མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་བྷོ་ལཱ་ནད་ཡམས་རྒྱ་གར་ལ་སླེབས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ལི་བྷེ་རི་ཡ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོང་མཁན་གྱི་རྒྱ་གར་བ་ཞིག་ལ་ཨི་བྷོ་ལཱའི་ནད་འབུ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་རིང་སླར་ཡང་རཱ་ཇི་སི་ཐན་མངའ་སྡེ་ནང་ཨི་བྷོ་ལ་ནད་པ་ཞིག་བྱུང་འདུག

ཟླ་འདིའི་ཚེས་ ༡༠ ཉིན་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལི་བྷེ་ཡི་ར་ཡ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་མཁན་ལོ་ན་ ༢༦ ཅན་གྱི་རྒྱ་གར་མི་སེར་ཞིག་ལ་རྒྱ་གར་རྒྱལ་ཡོངས་ནད་ཡམས་སྔོན་འགོག་ཚན་པ་དང་ནད་འབུ་དཔྱད་རིགས་ལྟེ་གནས་ཁང་ཟུང་འབྲེལ་ཐོག འདས་པའི་ཉིན་ཤས་རིང་བརྟག་ཐབས་མི་འདྲ་བ་རིགས་གསུམ་ལ་བགོས་ཏེ་བརྟག་དཔྱད་བྱས་པ་བརྒྱུད། ཁ་སང་ཁོའི་ཁུ་ཁྲག་ནང་ཨི་བྷོ་ལཱའི་ནད་འབུ་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། རྒྱ་གར་གྱི་འབྲེལ་ཡོད་འཕྲོད་བསྟེན་ཚན་པས་ཁོང་ལྡི་ལིའི་གནམ་ཐང་འཁྲིས་ཀྱི་སྨན་བཅོས་བརྟག་དཔྱད་ཚན་པ་ཞིག་ཏུ་ཟུར་བཀག་གིས་སྨན་བཅོས་བྱེད་བཞིན་ཡོད་འདུག འདི་ནི་རྒྱ་གར་ནང་ཨི་བྷོ་ལཱ་ནད་ཡམས་གྱི་གནས་ཚུལ་བྱུང་བ་ཐོག་མ་ཆགས་ཡོད་འདུག

རྒྱ་གར་རྒྱལ་ཡོངས་སྨན་དཔྱད་ཉམས་ཞིབ་ཚན་པའི་འགན་འཛིན་སྨན་པ་ཀཱ་ཌོ་ཅཱ་ (Dr V M Katoch) ལགས་ཀྱིས་རྒྱ་གར་དུས་བབ་གསར་འགོད་པར། “ཨི་བྷོ་ལཱ་ནད་ཡམས་ལས་དྲག་སྐྱེད་ཡོང་སྐབས་ཀྱི་ནད་པ་ཞིག་ཡིན་ཚེ། ནད་པ་དེས་སོ་སོའི་ལུས་ཐོག་གི་གཤེར་ཁུ་དང་རྔུལ་ཆུ་བརྒྱུད་མི་གཞན་ལ་ནད་འབུ་དེ་ཁྱབ་སྤེལ་གཏོང་ཐུབ་ཀྱི་ཡོད་སྟབས། ད་རེབ་ནད་པའི་ཁུ་ཁྲག་ནང་ནད་འབུ་ཡོད་པར་བརྟེན། ནད་པ་གང་ཞིག་ནད་ཡམས་ལས་དྲག་སྐྱེད་བྱུང་རྗེས་ཟླ་གསུམ་ནང་ཚུད་དུ་ཕོ་མོའི་ལུས་འབྲེལ་བྱས་ན་མི་གཞན་ལ་འགོས་ཁྱབ་ཀྱི་ཉེན་ཁ་ཡོད།”ཅེས་བརྗོད་འདུག

རྒྱ་གར་འཕྲོད་བསྟེན་བློན་ཆེན་ཎཱ་དྷ་ (J P Nadda) ལགས་ཀྱིས། ལི་བྷེ་རི་ཡ་ནང་ནས་ཨི་བྷོ་ལཱ་ནད་ཡམས་ལས་དྲག་སྐྱེད་བྱུང་བའི་གཞུང་འབྲེལ་ཡིག་ཆ་འཁྱེར་ཏེ། ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བའི་རྒྱ་གར་མི་སེར་དེར་རྒྱ་གར་འཕྲོད་བསྟེན་ཚན་པས་བརྟག་དཔྱད་རིམ་པ་བྱས་པ་བརྒྱུད་དེ། ཁོའི་ཁུ་ཁྲག་ནང་ཨི་བྷོ་ལཱའི་ནད་འབུ་ཡོད་པ་ཤེས་རྟོགས་བྱུང་སྟེ་ད་ལྟ་ཟུར་བཀག་སྨན་བཅོས་བྱེད་བཞིན་ཡོད་སྟབས། རྒྱ་གར་མི་མང་གིས་ཞེད་སྣང་བྱེད་དགོས་དོན་མེད།”ཅེས་བརྗོད་འདུག

ཉེ་ལམ་རྒྱ་གར་གྱི་མི་སེར་ཞིག་གིས་ལི་བྷེ་རི་ཡ་གཞུང་ལ་རྒྱ་གར་ལ་ཕྱིར་སྐྱོད་མཆོག་མཆན་ཞུས་པ་ལྟར་ཡིག་ཆ་སྤྲད་ཡོད་པའི་ནང་། “ཁོར་ཨི་བྷོ་ལཱ་ནད་ཡམས་བཅོས་ཐབས་ཀྱི་སྨན་བཅོས་བྱས་མཐར། དྲག་སྐྱེད་བྱུང་སྟེ་ནད་ཡམས་ཀྱི་རྟགས་མཚན་ཙམ་ཡང་མེད་སྟབས། ང་ཚོས་ཁོ་རྒྱ་གར་ནང་སྐྱོད་རྒྱུར་ཆོག་མཆན་སྤྲད་པ་ཡིན” ཞེས་འཁོད་ཡོད་འདུག ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་སླེབ་སྐབས་རྒྱ་གར་གྱི་འཕྲོད་ལས་ཚན་ པས་བརྟག་དཔྱད་བྱས་རྗེས་ཁོར་ཨི་བྷོ་ལཱ་ནད་འབུ་ཡོད་པ་ར་སྤྲོད་བྱུང་ཡོད་སྟབས། ཁ་སང་རྒྱ་གར་འཕྲོད་ལས་ཚན་པས་ཁོར་སྐད་ཆ་དྲིས་པར། ཟླ་སྔོན་མའི་ཚེས་ ༡༡ ཉིན་ཁོ་ལ་ཚ་ནད་ཕོག་སྟེ་ལི་བྷེ་རི་ཡའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་སྨན་བཅོས་བྱས་ཏེ། ཟླ་སྔོན་མའི་རྗེས་ ༣༠ ཉིན་སྨན་ཁང་ནས་ཐོན་པ་ཡིན་སྐོར་བརྗོད་ཡོད་འདུག

༢༠༡༤ ལོའི་ཟླ་ ༣ ནས་བཟུང་ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ཅིག་ནས་ཨི་བྷོ་ལཱ་ནད་ཡམས་ཁྱབ་བརྡལ་ཕྱིན་ཏེ་ད་ཆར་རྒྱལ་ཁབ་ ༨ ནང་ཁྱབ་སྟེ། ད་བར་མི་ ༥༡༧༧ ཙམ་རྐྱེན་ལམ་ཕྱིན་ཡོད་པ་མ་ཟད། མི་ ༡༤༤༡༣ ལྷག་ལ་ནད་ཡམས་དེ་འགོས་ཡོད་སྟབས། ཉེ་ལམ་ཨ་རིའི་སྲིད་འཛིན་གྱིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ནས་ཨ་རིར་ཡོང་མཁན་ཚོར་བརྟག་དཔྱད་ནན་པོ་བྱེད་དགོས་བཀའ་བཏང་ཡོད་པ་དང་། ཨོ་སི་ཊི་ལི་ཡ་དང་ཁེ་ན་ཌ་གཞུང་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ཁག་ཏུ་འགྲོ་འོང་བྱེད་མི་ཆོག་པ་བཟོས་ཡོད་འདུག

ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནང་རྒྱ་གར་གྱི་མི་ ༤༥༠༠༠ ལྷག་ཡོད་ཅིང་། ས་ཁུལ་ནང་ནད་ཡམས་དེ་ཁྱབ་པ་ནས་བཟུང་རྒྱ་གར་གྱི་འཕྲོད་བསྟེན་མི་སྣ་དང་ལས་བཟོ་བ་མང་དག་ཅིག་རྒྱ་གར་ནང་ཕྱིར་ལོག་བྱེད་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་ཕྱིར་ལོག་བྱེད་མཁན་ཚོར་ཨི་བྷོ་ལཱ་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཟླ་ ༡༠ ཚེས་ ༡༦ ཉིན་བར་ཕྱིར་ལོག་མཁན་རྒྱ་གར་བ་ ༢༢༠༠༠ ཙམ་ལ་རྒྱ་གར་གཞུང་གིས་བརྟག་དཔྱད་བྱས་ཡོད་པ་མ་ཟད། མི་ ༤༨༥ ཙམ་ཟུར་བཀག་གིས་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ཤར་ནང་ཨ་རིའི་ (Wall Street Journal) ཞེས་པས་གནས་ཚུལ་སྤེལ་བ་ཞིག་ནང་། ཟླ་འདིའི་ཚེས་ ༦ ཉིན་ལི་བྷེ་རི་ཡའི་མི་ཞིག་གིས་ཨི་བྷོ་ལཱ་ནད་ཡམས་ལས་ཐར་བའི་དགའ་རོགས་ལ་ལུས་འབྲེལ་བྱས་ཡོད་སྟབས། ནད་ཡམས་དེ་ཕོག་ནས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་སྤེལ་ཡོད་སྟབས། སྨན་བཅོས་མཁས་པས་ཉམས་ཞིབ་བྱས་པ་བརྒྱུད་ནད་འབུ་དེ་ཕོ་མོའི་ཁུ་ཁྲག་ནང་ཡོད་པ་གསར་དུ་ཤེས་རྟོགས་བྱུང་ཡོད་འདུག

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གི་གནད་ཡོད་རྒྱ་གར་བ་ཞིག་གིས་བརྗོད་དོན། “རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་པར་གཞིགས་ན།  ཨི་བྷོ་ལཱ་ནད་ཡམས་ཡོད་མཁན་གྱི་ནད་པ་དེར་སྨན་བཅོས་བྱས་ཏེ། ནད་པའི་ཁྲག་ནང་ནད་འབུ་མེད་ན་དྲག་སྐྱེད་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ང་ཚོས་འདས་པའི་སྙན་ཐོ་ཁག་ལ་ཉམས་ཞིབ་བྱས་པ་བརྒྱུད་ནད་འབུ་དེ་གཅིན་པ་དང་ཁུ་ཁྲག་ནང་དུའང་ཡིབ་སྡོད་བྱས་ཡོད་པ་ཤེས་ཏེ། ཕྱི་རྒྱལ་ནས་ཡོང་མཁན་ཚོར་ཞིབ་འཇུག་བྱས་ཏེ་ཐེངས་འདིའི་ནད་པ་དེའི་ཁུ་ཁྲག་ལས་ཨི་བྷོ་ལ་ནད་འབུ་རྙེད་པ་རེད།”ཞེས་བརྗོད་འདུག

དེ་རིང་སླར་ཡང་རྒྱ་གར་རཱ་ཇི་སི་ཐན་མངའ་སྡེ་ནས་ལྡི་ལིར་འགྲུལ་བཞུད་བྱེད་མཁན་ལོ་ན་ ༣༥ ཡིན་པའི་རྒྱ་གར་བ་ཞིག་ལ་ཨི་བྷོ་ལཱ་ནད་ཡམས་ཀྱི་ནད་རྟགས་ཐོན་ཡོད་སྟབས། ཇའེ་པུར་གྲོང་ཁྱེར་གྱི་མན་སིང་སྨན་ཁང་ (Sawai Man Singh Hospital) ནང་བསྐྱལ་ཏེ་ཟུར་བཀག་བརྟག་དཔྱད་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༨ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 5

  1. ཨ་ཕའི་བུ། says:
    ལོ་ 12 སྔོན།

    ཨོམ་མ་ནི་པདྨ་ཧུམ། ད་འཇིག་རྟེན་འདི་ན་བཞུགས་པའི་ལྷ་སྲུང་ཡོད་དོ་ཅོག་གཉིད་བསད་དེ་སོ་སོ་གསོལ་མཁན་རྣམས་སྐྱོབས་རན་འདུག་ད།

    ཧུམ་ཕགས་ཕགས། སོ་ཧཱ།

    Reply
  2. མཁར་སྟོད། says:
    ལོ་ 12 སྔོན།

    ནད་ཡམས་འདི་རྒྱ་གར་སྤྱི་ཚོགས་ལ་ཁྱབ་ཚེ་སྔོན་འགོག་གི་ཆ་རྐྱེན་སྐྱོ་བས་མི་གྲངས་༡༠༠༠༠གཅིག་གི་ཡན་ལ་སྲོག་སྐྱོན་ཡོང་རྒྱུ་ཡིན་པ་ཟླ་ཤས་སྔོན་ནས་ཉེན་བརྡ་བཏང་ཡོད།
    མ་ཟད་ཟླ་བཅུ་གཅིག་པའིནང་རྒྱ་ནག་ཏུ་ཡང་ཁྱབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།

    Reply
  3. བཀྲ་ཤིས་བཟང་པོ། says:
    ལོ་ 12 སྔོན།

    ནད་ཡམས་དེ་རྒྱ་གར་ནང་ཁྱབ་བརྡལ་སོང་བ་ཡིན་ན་བོད་མི་ཚོའི་ཁྲོད་ཁྱབ་བརྡལ་འགྲོ་རྒྱུ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་བོད་མི་མང་ཆེ་བ་ཚོང་པ་དང་ཡར་མར་འགྲིལ་བཞུད་བྱེད་མཁན་རེད། དེ་ནས་སློབ་གྲྭ་དང་དགོན་སྡེ་ཁག་ནང་མི་མང་པོ་མཉམ་སྡོད་བྱས་ཡོད་པས་བོད་པའི་སྤྱི་ཚོགས་ཁྲོད་ནད་ཡམས་དེ་ཁྱབ་བརྡལ་ཉེན་ཁ་ཆེ་ཤོས་རེད་བསམ་གྱི་འདུག རྒྱ་གར་གྲོང་གསེབ་དང་། ནམ་རྒྱུན་གནས་གཅིག་ཏུ་སྡོད་མཁན་ཚོར་ཉེན་ཁ་དེ་ཙམ་ཡོད་པ་མ་རེད།

    Reply
  4. བསྟན་འཛིན་གཡུ་སྒྲོན། says:
    ལོ་ 12 སྔོན།

    གསར་འགྱུར་འདི་མགོ་ནས་མཇུག་བར་ཐེངས་གཅིག་ཀློག་པའི་བརྒྱུད་རིམ་ཁྲོད། གཟུགས་པོར་རང་དབང་མེད་པར་འདར་སིག་ཐེངས་ཁ་ཤས་ལ་བྱུང་སོང་།
    ད་ང་ཚོ་ག་བ་ཞིག་ལ་འབྲོ་དགོས་མིན་འགྲོ་བསམ་ཡོང་གི་འདུག

    Reply
  5. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    གཟུགས་པོར་རང་དབང་མེད་པར་འདར་སིག་རྒྱག་ན་ནད་རྟགས་རེད། སྨན་པར་སྟོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese