མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སེམས་འཁྲལ་གསར་ཤོས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་གི་ཨ་རིར་ཕྱི་སྐྱོད་སློབ་མའི་ཐོངས་ཆན་དུས་ཡུན་ཇེ་རིང་དུ་བཏང་པ་དང་བསྟུན་ཏེ་རྒྱ་ནག་གི་ཤེས་ཡོན་པ་དང་ཆབ་སྲིད་པའི་ཁྲོད་གླེང་སློང་དང་སེལས་འཁྲལ་གསར་པ་ཞིག་འབྱུང་བཞིན་ཡོད་འདུག

བདུན་ཕྲག་སྔོན་མའི་ནང་པེ་ཅིན་དུ་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཞེས་པའི་ཚོགས་འདུ་ཚོགས་པ་དང་བསྟུན་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་བསྐྱོད་དེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ། རྒྱ་ནག་ནས་ཨ་རིར་ཕྱི་སྐྱོད་བྱེད་པའི་སློབ་མའི་ཐོངས་མཆན་དུས་ཡུན་ལོ་ ༡ ནས་ལོ་ ༥ ལ་བསྲིངས་པ་དང་། ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པའི་ཐོངས་མཆན་ལོ་ ༡ ནས་ལོ་ ༡༠ ལ་བསྲིངས་ཡོད་འདུག

རྒྱ་ནག་སློབ་གསོ་སྡེ་ཁག་གི་ཞིབ་འཇུག་སྙན་ཐོ་ལྟར་ན། ༢༠༡༣ ལོར་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ ༤༡༣༩༠༠ ལྷག་ཡོད་པའི་ནང་ཨ་རིར་སློབ་མ་ ༢༣༥༥༩༧ ཙམ་ཡོད་པ་དང་། དེས་རྒྱ་ནག་གི་ཕྱི་སྐྱོད་ལོ་མ་ཡོངས་ཀྱི་རྒྱ་ཆ་ ༥༧ ཙམ་ཟིན་ཡོད་འདུག དེའི་ཁྲོད་མཐོ་འབྲིང་སློབ་མ་ཁྲི་ ༣ ཙམ་ཡོད་འདུག

རྒྱ་ནག་གི་ཕྱི་སྐྱོད་སློབ་མའི་སྐོར་ལ། རྒྱ་ནག་གི་ཆབ་སྲིད་པ་དང་ཉམས་ཞིབ་པ་ཚོའི་ཁྲོད་གླེང་ཕྱོགས་གསར་པ་ཞིག་ཡོང་གི་ཡོད་པ་ནི། རྒྱ་ནག་གི་སློབ་མ་ཕོན་ཆེན་པོ་ཕྱི་རྒྱལ་ཁག་ཏུ་བསྐྱོད་དེ་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་ཚེ། རྒྱ་ནག་གི་ཤེས་ཡོན་ལམ་ལུགས་ལ་གཞན་དབང་འོག་བཅོས་བསྒྱུར་ཐེབས་སྲིད་པའི་ཉེན་ཁ་ཡོད་པ་དང་གཅིག རྒྱ་ནག་གི་སློབ་ཕྲུག་དྲག་ཤོས་དག་ཕྱི་རྒྱལ་དུ་ཕྱིན་ན་རྒྱ་ནག་གི་སློབ་གྲྭ་མང་པོ་ཞིག་ཏུ་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པའི་ཁར་རྒྱ་ནག་ནང་གི་སློབ་གྲྭའི་སྤུས་ཚད་ཀྱང་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པ་དང་གཉིས། རྒྱ་ནག་གི་ཕྱི་སྐྱོད་སློབ་མ་གཅིག་གི་ད་ལྟའི་ལོ་རེའི་འགྲོ་སོང་རྒྱ་སྒོར་ཁྲི་ ༢༥ ཡིན་པ་དང་། ཕྱི་སྐྱོད་སློབ་མ་ཡོངས་ཀྱི་ལོ་གཅིག་གི་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༨༠༠ ལྷག་ཆགས་ཏེ་མ་དངུལ་ཕོན་ཆེན་པོ་ཕྱི་རྒྱལ་དུ་ཤོར་གྱིན་ཡོད་སྟབས། མ་དངུལ་དེ་དག་རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་དང་སློབ་གསོའི་ཐོག་གཏོང་ཐུབ་ཚེ་གྲུབ་འབྲས་ཆེན་པོ་འཐོན་ཐུབ་པ་དང་གསུམ་བཅས། རྒྱ་ནག་གི་སློབ་ཕྲུག་མང་པོ་ཕྱི་རྒྱལ་དུ་སྐྱོད་བཞིན་པར་སྐྱོན་གནས་གསུམ་ངོས་འཛིན་འོག་སེམས་འཁྲལ་གསར་པ་ཞིག་འབྱུང་བཞིན་ཡོད་འདུག

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་ཕྱི་སྐྱོད་སློབ་མ་དེ་རྣམས་རིགས་གསུམ་ལ་འདུ་ཞིང་། ༡། རྒྱ་ནག་གི་མཐོ་རིམ་དབང་འཛིན་པ་དང་འབྱོར་ལྡན་ཁེ་ལས་པ་དག་གི་བུ་ཕྲུག་གཉེན་ཚན་ཡིན་པ་དང་། ༢། རྒྱ་ནག་གི་སློབ་གྲྭ་ཁག་ལས་སློབ་སྦྱོང་གི་གྲུབ་འབྲས་ཡག་ཤོས་དག་ཡིན་པ། ༣། རྒྱ་ནག་ནང་ཡིག་རྒྱུགས་མ་འཕྲོད་པའི་བྱིས་པ་ལང་ཤོར་དང་རིག་རྟུལ་དག་ཡིན་སྟབས། རིགས་དང་པོ་གཉིས་པ་ཚོ་འཕྲལ་ཕུགས་ཀྱི་བདེ་འཇགས་ཆེད་ཐོག་མ་ནས་ཕྱིར་ལོག་རྩིས་མེད་པར་འཆར་གཞི་ལྡན་པའི་ཐོག་ནས་ཕྱི་སྐྱོད་བྱས་ཡོད་སྟབས། རྒྱ་ནག་གི་སློབ་གསོའི་བྱ་བར་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། ཡིག་རྒྱུགས་མ་འཕྲོད་པའི་རིགས་འབྱོར་འབྲིང་གི་བྱིས་པ་ཡིན་སྟབས། རྒྱལ་ཁབ་ཀྱི་ཤེས་ཡོན་ལ་དོ་སྣང་མེད་པར་དཔལ་འབྱོར་འཚོལ་བསྒྲུབ་ཨང་དང་པོར་འཇོག་ངེས་ཡིན་སྟབས། གཞན་དབང་འོག་རྒྱ་ནག་གི་ཤེས་ཡོན་སྒྲོམ་གཞིར་འགྱུར་བ་ཐེབས་རྒྱུ་རེད་ཟེར་བ་དེ་སེམས་འཁྲལ་ལྷག་མ་ཞིག་རེད་ཟེར།

འོན་ཀྱང་རྒྱ་ནག་གི་ཕྱི་སྐྱོད་སློབ་མ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད་པ་དེས་རྒྱ་ནག་མི་མང་གི་བསམ་སྤྱོད་གུ་ཡངས་རང་དབང་གི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྨོས་མེད་ཡིན་སྟབས། རྒྱ་ནག་གཞུང་གིས་ཀྱང་གནད་དོན་དེར་འདྲོག་མགོ་ལངས་ཏེ། ད་ལྟ་ནས་སྤྱི་ཚོགས་ནང་གླེང་ཕྱོགས་བཟོས་ཏེ་ཚོད་ལྟ་རང་བཞིན་གྱི་ཐོག་ནས་བསམ་ཚུལ་བསྡུས་ཏེ་ཆུ་མ་ཡོང་གོང་གི་རགས་སམ། ཡང་ན་བསམ་བློ་གཉིས་པ་ཞིག་གཏོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

རྒྱ་ནག་གི་ཤེས་ཡོན་པ་དང་མཐོ་རིམ་སློབ་ཕྲུག སློབ་མའི་ཕ་མ་ནང་མི་སོགས་མ་གཏོགས་ཆབ་སྲིད་དབང་འཛིན་པ་དང་འབྱོར་ལྡན་ཚོང་པའི་ཁྲོད་དུ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སློབ་གསོའི་ཇུས་ཆེན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་ཡིན། རྒྱལ་ཁབ་ལ་ཤ་ཚའི་གཏམ་སྤྱོད་སྤེལ་མཁན་འགའ་རེ་ཡོད་པ་དེ་དག་ཀྱང་མཐར་དེད་ན་ཁོ་ཚོ་སྒེར་གྱི་གོ་གནས་དང་ཁེ་ཕན་ཞིག་ལ་སྙེག་གི་ཡོད་སྟབས། རྒྱ་ནག་གི་སློབ་གསོའི་བྱ་བཞག་དེ་གནས་སྐབས་ཀྱི་ཆབ་སྲིད་མངོན་འདོད་སྒྲུབ་བྱེད་ཙམ་གྱི་ངོ་བོར་གྱུར་ཏེ་གཞུང་དམངས་བར་ན་སྐྱ་ཟད་སྔོ་གཏུགས་ཆགས་ཡོད།

ད་དུང་ཕྱིའི་ཤུགས་རྐྱེན་འགོག་ཆེད་ནང་གི་སློབ་གསོར་དུས་དང་བསྟུན་པའི་བཅོས་བསྒྱུར་ཆེན་པོ་ཞིག་མ་བཏང་ཚེ་རྒྱ་ནག་གི་ཕྱི་སྐྱོད་སློབ་མའི་ལམ་ཁ་འགོག་ཐབས་མེད་པ་མ་ཟད། རྒྱ་ནག་གི་སློབ་གསོའི་གནས་ཚད་སྔར་ལས་ཉམས་རྒུད་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སློབ་གྲྭར་མཚན་མཐོང་མེད་པ། གཅིག་བྱས་ན་རིམ་གྱིས། རྒྱ་ནག་གི་ན་གཞོན་ཚོར་རང་རྟོག་གི་བསམ་བློ་དང་སློབ་ཕྲུག་གི་ནང་མིར་རང་དོན་གྱི་ཧམ་སེམས་སྐྱེས་ཏེ་རྒྱ་ནག་ནང་སློབ་གསོའི་གསར་བརྗེ་ལས་འགུལ་ཞིག་འབྱུང་སྲིད་པའི་ཚོད་དཔག་བྱེད་མཁན་ཡང་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 6

  1. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་སྤེལ་བའི་དཔྱད་འགྲེལ་གསར་གནས་འདིའི་དོན་གནདརྒྱ་ནག་གི་སེམས་འཁྲལ་གསར་ཤོས་ལ་བསམ་གཞིག་བྱེད་སྐབས། སེམས་འཁྲལ་འདིའི་རྒྱབ་ཏུ་ང་ཚོར་ཡང་སེམས་འཁྲལ་ཞིག་མེད་དམ་སྙམ། གལ་ཏེ་ནང་སའི་མཐོ་འབྲིང་སློབ་གསོ་ཉམས་ཞན་དུ་གྱུར་པ་དང་། སློབ་ཕྲུག་ཇེ་ཉུང་དུ་སོང་ན། ནང་སའི་སློབ་གྲྭ་ཁག་གི་ས་སྟོང་དེ་དག་ནང་སའི་མཐའ་འཁོབ་གྲོང་གསེབ་དང་། གྲངས་ཉུང་མི་རིགས་ཁག་གི་སློབ་མས་བསྐང་རྒྱུ་ཡིན་པ་དང་། དེས་ན་གྲངས་ཉུང་མི་རིགས་ཁག་གི་མཐུན་མིན་རིག་གནས་འཛིན་སྐྱོང་བྱེད་པའི་ཁ་ཕྱོགས་ལ་ཤུགས་རྐྱེན་དེ་བས་ཆེ་བ་ཡོང་ཉེན་ཡོད།
    ཕྱོགས་གཞན་ནས་བཤད་ན། འབྱུང་འགྱུར་ནང་ད་བར་འབྱོར་ལྡན་དང་མཐོ་རིམ་པ་ཚོས་སྒེར་བཟུང་བྱས་པའི་སློབ་གསོའི་ལྟེ་གནས་ཁག་གཞི་ནས་དབུལ་ཕོངས་དང་། གྲངས་ཉུང་མི་རིགས་ཁག་ལ་འཐོབ་པ་དང་། དེས་ནང་སའི་འཕོ་འགྱུར་ལ་ཤུགས་རྐྱེན་ཐེབས་ངེས་རེད།

    Reply
  2. རིགས་ཀྱི་བུ། says:
    ལོ་ 11 སྔོན།

    གསར་འགྱུར་ཀློག་བདེ་བ་གློག་ན་གོ་རྒྱུ་ཡོད་པ། གོ་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་འབྲིས་འདུག་གོ་།

    Reply
  3. བསྟན་རྣམ། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་ཆེན་མོ་དོན་གྲུབ་བཀྲ་ཤིས་མཆོག་གིས་གསར་འགྱུར་ཧ་ཅང་ཡག་པོ་གོ་རྒྱུ་ཆེན་པོ་ཡོད་པ་བསམ་བློ་གཏོང་རྒྱུ་མང་པོ་ཡོད་པ་ཞིག་བྲིས་འདུག་ཐུགས་རྗེ་ཆེ། རྒྱ་ནག་གི་ཆབ་སྲིད་གཅིག་པོ་མ་ཡིན་པར་ཤཻས་ཡོན་དང་འཕྲོད་བསྟན་སོགས་ཕྱོགས་གང་ཐད་ནས་འདི་བཞིན་གཏིང་ཟབ་མོའི་ཐོག་ནས་སྔོག་སྟེ་གོ་བདེ་བའི་ཐོག་ནས་འབྲི་འགོད་གནང་ཐུབ་ན་ཧ་ཅང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  4. བོད་ཕྲུག says:
    ལོ་ 11 སྔོན།

    གསར་འགོད་པ། དོན་འགྲུབ་བཀྲ་ཤིས་ལགས་ནས་དཔྱད་ཞིབ་གཏིང་ཟབ་མོའི་གསར་འགྱུར་ཞིག་བྲིས་འདུག འདི་ལྟ་བུའི་གསར་འགྱུར་ཀློག་པ་ན་མིག་རྒྱ་ཆེན་པོ་སྐྱེད་ཡོང་གི་འདུག རྒྱ་ནག་གི་ཕྱིར་སྐྱོད་སློབ་མའི་གྲང་འབོར་དེ་བཙན་བྱོལ་བོད་མི་ཡོངས་རྫོགས་ལས་སྡབས་གཉིས་ཀྱིས་མང་བ་དེ་ལ་ང་རང་ཧ་ལས་སོང་

    Reply
  5. མཁར་སྟོད། says:
    ལོ་ 11 སྔོན།

    རྒྱ་ནག་གི་ལོ་གཞོན་མང་པོ་ཞིག་ཕྱི་ལོགས་སུ་སློབ་སྦྱོང་ལ་བསྐྱོད་ཐུབ་པ་ནི་གུང་ཁྲན་ཏང་གི་རྩ་ཁྲིམས་ལ་འགྱུར་བཅོས་གཏོང་བའི་རྨང་གཞིག་གཏིང་ཚར་བ་ལྟ་བུ་རེད། བསམ་བློའི་རང་དབང་གི་ཐོག་ནས་རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་སུ་ཡོད་པའི་རྒྱ་རིགས་རྣམས་ཀྱི་བསམ་སྤྱོད་ཀྱང་མི་མཐུན་པའི་གླེང་སློང་མང་པོ་ཡོང་གི་ཡོད། ཕྱི་ལོགས་སུ་ཡོད་པའི་ཀྲུང་གོའི་ན་གཞོན་ཚོས་མ་འོངས་པར་ཀྲུང་གོ་གསར་པ་ཞིག་འཛུགས་རྒྱུར་ལེགས་སྐྱེལ་འཕུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    Reply
  6. བློ་བཟང་རྡོ་རྗེ། says:
    ལོ་ 11 སྔོན།

    རྒྱ་ནག་གི་ཤེས་ཡོན་སློབ་གསོའི་སྟེང་དུ་ནོར་འཁྲུལ་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་རེད། རྒྱ་ནག་ཁོ་རང་ཚོས་ཁོ་རང་ཚོ་བུ་རབས་ཚ་བརྒྱུད་དེ་ནག་ཁུངས་ནང་འདེད་བཞིན་ཡོད་པ་རེད། རྒྱ་ནག་གི་གཅིག་སྡུད་སློབ་གསོ་གཏིང་ནག་དེས་དབང་གིས་ཕྱི་རྒྱལ་ཁག་ཏུ་ཡོང་མཁན་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་ལམ་སང་བསམ་བློར་འགྱུར་བ་དང་གུ་ཡངས་ཆགས་ཐུབ་ཀྱི་མི་འདུག ཡིན་ནའང་རྒྱ་ནག་གི་སློབ་ཕྲུག་མང་པོ་ནུབ་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་འདིས་རྩ་བའི་ཆ་ནས་རྒྱ་ནག་གི་ཕྱོགས་མང་པོ་ཞིག་ལ་ཤུགས་རྐྱེན་གང་འཚམས་ཤིག་འཐོན་གྱི་རེད་བམས་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese