མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་གི་སྐད་ཆ་བཤད་ཐུབ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནིའུ་ཛི་ལན་ཌིའི་ནང་སྐོར་སྐྱོད་བྱེད་ཀྱིན་ཡོད་པ་དང་བསྟུན་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད།

ཁ་སང་ནས་བཟུང་ཉིན་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནིའུ་ཛི་ལན་ཌི་རྒྱལ་ཁབ་ནང་སྐོར་སྐྱོད་མགོ་འཛུགས་བྱས་ཡོད་ཅིང་། དེ་རིང་ནིའུ་ཛི་ལན་ཌི་སྲིད་བློན་ཇོན་ཁེ་ (John Key)དང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་དེ་སྔའི་དཔྱ་ཁྲལ་མེད་པའི་ཚོང་དོན་གྲོས་མཐུན་འཕར་གྱང་བྱས་ཏེ། ༢༠༢༠ ལོའི་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༢༨ ཀྱི་ཚོང་འབྲེལ་བྱ་རྒྱུ་དང་། རྒྱ་ནག་དང་ནིའུ་ཛི་ལན་ཌིའི་བརྙན་འཕྲིན་ཁང་བར་མཉམ་ལས་གོང་འཕེལ་གཏོང་རྒྱུ། དེ་བཞིན། རྒྱ་ནག་གི་སློབ་མ་གང་མང་ནིའུ་ཛི་ལན་ཌིའི་ནང་བཏང་སྟེ་ཕན་ཚུན་ཤེས་ཡོན་སྤེལ་རེས་དང་། ཨན་ཌར་ཌི་ཀཱ་ (Antarctica) ནང་དམག་ཇུས་དང་ཁོར་ཡུག་སྲུང་སྐྱོབ་སོགས་དོན་ཚན་ ༡༠ ལ་མིང་རྟགས་བཀོད་ཡོད་འདུག འདི་ནི་ལོ་ངོ་ ༡༡ རྗེས་རྒྱ་ནག་གི་སྲིད་འཛིན་ནིའུ་ཛི་ལན་ཌིའི་ནང་བསྐྱོད་པ་ཐོག་མ་ཆགས་ཡོད་འདུག

ཐེངས་འདིར་རྒྱ་ནག་གི་སྲིད་སྐོར་སྐྱོད་དང་བསྟུན་ཏེ། དེ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ནིའུ་ཛི་ལན་ཌིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཐེངས་འདིར་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཚེས་ ༡༩ ཉིན་ནིའུ་ཛི་ལན་ཌི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཎོར་མན་ (Dr Russel Norman) ལགས་ཀྱིས་ཀྱང་། ད་རེབ་ཞི་ཅིན་ཕིན་ལ་ཐུག་རྒྱུའི་གོ་སྐབས་ཐོབ་ཚེ་བོད་དོན་གླེང་སློང་བྱ་རྒྱུ་ཡིན་སྐོར་དང་། གལ་ཏེ་ང་ཚོས་རང་དབང་མེད་མཁན་ཚོའི་ཆེད་དུ་སྐད་ཆ་བཤད་མ་ཐུབ་ན་སོ་སོར་རང་དབང་ཡོད་ཀྱང་ཕན་ཐོགས་མེད་སྟབས། ནིའུ་ཛི་ལན་ཌི་མང་ཚོགས་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་བྱས་ནས་སྐད་ཆ་བཤད་དགོས་ཞེས་བརྗོད་འདུག ནིའུ་ཛི་ལན་ཌི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་སྐལ་བཟང་ལགས་ཀྱིས། ཞི་ཅིན་ཕིན་གྱིས་ང་ཚོའི་གཞུང་དང་ཚོང་འབྲེལ་ཐོག་གྲོས་མོལ་བྱེད་ཀྱིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གིས་སོ་སོའི་ཚོང་འབྲེལ་ཁེ་ཕན་ཆེད་ཁ་གྲགས་ཐུབ་ཀྱི་མེད་པ་དེ་ནི་ངོ་ཚ་དགོས་པ་ཞིག་རེད། ཅེས་བརྗོད་འདུག

མདང་དགོང་ཞི་ཅིན་ཕིན་ནིའུ་ཛི་ལན་ཌིའི་ནང་འབྱོར་སྐབས། བོད་རིགས་དང་བོད་དོན་རྒྱབ་སྐྱོར་པ། རྩ་རླུང་སྒོམ་སྒྲུབ་པ་བཅས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། དེ་རིང་ཞི་ཅིན་ཕིན་དང་ནིའུ་ཛི་ལན་ཌིའི་སྲིད་བློན་རྣམ་གཉིས་ཐུག་འཕྲད་སྐབས། སྲིད་བློན་བཞུགས་གནས་མདུན་དུ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག

དེ་རིང་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཚོས་ཞི་ཅིན་ཕིན་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐབ་ཐང་ཐོག་དྲི་བ་བཏོན་པའི་ལན་དུ་ཞི་ཅིན་ཕིན་གྱིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བཞིན་ཡོད་པ་མ་ཟད། ད་དུང་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ནིའུ་ཛི་ལན་ཌིའི་སྲིད་བློན་གྱིས་རྒྱ་ནག་ནང་ཆབ་སྲིད་ལམ་ལུགས་གང་འདྲ་ཞིག་ལག་བསྟར་བྱེད་མིན་ནི། རྒྱ་ནག་མི་དམངས་ལ་རག་ལུས་ཡོད་སྟབས། མ་འོངས་པར་ཁོ་ཚོས་སོ་སོར་འཚམ་པའི་ཆབ་སྲིད་ལམ་ལུགས་གང་འདྲ་ཞིག་གི་ཐོག་བསྐྱོད་མིན་ཐག་གཅོད་བྱེད་ཀྱི་རེད་ཅེས་སོགས་བརྗོད་འདུག

ཐེངས་འདིར་རྒྱ་ནག་དང་ནིའུ་ཛི་ལན་ཌི་གཉིས་བར་གྱི་འབྲེལ་གཏུགས་ཐད། ཞི་ཅིན་ཕིན་གྱིས་བརྗོད་དོན། “རྒྱ་ནག་དང་ནིའུ་ཛི་ལན་ཌི་གཉིས་ཀྱི་འབྲེལ་ལམ་ནི་དམིགས་བསལ་ཞིག་ཡིན་སྟབས། ཐེངས་འདིའི་འབྲེལ་གཏུགས་བརྒྱུད་དེ་ཚོང་འབྲེལ་ཙམ་མིན་པར་རིག་གཞུང་བརྗེ་ལེན་དང་ཤེས་ཡོན་སྤེལ་རེས་སོགས་ལའང་མཉམ་ལས་གོང་མཐོར་བཏང་སྟེ། མ་འོངས་པར་རྒྱལ་ཁབ་གཉིས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་བྱ་རྒྱུ་ཡིན” ཞེས་བརྗོད་འདུག

༡༩༧༢ ལོར་ནིའི་ཛི་ལན་ཌིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་འཛིན་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ཏེ་དུས་ཡུན་གང་འཚམ་རིང་རྒྱལ་ཁབ་གཉིས་བར་ལོ་རེར་ཨ་སྒོར་ས་ཡ་ ༥༠ ལྷག་རེའི་ཚོང་འབྲེལ་བྱས་ཡོད་ཀྱང་། ༡༩༨༩ ལོའི་རྒྱ་ནག་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་ཐད། ནིའུ་ཛི་ལན་ཌིའི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པར་བརྟེན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཆད་ཡོད།

༡༩༩༣ ལོ་ཙམ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱུང་སྟེ་ ༢༠༠༤ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ནིའུ་ཛི་ལན་ཌིའི་ནང་བསྐྱོད་དེ། རྒྱལ་ཁབ་གཉིས་བར་ལོ་གསུམ་རིང་དཔྱ་ཁྲལ་མེད་པའི་ཚོང་དོན་གྲོས་མཐུན་བཞག་ཡོད་ཅིང་། ༢༠༠༧ ལོར་རྒྱ་ནག་དང་ནིའུ་ཛི་ལན་ཌིའི་བར་ཨ་སྒོར་ཐེར་འབུམ་ ༥།༧༥ ལྷག་གི་ཚོང་འབྲེལ་བྱས་ཡོད་པ་དང་། ༢༠༠༨ ལོའི་ཟླ་ ༤ ཚེས་ ༧ ཉིན་ནིའུ་ཛི་ལན་ཌིའི་སྲིད་བློན་ཧེ་ལན་(Helen Clark)རྒྱ་ནག་ཏུ་བསྐྱོད་དེ། རྒྱ་ནག་ལ་ཕྱིར་ཚོང་བྱེད་བཞིན་པའི་ནིའུ་ཛི་ལན་ཌིའི་ཚོང་ཟོག་གསུམ་ཆ་གཅིག་ལས་དཔྱ་ཁྲལ་རྒྱག་མི་ཆོག་པའི་གྲོས་མཐུན་བཞག་རྗེས། ༢༠༠༩ ནས་ ༢༠༡༤ བར་རྒྱལ་ཁབ་གཉིས་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༥ རེ་ཡི་ཚོང་འབྲེལ་བྱས་ཡོད་པ་དང་། ད་རེབ་སླར་ཡང་ ༢༠༢༠ ལོ་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༨ ཀྱི་ཚོང་འབྲེལ་གྲོས་མཐུན་བཞག་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 8

  1. ཨ་ཕའི་བུ། says:
    ལོ་ 12 སྔོན།

    དྲ་གྲོགས་རྒྱ་རྙི་ལགས་ཀྱི་བཀའ་མོལ་གསུངས་སྟངས་ལ་བལྟས་ན་དངོས་གནས་རྒྱུ་མཚན་ཡང་དག་འདུག ཐུགས་བརྗེ་ཆེ། འོན་ཀྱང་ཚིག་རྩུབ་འབྲི་སྟངས་ལ་བལྟས་ན་བསམ་རྒྱ་ཆུང་ཆུང་ཞིག་ཡོད་བཟོ་འདུག ༼དྲི་མ་ཅན་གྱི་རང་གི་ངོ་གདོང་དེ་མཐོང་ངེས་རེད།༽ འདི་འདྲའི་ཚིག་རྩུབ་སྨྲས་ན་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུར་བསམ་ཚུལ་བསྡུ་རུབ་ཡོང་རྒྱུ་ཁག་པོ་ཡོང་བ་འདུག
    གོ་བསྡུར་དང་སྐྱོན་ཆར་ཡོ་སྲང་གི་ཐོག་ནས་ང་ཚོ་ཡར་རྒྱས་གཏོང་དགོས་པ་ལས་སྡུག་སེམས་གནག་པོས་གཞན་ལ་སྐྱོན་བརྗོད་བྱས་ན་འཛམ་གླིང་འདིའི་ནང་འགྲིག་པ་ཕལ་ཆེར་དོ་བདག་སོ་སོ་རང་མ་གཏོག་མེད་པ་རེད།

    Reply
  2. རྒྱ་རྙི། says:
    ལོ་ 12 སྔོན།

    ཨ་ཕའི་བུ་ཡིས་སྐད་ཆ་བཤད་སྟངས་དང་ཡིག་ནོར་འབྲི་སྟངས་ཀྱིས་ཁོའི་དམིགས་ཡུལ་དང་ཤེས་ཚད་གཉིས་ཀ་ཤེས་ཐུབ་ཀྱིན་འདུག སྤྱི་ཚོགས་དང་། སྒྲིག་་འཛུགས། མི་གཞན་སོགས་ལ་འཛུབ་མོ་མ་བཙུག་གོང་རང་ལ་འཛུབ་མོ་ཞིག་ཚུགས་དང་། དྲི་མ་ཅན་གྱི་རང་གི་ངོ་གདོང་དེ་མཐོང་ངེས་རེད།

    Reply
  3. རྒྱ་རྙི། says:
    ལོ་ 12 སྔོན།

    ཨ་ཕའི་བུ་ཡིས་སྐད་ཆ་བཤད་སྟངས་དང་ཡིག་ནོར་འབྲི་སྟངས་ཀྱིས་ཁོའི་དམིགས་ཡུལ་དང་ཤེས་ཚད་གཉིས་ཀ་ཤེས་ཐུབ་ཀྱིན་འདུག སྤྱི་ཚོགས་དང་། སྒྲིག་་འཛུགས། མི་གཞན་སོགས་ལ་འཛུབ་མོ་མ་བཙུག་གོང་རང་ལ་འཛུབ་མོ་ཞིག་ཚུགས་དང་། དྲི་མ་ཅན་གྱི་རང་གི་ངོ་གདོང་དེ་མཐོང་ངེས་རེད།

    Reply
  4. རྒྱ་རྙི། says:
    ལོ་ 12 སྔོན།

    ཨ་ཕའི་བུ་ཡིས་སྐད་ཆ་བཤད་སྟངས་དང་ཡིག་ནོར་འབྲི་སྟངས་ཀྱིས་ཁོའི་དམིགས་ཡུལ་དང་ཤེས་ཚད་གཉིས་ཀ་ཤེས་ཐུབ་ཀྱིན་འདུག སྤྱི་ཚོགས་དང་། སྒྲིག་་འཛུགས། མི་གཞན་སོགས་ལ་འཛུབ་མོ་མ་བཙུག་གོང་རང་ལ་འཛུབ་མོ་ཞིག་ཚུགས་དང་། དྲི་མ་ཅན་གྱི་རང་གི་ངོ་གདོང་དེ་མཐོང་ངེས་རེད།

    Reply
  5. ཨ་ཕའི་བུ། says:
    ལོ་ 12 སྔོན།

    ད་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་བཞེས་རན་འདུག

    Reply
  6. ཨ་ཕའི་བུ། says:
    ལོ་ 12 སྔོན།

    དེ་མ་ཏོག་དེང་དུས་ཀྱི་ཤེས་ཡོན་ལེན་ཁུལ་གྱི་རང་རེའི་ཆོས་རྒྱུད་སྤྱོད་བཟང་དང་ནང་བསྟན་མཛོད་རྣམས་དོར་སྟེ་མི་ཚེ་སྐྱེལ་བ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་མིན་འགྲོ།
    དཔེར་ན། སློབ་གྲྭ་ཁག་ནང་གི་བོད་ཕྲུག་ཚོའི་ར་མ་ལུག་གི་སྐད་ཡིག་དང་གཅིག བོད་མིའི་སྒྲིགས་འཛུགས་ཀྱི་རང་དོན་ཁོག་ནང་བཅུག་ གཞན་དོ་ཁ་རུ་འཁྱེར་མཁན་གྱི་གཉིས་ ཕྱི་ཁག་སྒེར་ཚོགས་རང་འགོ་གང་ཐོན་གནང་མཁན་གྱི་བཞི ལས་མེད་ཟང་ཟིང་ལ་དགའ་མཁན་སྤྲང་འཁྱམ་པ་ལྔ།

    Reply
  7. ཨ་ཕའི་བུ། says:
    ལོ་ 12 སྔོན།

    ད་ཕལ་ཆེར་ང་ཚོས་སྐད་འབོད་དང་ངོ་བརྒོལ་བྱེད་རྒྱུ་མང་དྲགས་ཡོད་ས་རེད།
    འཛམ་གླིང་མི་མང་ཚོས་ང་ཚོའི་ཆབ་སྲིད་གནས་ཚུལ་གོ་དུས་ཉོབ་འགྲོ་བའི་བཟོ་འདྲ་འདུག
    ད་ང་ཚོས་གོམ་པ་གཞན་ཞིག་སྤོ་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད་འདུག དེ་ཡང་ཕྲན་གྱི་བསམ་བློར་བོད་པ་མི་རེ་ངོ་རེས་འགན་འཁུར་བཞེས་ནས་རང་མི་རིགས་ཀྱི་སྐད་ཡིག་སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་སྟེ་བེད་སྤྱོད་གོང་ཐོར་བཏང་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉིང་ཁུ་ལེན་ཐུབ་པ་བྱས་སྟེ་འཛམ་གླིང་མི་མང་ལ་ཉིན་རེར་བྱ་བཞག་གི་ཐོག་ནས་མིག་དཔེ་དང་ཁོང་ཚོར་ནང་བསྟན་ངོ་སྤྲོད་སོགས་བྱས་སྟེ་བོད་མི་རིགས་འདི་འཛམ་གླིང་འདིའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་ངོ་སྤྲོད་བྱེད་དགོས་འདུག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གསར་འགོད་པ་དོན་གྲུབ་ལགས།
    ད་རེབ་འདི། ད་རེས་དང་། ཐུག་ཁྲིད་འདི། ཐུག་ཕྲད་ལ་བཅོས་དགོས་མི་འདུག་གམ། ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese