ་ཚོས་ད་དུང་༧གོང་ས་མཆོག་ལ་ “ཏཱ་ལའི་བླ་མ་རྫུན་མ་” ཡིན་ཚུལ་འུད་སྒྲོག་བྱས་པ་དེ། གཅིག་བྱས་ན། ཁོ་ཚོར་ཏཱ་ལའི་བླ་མ་དངོས་གནས་ཤིག་སྟོན་རྒྱུ་ཡོད་ཀྱང་སྲིད། འདི་ཡང་སྙིང་སྐལ་བཟང་རྒྱ་མཚོ་ཟེར་བའི་ཁོ་རང་གི་ཚོགས་པའི་ནང་། རང་ཉིད་ཀྱིས་བྲིས་པའི་དེབ་དང་རྩོམ་ཡིག་མ་གཏོགས་ཀློག་མི་འཇུག་མཁན་གྱི་མགོ་འཁྲིད་འདི། ཏཱ་ལའི་བླ་མ་དངོས་གནས་དེ་ཡིན་ནམ་ཡང་ན། ཁོ་ཚོ་པེ་ཅིན་གཞུང་ནས་མགྱོགས་མྱུར་ཏཱ་ལའི་བླ་མ་དངོས་གནས་ཞིག་ངོས་འཛིན་བྱ་རྒྱུར་ངང་སྒུག་བྱེད་ཀྱིན་ཡོད་དམ།

༤༽ དགེ་ལུགས་ཐལ་སྤྱོད་རིང་ལུགས་པ་ཚོར་རྒྱ་ནག་གཞུང་ནས་རོགས་སྐྱོར་བྱས་པ།

ཕྱི་ལོ་ ༡༩༩༧ ལོར་བོད་འབངས་ཡོངས་ཀྱིས་བཀུར་བའི་སྐྱེས་ཆེན་དམ་པ་ཞིག་གིས་ཤུགས་ལྡན་ལ་དད་པ་བྱས་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ངོ་མའི་ལམ་ལུགས་དང་ཚད་གཞི་ལས་བརྒལ་ཡོད་སྐོར་སྐྱོན་བརྗོད་བྱས་སྐབས། ཁོང་དང་ཁོང་གི་དགེ་ཕྲུག་གཉིས་ཆ་ལྐོག་གསོད་བྱས་ཡོད་ལ། དེ་མ་ཐག་མི་གསོད་ལག་དམར་དེ་དག་ཤར་སེ་རྒྱ་གར་ནས་བྲོས་ཏེ། མཐའ་མ་རྒྱ་ནག་ནང་བདེ་འཇགས་ངང་འཚོ་སྡོད་བྱས་ནས་བསྡད་ཡོད། གནས་ཚུལ་དེ་བྱུང་ནས་རྒྱ་གར་ཉེན་རྟོག་པས། མི་གསོད་གྱོད་གཞི་དེའི་འབྱུང་ཁུངས་ཤུགས་ལྡན་ཚོགས་པ་དང་འབྲེལ་བ་ཡོད་པ་དང་། རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་(Interpol)ཀྱི་ངོས་ནས་ཀྱང་རྒྱ་ནག་གཞུང་ལ་ཡིག་ཆ་དམར་པོ་(ཡིག་ཆ་དམར་པོ་ཞེས་པ་རྒྱལ་ཡོངས་དབུས་དོན་གཅོད་ལས་ཁུངས་(National Central Bureau)ཀྱི་བརྒྱུད་ནས་ནག་ཉེས་ཅན་འཇུ་བཟུང་བྱ་རྒྱུའི་བཀའ་རྒྱ་ཕབ་པར་གོ དབྱིན་སྐད་དུ། (Red Notice) ཞེས་ཟེར།) ཞིག་བཏང་ཡོད་པ་རེད། པེ་ཅིན་གཞུང་ལ་ཆ་མཚོན་ན། ཤུགས་ལྡན་དང་འབྲེལ་བའི་རྩོད་རྙོག་དེ་གོ་སྐབས་བཟང་པོ་ཞིག་ལ་བརྩིས་ཏེ། དགེ་ལུགས་ཐལ་སྤྱོད་རིང་ལུགས་པ་དེ་དག་ལ་རྒྱབ་སྐྱོར་བྱས་ཏེ། བོད་མི་ཕན་ཚུན་བར་ཞེ་འཁོན་བསྐྲུན་ཐབས་དང་། ༧གོང་ས་མཆོག་དང་བོད་པའི་རྩ་དོན་རྨང་ནས་འགོག་ཐབས་བྱེད་ཀྱིན་ཡོད། བྱེད་སྟངས་དེ་ཁོ་ཚོའི་ཁ་བྲལ་དང་དབང་བསྒྱུར་གྱི་སྲིད་ཇུས་(divide-and-rule policy)དང་ཏག་ཏག་མཐུན་གྱིན་ཡོད། རྒྱ་ནག་གཞུང་གིས་ཤུགས་ལྡན་ཚོགས་པ་རྣམས་ལ། མ་དངུལ་གྱི་རྒྱབ་སྐྱོབ་ག་ཚོད་བྱེད་ཀྱིན་ཡོད་མེད་ཤེས་འདོད་ཡོད་མཁན་ཚོས་དྲ་ཐག་འདིར་སྣུན། http://buddhism-controversy-blog.com/2010/02/21/chinas-involvement-in-the-dorje-shugden-controversy/

༥༽ ཁོ་ཚོས་ངོ་རྒོལ་བྱེད་སའི་གཞི་ནོར་བ།

ངོ་རྒོལ་བྱེད་མཁན་འདིའི་གྲས་ཕལ་ཆེ་བ་ཞིག ཨ་རི་དང་ཡུ་རོབ་ནང་སྡོད་མཁན་བོད་པའི་གྲྭ་བ་དང་གནོད་འཚེ་ཕོག་ཡུལ་ཡིན་མདོག་མདོག་གི་ངོ་འབག་རྫུན་མ་ཞིག་གྱོན་ནས་བསྡད་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁེ་དབང་ལྡན་པའི་མི་སེར་(སྒེར་གྱི་རང་དབང་རྩོད་ཆོག་པ་ལ་གོ) དེ་དག་གིས། དམག་མི་དང་ཉེན་རྟོག་པའི་དཔུང་ཤུགས་སོགས་གང་ཡང་མེད་པ་དང་། ཁྱིམ་མེད་སྐྱབས་བཅོལ་ཡིན་པའི་༧གོང་ས་མཆོག་ལྟ་བུ་ཞིག་གིས་ཆོས་དད་རང་དབང་སྤྲོད་ཀྱིན་མི་འདུག་ཅེས་ནག་ཉེས་སྐྱོན་འཛུགས་བྱས་པ་འདི་ཁུངས་མེད་པའི་གཏམ་ཞིག་ཡིན་པའི་མ་ཚད་དངོས་གནས་གདུག་རྩུབ་ཆེ་བ་རང་ཡིན་ནོ།། གཡོ་ཁྲམ་འདིའི་གྲས་ནི། ༧གོང་ས་མཆོག་གི་བཅོས་བསྒྱུར་ལྡན་པའི་སྲིད་བྱུས་དག་དང་ཡོངས་སུ་འགལ་ནས། ཁོ་ཚོས་དུས་རྒྱུན་སྲུང་སྐྱོབ་བྱེད་ཀྱིན་ཡོད་མདོག་མདོག་གི་དགེ་ལུགས་པའི་ཆོས་བརྒྱུད་དམ་གཙང་དེ་བསྲེ་ལྷད་འགྲོ་རྒྱུའི་ཉེན་ཚབས་འཕར་མ་ཞིག་ཀྱང་སྐྲུན་གྱིན་ཡོད། ངོ་རྒོལ་བྱེད་མཁན་འདི་ཚོ་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་ཚོགས་པ་དང་ལྟེ་གནས་ཁང་གང་ལ་ཡང་འབྲེལ་བ་མེད་ལ། གལ་ཏེ་ཁོང་གི་ཁོ་ཚོའི་རང་དབང་འགོག་ཐབས་བྱས་ཀྱང་། ཁོང་གིས་དེ་གནང་གི་མ་རེད། ཁོ་ཚོར་ཆོས་དད་རང་དབང་མ་སྤྲད་པར་མུ་མཐུད་དམ་བསྒྲགས་དང་བཙན་གནོན་བྱེད་མཁན་ངོ་མ་དེ་ནི། ཡག་ཉེས་སོགས་གང་ཡང་མ་ཤེས་པར་འཛུལ་ཞུགས་བྱས་སའི་ཁོ་ཚོའི་ཚོགས་པ་ཁྱད་མཚར་དེའི་མགོ་འཁྲིད་དགེ་བཤེས་སྐལ་བཟང་རྒྱ་མཚོ་རེད། ཚོགས་མི་ཞིག་གིས་བཀའ་གདམས་པ་གསར་མའི་བྱ་སྤྱོད་ངོ་མའི་སྐོར་ལ་བྲིས་པའི་ཁུངས་སྐྱེལ་དཔང་ཡིག་ལྟ་བུའི་རྩོམ་ཡིག་དེ་གཟིགས་ན་འབྲེལ་ཐག་འདིར་སྣུན། http://buddhism-controversy-blog.com/tag/nkt-survivor/

༦༽ ངོ་རྒོལ་བྱེད་མཁན་ཚོས་བོད་ཀྱི་རྩ་དོན་འགོག་ཐབས་དང་རྒྱ་ནག་གི་ཁེ་ཕན་སྲུང་ཐབས་ལ་དམིགས་པ། རྒྱ་ནག་གཞུང་དང་བཀའ་གདམས་པ་གསར་མས་སྐྱོན་ཚིག་བེད་སྤྱོད་བྱེད་སྟངས་ཐད། འདྲ་མཚུངས་ཀྱི་དཔེ་མང་པོ་ཞིག་ཡོད་དེ། འབྲེལ་ཡོད་གཉིས་ཀ་ནས། ༧གོང་ས་མཆོག་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མྱུལ་མ་དང་ན་ཛི་(Nazi) ཞེས་འབོད་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་སྔོན་གྱི་བོད་འདི་ཞིང་བྲན་རྒྱུད་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་བསྙོན་འཛུགས་བྱེད་ཀྱིན་ཡོད། ཁོ་ཚོས་(སྐབས་འདིར་རྒྱ་ནག་དང་ཤུགས་ལྡན་ལ་གོ་དགོས།) ཁྱེད་རང་ལ་༧གོང་ས་མཆོག་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་(CIA) སྐྱོབ་པ་རེད་ཅེས་འུད་སྒྲོག་བྱས་ཏེ། སྐད་ཆ་དེའི་རྒྱབ་ལ། ཁོ་ཚོས་ད་དུང་ཡང་ཁྱེད་རང་ལ་རྒྱ་ནག་གཞུང་གིས། བོད་མི་རྣམས་༧གོང་ས་མཆོག་ནས་བཅིངས་བཀྲོལ་བཏང་བ་རེད་ཅེས་ཨུ་ཚུགས་ཀྱི་ཡིད་ཆེས་བྱས་འཇུག་གིན་ཡོད། ཁོ་ཚོས་ད་དུང་། “༧གོང་ས་མཆོག་ཨ་རིའི་གསང་བའི་ལས་ཁུངས་མེད་ན་སྐྱོབ་ཐུབ་ཀྱི་མ་རེད། ”ཅེས་པའི་འདོད་ཚུལ་འདི། མ་དག་རྒྱུན་འབྱམས་ཀྱི་བཅོས་སྒྲུང་ཞིག་ཡིན་པ་དང་། འདིས་རང་ཉིད་ཀྱི་ལུས་སྲོག་འབེན་དུ་བཙུགས་ནས་༧གོང་ས་མཆོག་ལྷ་ས་ནས་རྒྱ་གར་བར་སྣེ་ལེན་ཞུ་མཁན་གྱི་བོད་ཀྱི་དཔའ་རྟུལ་རྣམས་ཀྱི་མཛད་རྗེས་ལ་རྫུན་བཟོ་དང་འདས་པའི་ལོ་རྒྱུས་རྣམས་འཁྱོག་བཤད་བྱེད་ཀྱིན་ཡོད། དེར་བརྟེན། བཀའ་གདམས་པ་གསར་བ་དང་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་འདི་དག་ནི། དགེ་ལུགས་ཀྱི་ལྟ་གྲུབ་ཕྱོགས་རིས་བྱེད་མཁན་ཙམ་ཞིག་མ་ཡིན་པར། ཁོ་ཚོ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ལ་འཁྱོག་བཤད་དང་། བོད་མིའི་རང་དབང་གི་འཐབ་རྩོད་འདི་ཁྲིམས་མཐུན་མེད་པ་བཟོ་རྒྱུའི་གཞི་རྒྱ་ཆེ་བའི་འཆར་གཞི་དང་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན། ཤུགས་ལྡན་དང་འབྲེལ་བའི་ལོ་རྒྱུས་རྒྱབ་ལྗོངས་སྐོར་མུ་མཐུད་གཏིང་ཟབ་ཤེས་འདོད་ཡོད་པ་རྣམས་བོད་རིག་ཉམས་ཞིབ་པ་ཐེ་རེ་གྲོ་ཊིན་(Thierry Dodin) དང་། མཁས་དབང་རོ་སྦོཊ་ཐར་མན་(Robert Thurman) ལགས་ཀྱི་དཔྱད་རྩོམ་ཁག་གཟིགས་རོགས་གནང་།

བསྒྱུར་མཆན། འདས་པའི་ཟླ་བ་ཁ་ཤས་སྔོན་ལ། ཤུགས་ལྡན་དང་རྒྱ་ནག་གཞུང་གཉིས་ནས་ངན་སེམས་ཁོག་བཅངས་ཀྱིས། མི་བདེན་རྫུན་བསྒྲིགས་བྱས་ནས་མུ་མཐུད་༧གོང་ས་མཆོག་ལ་ངོ་རྒོལ་བྱས་སྐབས། ང་ཚོ་བོད་པ་ཚོས་ནམ་ཡང་སེམས་ཤུགས་དང་རྒྱབ་སྐྱོར་ཙམ་གྱིས་རྒྱུན་མ་བསྐྱངས་པར། བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་ནས་གལ་གནད་ཆེ་སྟབས། འདིར་བསྟན་རྡོར་ལགས་ཀྱིས་གོ་བདེ་བའི་ལམ་ནས་ཤུགས་ལྡན་དང་དེ་འབྲེལ་རྒྱ་ནག་གཞུང་གི་བོད་ཐོག་སྲིད་ཇུས་འཛིན་སྟངས་ཐད་དཔྱད་རྩོམ་གནད་ལ་འཁེལ་བ་ཞིག་བྲིས་འདུག་པས། རྒྱ་ཆེའི་ཀློག་པ་པོ་ཚོས་དགྱེས་གཟིགས་གནང་རོགས། ཞོར་དུ་བསྒྱུར་རྩོམ་འདི་མ་གཏོགས་འབྲེལ་ཐག་གཞན་རྣམས་དབྱིན་ཡིག་ཐོག་རང་སོར་གནས་ཡོད།

མ་རྩོམ་གྱི་འབྲེལ་ཐག http://www.huffingtonpost.com/tenzin-dorjee/6-things-to-know-about-th_b_6104716.html

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཀ་བཤད་དོལ་ཚོགས་ཏ་ལའི་རྗེས་རྒྱུགས་མ་བཞུགས་སོ།།

    ཀ་བ་བུམ་པ་བཞིན་དུ་ལྷ་སྲུང་རྩོད། །
    ཁ་དོག་དཀར་དམར་བཞིན་དུ་ཆོས་ལུགས་རྩོད། །
    ག་ས་གང་དུ་དོལ་འདྲེའི་ཐོབ་ཐང་རྩོད། །
    ང་དང་ཁྱོད་ཀྱི་ལྷ་ཞེས་དོན་མེད་རྩོད། །

    ཅ་ཅོ་་བདེན་མེད་དོན་མེད་སྐད་ཅོར་བརྒྱབ། །
    ཆ་འཇོག་མེད་པའི་གདོན་འདྲེར་རེ་བ་བརྒྱབ། །
    ཇ་ཆང་ཆེད་དུ་དགྲ་ལའང་རེ་སྒུག་བརྒྱབ། །
    ཉ་ག་ཉོག་གེའི་རྒོལ་གཏམ་ལམ་ཁར་བརྒྱབ། །

    ཏ་ལའི་བླ་མར་མཚན་དམོད་ཞུས་ནས་འགྲོ །
    ཐ་ན་ཡ་རབས་གྲལ་ནས་འབུད་ནའང་འགྲོ །
    ད་ལྟ་བོད་མིའི་གྲལ་མཐར་གྱུར་ནའང་འགྲོ །
    ན་རཀ་དམྱལ་བར་འགྲོ་འདོད་མེད་ནའང་འགྲོ །

    པ་ར་མི་ཏའི་ཉམས་ལེན་མེད་ནས་འདུག །
    ཕ་བཟང་བསླབ་བྱ་བཟང་པོ་བརྗེད་ནས་འདུག །
    བ་འབྲི་འོ་མའི་དྲིན་ལན་བརྗེད་ནས་འདུག །
    མ་དང་གཉེན་སྲིང་དམ་ཚིག་བརྗེད་ནས་འདུག །

    ཙྭ་རིའི་སྒོམ་ཆེན་སོགས་ཀྱི་གདམས་ངག་མེད། །
    ཚ་གྲང་དཀའ་ཐུབ་བཟོད་པའི་ཉམས་ལེན་མེད། །
    ཛ་ཡའི་བསྟན་པ་སྤེལ་བའི་ལྷག་བསམ་མེད། །
    ཝ་ལྟར་སེང་གེར་འགྲན་པའི་སྤོབས་པ་མེད། །

    ཞྭ་སེར་ཅོད་པཎ་གྱོན་རྒྱུར་དང་འདོད་ཆེ། །
    ཟ་འདྲེ་གདོན་འདྲེ་བསྟེན་ལ་ངལ་བ་ཆེ། །
    འ་ར་འུ་རེའི་ངན་དམོད་བྱེད་འདོད་ཆེ། །
    ཡ་མེད་མ་རབས་གྲལ་མཐར་སྡོད་འདོད་ཆེ། །

    ར་ཡི་རྭ་ལྟར་སེམས་རྒྱུད་རྡོ་དང་འདྲ། །
    ལ་རྒྱ་མེད་ལ་ཁྲེལ་མེད་གདོན་དང་འདྲ། །
    ཤ་ཞེན་མེད་པ་ངོ་མེད་གཏིང་བརྗེད་འདྲ། །
    ས་དང་ལམ་ལ་དད་མེད་ཀླད་མེད་འདྲ། །

    ཧ་ཅང་ཧམ་པ་ཆེ་བའི་དོལ་ཚོགས་ཀུན། །
    ཨ་མ་རྒན་མོའི་དྲིན་ལན་དྲན་པར་གྱིས། །
    ཧ་བ་ཧོབ་པའི་ཧོལ་རྒྱུགས་ད་བཞག་ནས། །
    ཨ་མ་དང་འདྲའི་ཏ་ལའི་རྗེས་སུ་རྒྱུགས། །

    Reply
  2. ཤིང་ནགས་མེ་ཏོག ། says:
    ལོ་ 11 སྔོན།

    གཡག་ཕྱུག་ལགས།
    ཁམས་བཟང་། ཁྱོད་ཀྱི་བསྐྱུར་རྩོམ་དག་ལས་ཁྱོད་ཉིད་ལུས་ཁམས་བདེ་པོ་ཡིན་པར་ཤུགས་ཀྱིས་མཚོན་ཐུབ་ཀྱི་འདུག་པས་བསྔགས་བརྗོད་དང་དགའ་བསུ་ཡོད། ཕྱིན་ཆད་ལམ་བུ་འདིའི་བརྒྱུད་ཁྱོད་ཀྱི་མི་རིགས་ལ་ལེགས་སྐྱེས་ཆེན་པོ་ཞིན་བསྐྲུན་ཐུབ་པའི་རེ་སྨོན་དང་སྦྲགས་བསྟན་རྡོར་གྱིས་བརྩམས་པའི་བརྩམས་ཆོས་འདི་ལེགས་པར་བོད་ཡིག་ཏུ་ཕབ་པར་སྤྲོ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དོལ་རྒྱལ་ཤུགས་ལྡན་འདི། སྨོན་ལོག་དམ་སྲི་འབྱུང་པོ་ཡིན་པའི་ཁུངས་ལ།

    ༸གོང་ས་ལྔ་པའི་གསུང་གཟུ་དཔང་ལས།
    ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །
    གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །
    བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །
    གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
    དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
    སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
    བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །
    མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་སུ་སུས་བཀོལ་བའི་ཐ་སྙད་བཀོལ་ས་ལྷག་མེད། དེ་མིན་དགེ་ལུགས་པའི་ནང་ཁུལ་གནད་དོན་ཞིག་དང་། བླ་སློབ་དམ་ཚིག་གཙང་མིན་གྱི་གནད་དོན་ནི་ཡིན་ཡིན་པ་རེད། དེ་ལ་ནན་ཏན་གྱིས་བསམ་ཞིབ་བྱེད་དགོས་ཐུག་ཡོད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་མི་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ཁག་གིས་དོལ་ཚོགས་ལ་བོད་མི་སྐྱབས་བཅོལ་
    གྱི་གནས་བབ་ཅིག་ཚུངས་ཞིག་སྤྲོད་དགོས་པའི
    རྒྱུ་མཚན་གཏན་ནས་མི་འདུག་

    Reply
  6. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་མི་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ཁག་གིས་དོལ་ཚོགས་ལ་བོད་མི་སྐྱབས་བཅོལ་
    གྱི་གནས་བབ་ཅིག་ཚུངས་ཞིག་སྤྲོད་དགོས་པའི
    རྒྱུ་མཚན་གཏན་ནས་མི་འདུག་

    Reply
  7. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་མི་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ཁག་གིས་དོལ་ཚོགས་ལ་བོད་མི་སྐྱབས་བཅོལ་
    གྱི་གནས་བབ་ཅིག་ཚུངས་ཞིག་སྤྲོད་དགོས་པའི
    རྒྱུ་མཚན་གཏན་ནས་མི་འདུག་

    Reply
  8. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་མི་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ཁག་གིས་དོལ་ཚོགས་ལ་བོད་མི་སྐྱབས་བཅོལ་
    གྱི་གནས་བབ་ཅིག་ཚུངས་ཞིག་སྤྲོད་དགོས་པའི
    རྒྱུ་མཚན་གཏན་ནས་མི་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese