མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་འགའི་ནང་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པ་དང་། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མི་མང་པོ་ཕྱི་རྒྱལ་ཁག་ཏུ་སྐྱོད་པ་དང་ཕྱིར་བོད་དུ་ལོག་པ་སོགས་ལ་བརྟེན་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་དང་དགོན་སྡེ། དེ་བཞིན་གཞིས་ཆགས་ཁག་སོགས་སུ་མི་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཞིག་མེ་བཙའ་ཤ་ལ་ཟུག་པ་ལྟར་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་ལྟ་བུར་མཚོན་ན། བོད་ནས་ཡོང་བའི་གསར་འབྱོར་བ་རྐྱང་བས་གྲུབ་པའི་སློབ་གྲྭ་ཞིག་ཡིན་སྟབས། སློབ་རྒྱུན་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་མངོན་གསོལ་དོད་ཤོས་དེ་ཆགས་འདུག

ཉེ་སྔོན་འདི་གའི་གསར་འགོད་པས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་སུ། སློབ་གྲྭའི་སྤྱིའི་གནས་སྟངས་དང་དཀའ་ངལ་སོགས་ཀྱི་ཐོག་བཅར་འདྲི་ཞུས་དོན་ལྟར་ན། ༢༠༡༡ ལོར་ཤེས་རབ་དགའ་ཚལ་སློབ་གླིང་སཾ་བྷོ་ཊའི་ཁོངས་སུ་རྩིས་ལེན་བྱས་རྗེས། སློབ་ཡུན་ལོ་ ༥ ནས་ ༨ ལ་སྤར་བ་དང་སློབ་གྲྭ་གཞན་དང་དགོན་སྡེ་སོགས་ནས་སློབ་མཐར་མ་འཁྱོལ་བ་ཚོར་བསྐྱར་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་བསྐྲུན་པ། ལྷག་པར་དུ་ཤེས་ཡོན་ལ་དོ་སྣང་ཡོད་མཁན་ཚོར་རྒྱ་གར་རྒྱལ་ཡོངས་ནང་ངོས་ལེན་ཡོད་པའི་སློབ་ཐོན་ལག་འཁྱེར་ཐོབ་ཆེད་སྒྲོམ་གཞི་མེད་པའི་སློབ་སྦྱོང་(Open School)སྡེ་ཚན་ཆེད་འཛུགས་གནང་བ་སོགས་འགྱུར་བ་མང་པོ་བཏང་ཡོད་འདུག

ཤེས་རབ་དགའ་ཚལ་སློབ་གླིང་དེ་ཐོག་མ་ ༡༩༩༣ ལོར་གསར་འཛུགས་བྱས་ཡོད་པ་དང་། དང་ཐོག་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་འོག་སློབ་ཡུན་ལོ་གཅིག་དང་རིམ་གྱིས་ལོ་ ༣ ། དེ་ནས་ལོ་ ༥ བཅས་སུ་སྤར་ཡོད་པ་དང་། ༢༠༡༡ ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སཾ་བྷོ་ཊའི་ཁྱབ་ཁོངས་འོག་རྩིས་ལེན་བྱས་པ་དང། ༢༠༡༣ ལོ་ནས་བཟུང་སློབ་ཡུན་རིང་ཤོས་ལོ་ ༨ ཡིན་ཡང་། ཚེམ་བཟོ་ལ་ལོ་ ༣། མ་བྱན་སྦྱོང་བརྡར་ལ་ལོ་ ༡།༦། ལྷ་བྲིས་ལ་ལོ་ ༥། གློག་ཀླད་ཆེད་སྦྱོང་ལ་ལོ་ ༣ སོགས་སྡེ་ཚན་མི་འདྲ་བར་སློབ་སྦྱོང་གི་དུས་ཡུན་ཡང་མ་འདྲ་བ་ཡོད་འདུག ད་ལྟའི་ཆར་སློབ་གྲྭའི་ནང་བུ་ ༡༡༥ དང་བུ་མོ་ ༧༥ བཅས་ཁྱོན་སློབ་མ་ ༡༩༠ དང་། དགེ་ལས་ ༤༢ བཅས་ཡོད་འདུག

སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། ༢༠༡༣ ལོ་ནས་སློབ་གྲྭའི་ནང་གསར་དུ་སླེབ་པའི་ཐོག་མའི་ལོ་ ༣ ལ་སྐད་ཡིག་གི་རྨང་གཞི་རང་གི་ཐོག་ཤུགས་རྒྱག་གི་ཡོད་པ་དང་། དེའི་རྗེས་སོ་སོའི་འདོད་མོས་ལྟར་སྡེ་ཚན་ཁག་ ༦ ནང་འཛུལ་ཞུགས་བྱེད་ཆོག་ཀྱང་། དབྱིན་ཡིག་ལ་དོ་སྣང་ཡོད་མཁན་ཚོ་རང་བཞིན་གྱིས་སྒྲོམ་གཞི་མེད་པའི་སློབ་སྦྱོང་ནང་འཛུལ་གྱི་ཡོད་པ་དང་། བོད་ཡིག་ལ་དོ་སྣང་ཡོད་མཁན་ཚོ་མཚམས་སྦྱོར་འཛིན་གྲྭའི་ནང་འཛུལ་གྱིན་ཡོད་འདུག ཁོང་མོས་བརྗོད་དོན། “སྤྱིར་བཏང་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་པ་ཐོན་རྗེས་སྡེ་ཚན་མང་པོ་ཡོད་ཀྱང་། འདིར་འབྱུང་རིགས་སྡེ་ཚན་མ་གཏོགས་ཡོད་པ་མ་རེད། ཡིན་ནའང་། སློབ་ཚན་དེ་ཚོ་རྒྱ་གར་རང་གི་ཡིན་སྟབས་བོད་ནས་གསར་དུ་འབྱོར་བ་ཚོ་ས་ཆའི་མིང་སོགས་ལ་ཆ་རྒྱུས་མེད་པའི་དཀའ་ངལ་ཏོག་ཙམ་འཕྲད་ཀྱིན་འདུག ལོ་རེ་བཞིན་སློབ་མ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་དཀའ་ངལ་ཆེན་ཤོས་རེད” ཅེས་བརྗོད་སོང་།

འཛིན་རིམ་བཅུ་པའི་སློབ་མ་བདེ་སྟོང་ལགས་སུ་བཅར་འདྲི་ཞུས་པར། ང་ཚོས་དཀའ་ལས་མང་པོ་ཞིག་བརྒྱབ་སྟེ་བོད་ནས་རྒྱ་གར་དུ་ཡོང་བ་དང་། ལྷག་པར་དུ་ཕ་ཡུལ་ནས་དབྱིན་ཡིག་སྦྱོང་བའི་གོ་སྐབས་མེད་སྟབས། ད་ཆར་དབྱིན་ཡིག་ཐོག་ཤུགས་རྒྱག་དགོས་བསམ་པའི་སེམས་ཤུགས་ཆེན་པོ་འདུག རྒྱ་གར་གྱི་ས་ཆ་དང་མིའི་མིང་སོགས་མ་ཤེས་པའི་དཀའ་ངལ་ཅུང་ཙམ་འདུག་མ་གཏོགས་སོ་སོས་དཀའ་ལས་རྒྱག་ཐུབ་ན་དབྱིན་ཡིག་རང་གི་ཐོག་དཀའ་ངལ་ཞེ་དྲག་མི་འདུག མ་འོངས་པར་འཛིན་གྲྭ་བཅུ་པ་མཐར་ཕྱིན་རྗེས། མུ་མཐུད་འཛིན་གྲྭ་བཅུ་གཉིས་འདོན་དགོས་བསམ་ཡོད། ཅེས་བརྗོད་སོང་།

འཛིན་རིམ་བཅུ་གཉིས་ཡིན་པའི་བུ་མོ་བཀྲ་ཤིས་ཆོས་མཚོ་ལགས་ཀྱིས། ང་རང་སྐྱེས་ས་གྲོང་གསེབ་ཡིན་སྟབས། བོད་དུ་སློབ་སྦྱོང་གི་གོ་སྐབས་རག་མྱོང་མེད། ཅུང་ཙམ་ཆེན་པོ་ཆགས་དུས་འགྲོ་འདོད་ཞེ་དྲག་ཡོད་ཀྱང་ལོ་ཆེན་པོ་ཆགས་ཚར་བ་རེད། འདིར་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་འདི་འདྲ་རག་དུས་ང་རང་སྒྲོམ་གཞི་མེད་པའི་སློབ་སྦྱོང་གི་ཁོངས་སུ་འཛུལ་ཞུགས་བྱས་པ་ཡིན། སྤྱིར་བཏང་དབྱིན་ཇིའི་སྐད་དེ་སྐད་གསར་པ་ཞིག་ཡིན་སྟབས། ཐོག་མ་ཏོག་ཙམ་དཀའ་ངལ་འཕྲད་སོང་། ཡིན་ནའང་ད་ལྟ་དཀའ་ངལ་དེ་ཙམ་མི་འདུག ཅེས་བརྗོད་སོང་།

སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་སྒྲོམ་གཞི་མེད་པའི་སློབ་སྦྱོང་གི་གནས་སྟངས་དང་། མ་འོངས་པར་མཐོ་སློབ་ཏུ་འགྲོ་བར་སློབ་ཡོན་གྱི་རོགས་རམ་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། སྒྲོམ་གཞི་མེད་པའི་སློབ་སྦྱོང་དེ་ཕྱི་ལོ་ ༢༠༡༡ ལོར་སློབ་གྲྭ་རྩིས་ལེན་གནང་རྗེས་སློབ་ཕྲུག་ལ་འདོད་པ་ཡོད་པ་ལྟར་བཙུགས་པ་རེད། ད་ལྟའི་ཆར་འཛིན་གྲྭ་བཅུ་པར་སློབ་ཕྲུག་ ༢༣ དང་། འཛིན་གྲྭ་བཅུ་གཉིས་ནང་སློབ་མ་ ༨ ཡོད། ཁོང་ཚོའི་བསླབ་གཞི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་བསླབ་གཞི་རེད། ཡིན་ནའང་སྒྲོམ་གཞི་མེད་པའི་སློབ་སྦྱོང་ལ་སློབ་ཚན་གྱི་གདམ་ག་ཏོག་ཙམ་མང་བ་ཡོད་པ་རེད། ལོ་རྗེས་མའི་ཕྱི་ཟླ་ ༤ པར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྩལ་གཏོང་དགོས་པ་དང། ཡིག་རྩལ་བཏང་ནས་ཟླ་ ༣ ཙམ་གྱི་རྗེས་ལ་གྲུབ་འབྲས་འཐོན་ཡོང་གི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ ༡༠ ལ་སློབ་ཡོན་གནང་གཏན་འཁེལ་ཡོད་པ་མ་ཟད། སློབ་ཡོན་གྱི་བརྒྱ་ཆའི་ཚད་གཞི་ལའང་དམིགས་བསལ་ཡོད་པ་རེད། ཡིན་ནའང་། རྒྱ་གར་གྱི་མཐོ་སློབ་ཁ་ཤས་ལ་སློབ་མའི་ལོ་དང་བརྒྱ་ཆ་ལ་ཚད་གཞི་ཡོད་སྟབས། གནས་སྟངས་དེ་དག་ལ་བལྟ་དགོས་ཆགས་ཀྱི་ཡོད་པ་རེད། གལ་སྲིད་ཁོང་ཚོ་ཐད་ཀར་མཐོ་སློབ་ལ་འགྲོ་མ་ཐུབ་ཀྱང་། ཡིག་འབྲེལ་གྱི་ལམ་ནས་མཐོ་སློབ་ཀྱི་སློབ་སྦྱོང་རག་པའི་ལམ་ཁ་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་ལེན་མཁན་ག་ཚོད་ཡོད་པ་དང་སློབ་འཇུག་བྱེད་པར་ཆ་རྐྱེན་ག་རེ་ཚང་དགོས་དྲིས་པར། ད་ལྟའི་བར་གོ་སྐབས་གཉིས་པ་ལེན་མཁན་སེར་སྐྱ་ ༣༡ བྱུང་འདུག སློབ་འཇུག་བྱེད་པར་ཐོན་ཁུངས་ཆོས་སྡེ་དང་སློབ་གྲྭ་ཁག་གི་ཆ་རྐྱེན་མི་འདྲ་བ་རེད། དཔེར་ན། ཆོས་སྡེ་ཁག་ནས་ཡིན་ན། ༡། ཐོན་ཁུངས་ཆོས་སྡེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ་ཡོད་པ། ༢། ཐོན་ཁུངས་ཆོས་སྡེར་ཞུགས་ནས་ལོ་གསུམ་ལྷག་ལས་ཕྱིན་མེད་པ། ༣། ཐོན་ཁུངས་ཆོས་སྡེ་ནས་གནས་དབྱུང་ཕྱིར་འཕུད་བཏང་རིགས་མ་ཡིན་པ། ༤། ཞུགས་ཡུལ་སློབ་ཁང་གི་སྒྲིག་གསལ་ལོ་ཚད་ལས་མ་བརྒལ་བ། ༥། གསར་འབྱོར་གྲྭ་བཙུན་གྱི་འཚོ་དོད་དང་སློབ་དོད་ཐོབ་མཁན་ཡིན་ན། ཆོས་སྡེ་ནས་ཆོས་རིག་ལས་ཁུངས་ལ་དེ་དག་མཚམས་འཇོག་ཡོང་བར་ཞུས་པའི་ཡི་གེའི་ངོ་བཤུས་ཡོད་དགོས་པ་བཅས་རེད། སློབ་གྲྭ་གཞན་ནས་ཡིན་ན། ༡།ཐོན་ཁུངས་སློབ་གྲྭ་སོ་སོ་ནས་དགག་བྱ་མེད་པའི་ཡི་གེ་ཡོད་པ། ༢། བོད་ཁྱིམ་གཉིས་གང་རུང་གི་སློབ་ཁོངས་སུ་ཞུགས་ནས་ལོ་གཉིས་ལྷག་ཕྱིན་མེད་པ། ༣། ཐོན་ཁུངས་སློབ་གྲྭ་ནས་གནས་དབྱུང་ཕྱིར་འཕུད་བཏང་རིགས་མ་ཡིན་པ། ༤། ཤེས་རབ་དགའ་ཚལ་སློབ་གླིང་གི་སྒྲིག་གསལ་ལོ་ཚད་ལས་མ་བརྒལ་བ་བཅས་རེད། སློབ་ཞུགས་འདི་རིཊ་ལ་རང་ལོ་ ༡༨ སོན་མེད་ཀྱང་ཆོག་པ་རེད།

ཤེས་རབ་དགའ་ཚལ་སློབ་གླིང་རང་ནས་ཐོན་པ་དང་སློབ་གྲྭ་གཞན་གང་ནས་ཡིན་ཡང་། ཤེས་རབ་དགའ་ཚལ་སློབ་གླིང་གི་ལས་རིགས་སྦྱོང་བརྡར་ནང་ཞུགས་འདོད་ཡོད་ན། ༡། ༢༠༡༢ ལོའི་གོང་དུ་ཕྱིར་ཐོན་པ་ཞིག་ཡིན་དགོས། ༢། ཐོན་ཁུངས་སློབ་གྲྭ་གཞན་ནམ་ཆོས་སྡེ་གང་ཡིན་ཡང་དེ་ནས་སློབ་མཐར་མ་སོན་པའི་ངོས་སྦྱོར་ཡི་གེ་དགོས། ༣། ཐོན་ཁུངས་ནས་གནས་དབྱུང་ཕྱིར་འཕུད་བཏང་རིགས་མ་ཡིན་པ། ༤། ཞུཊ་ཡུལ་གཞུང་འབྲེལ་ལས་རིགས་སློབ་ཁང་སོ་སོའི་དགོས་ངེས་ཆ་རྐྱེན་ཁག་ཚང་བ་བཅས་ཡིན་དགོས་པ་རེད། སློབ་སྦྱོང་དང་ལས་རིཊ་སྦྱོང་བརྡར་གང་ཡིན་ཡང་ཐོག་མའི་ཆ་རྐྱེན་དེ་བོད་ནས་འབྱོར་བ་ཞིག་ངེས་པར་དུ་ཡིན་དགོས་པ་རེད། ཅེས་བརྗོད་སོང་།

ཤེས་རབ་དགའ་ཚལ་སློབ་གླིང་སློབ་ཕྲུག་ཉུང་དུ་ཕྱིན་པ་དང་མཉམ་དུ་སློབ་གྲྭར་རང་བཞིན་གྱིས་ཉམས་རྒུད་ཀྱི་རྣམ་པ་ཞིག་འཐོན་བཞིན་ཡོད་སྟབས། མ་འོངས་པར་ཡར་རྒྱས་གཏོང་ཐབས་ཀྱི་འཆར་གཞི་གསར་པ་དེ་འདྲ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་དམིགས་བསལ་འཆར་གཞི་གསར་པ་དེ་འདྲ་མེད། སྤྱིར་བཏང་མི་ཉུང་དུ་འགྲོ་བཞིན་ཡོད་པ་དེ་ང་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་གཅིག་པུ་མ་རེད། བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་དང་དགོན་སྡེ་ཁག དེ་བཞིན་གཞིས་ཆགས་ཁག་སོགས་ཀྱི་ནང་མི་ཉུང་དུ་ཕྱིན་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་གི་མི་ཁ་ཤས་ཀྱིས་དེ་ལ་འཁྱོག་བཤད་བྱེད་ཀྱི་འདུག་སྟབས། དེ་རིང་ངས་འཁྱོག་བཤད་དེ་གསལ་བོ་བཟོས་ན་བསམ་སོང་། མི་ཁ་ཤས་ཀྱིས་ང་ཚོ་འཛིན་སྐྱོང་གི་ངོས་ནས་མཐུན་རྐྱེན་བསྐྲུན་མ་ཐུབ་པ་དང་། ཡག་པོ་མ་བྱས་པའི་རྐྱེན་གྱིས་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་སྐོར་རྗོད་ཀྱི་ཡོད་ཀྱང་དེ་རྩ་བ་ཉིད་ནས་མ་རེད། དཔེར་ན། ཤེས་རབ་དགའ་ཚལ་སློབ་གླིང་ལྟ་བུ་ཡིན་ན་སློབ་སྦྱོང་གི་མཐུན་རྐྱེན་སྔར་ལས་ཡག་ཏུ་ཕྱིན་ཡོད་པ་རེད། ཡིན་ནའང་། ཆབ་སྲིད་ཀྱི་འཕོ་འགྱུར་ཞིག་གི་དབང་གིས་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཡོད་པ་ལས། འཛིན་སྐྱོང་གི་ངོས་ནས་ལྟ་སྐྱོང་མ་ཐུབ་པ་མ་རེད། ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་མ་ ༡༨༠ ལྷག་ཡོད་ལ། མ་འོངས་པར་བོད་ནས་མི་མང་ཙམ་ཡོང་ཐུབ་པར་ང་ཚོས་མུ་མཐུད་རེ་བ་རྒྱག་གི་ཡོད། གང་ཡིན་ཟེར་ན། ཆབ་སྲིད་ཀྱི་འཕོ་འགྱུར་ཟེར་བ་དེ་ལམ་སང་འགྱུར་བ་འགྲོ་ཆོག་ཆོག་ཅིག་ཡོད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 4

  1. གངས་ལྡོམ། says:
    ལོ་ 11 སྔོན།

    སྔོན་ཆད་བོད་ནས་གསར་འབྱོར་མང་པོ་ཡོང་པའི་སྐབས་སུ།
    སློབ་གྲྭའི་ནང་གནད་དོན་ཆུང་ཙིག་བྱུང་པ་དང་། ལམ་སེང་སློབ་ཕྲུག་ཕྱིར་ཕུད་རྐྱང་གནང་ཡོད།

    ད་དུང་གསར་འབྱོར་ཚོར་མཐོང་ཆུང་ཞེ་པོ་བྱས་པ་རེད།

    Reply
  2. ཉི་མ་རྒྱལ་མཚན། says:
    ལོ་ 11 སྔོན།

    སྤྱིར་བཏང་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་རེད། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས། འགྱོད་པ་སྐྱེས་ཀྱང་འཕྱི་འདུ་ཟེར་བ་ལྟར། བོད་ནས་ཕེབས་མཁན་མང་པོ་ཡོད་དུས་༼གསར་འབྱོར།༽ཞེས་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས། དབྱེ་འབྱེད་སོགས་བྱས་པའི་གནས་ཚུལ་མང་པོ་བྱུང་བ་རེད། དེང་སྐབས་བོད་ནས་ཕེབས་མཁན་མཚམས་ཆད་པ་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ཨ་ཅང་ཅང་། དགོན་སྡེ་ཁག་དང་བཙན་བྱོལ་བོད་མིའི་སྡེ་ཚན་དང་ལས་ཁུངས་ཁག་མང་པོ་ཞིག་སྐད་ངན་ཤོར་སྡོད་ཀྱི་ཡོད་པ་རེད། དེའི་སྐོར་ལ་མང་པོ་བཤད་ན་ཡག་པོ་མི་འདུག
    དེ་ནས་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་ཡིན་ནའང་ཤཻས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་སྤྲོད་བཞིན་པ་དེ་ཡག་པོར་མཐོང་སོང་། གང་ཡིན་ཟེར་ན་གྲྭ་ས་ཁག་ནས་འདུག་འདོད་མེད་པད་ང་སློབ་གཉཻར་ཁུངས་མ་འཁྱོལ་མཁན། དེ་ནས་སློབ་གྲྭ་གཞན་ནས་ཐོན་ཏེ་ལས་ཀ་སོགས་མ་རེག་མཁན་དང་། སློབ་གྲྭ་དང་དགོན་པ་སོགས་ནས་སྡོད་འདོད་མེད་པར་ཕྱི་ལོག་ལ་ཐོན་པའི་རྗེས་ལ་ཡར་མར་ཁུངས་མ་འཁྱོལ་བར་བསྐྱར་དུ་སློབ་སྦྱོང་གི་བསམ་བློ་འཁོར་བསྡད་ཡོད་མཁན་སོགས་ལ་གོ་སྐབས་ཡག་པོ་རེད་བསམ་གྱི་འདུག མཐའ་དོན་འགན་འཛིན་མཆོག་ནས་ལམ་ཁ་འདི་འདྲ་ཞིག་གསར་གཏོད་གནང་བ་དེ་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  3. ཉི་མ་རྒྱལ་མཚན། says:
    ལོ་ 11 སྔོན།

    སྤྱིར་བཏང་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་རེད། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས། འགྱོད་པ་སྐྱེས་ཀྱང་འཕྱི་འདུ་ཟེར་བ་ལྟར། བོད་ནས་ཕེབས་མཁན་མང་པོ་ཡོད་དུས་༼གསར་འབྱོར་པ།༽ཞེས་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས། དབྱེ་འབྱེད་སོགས་བྱས་པའི་གནས་ཚུལ་མང་པོ་བྱུང་བ་རེད། དེང་སྐབས་བོད་ནས་ཕེབས་མཁན་མཚམས་ཆད་པ་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ཨ་ཅང་ཅང་། དགོན་སྡེ་ཁག་དང་བཙན་བྱོལ་བོད་མིའི་སྡེ་ཚན་དང་ལས་ཁུངས་ཁག་མང་པོ་ཞིག་སྐད་ངན་ཤོར་སྡོད་ཀྱི་ཡོད་པ་རེད། དེའི་སྐོར་ལ་མང་པོ་བཤད་ན་ཡག་པོ་མི་འདུག
    དེ་ནས་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་ཡིན་ནའང་ཤཻས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་སྤྲོད་བཞིན་པ་དེ་ཡག་པོར་མཐོང་སོང་། གང་ཡིན་ཟེར་ན་གྲྭ་ས་ཁག་ནས་འདུག་འདོད་མེད་པད་ང་སློབ་གཉཻར་ཁུངས་མ་འཁྱོལ་མཁན། དེ་ནས་སློབ་གྲྭ་གཞན་ནས་ཐོན་ཏེ་ལས་ཀ་སོགས་མ་རེག་མཁན་དང་། སློབ་གྲྭ་དང་དགོན་པ་སོགས་ནས་སྡོད་འདོད་མེད་པར་ཕྱི་ལོག་ལ་ཐོན་པའི་རྗེས་ལ་ཡར་མར་ཁུངས་མ་འཁྱོལ་བར་བསྐྱར་དུ་སློབ་སྦྱོང་གི་བསམ་བློ་འཁོར་བསྡད་ཡོད་མཁན་སོགས་ལ་གོ་སྐབས་ཡག་པོ་རེད་བསམ་གྱི་འདུག མཐའ་དོན་འགན་འཛིན་མཆོག་ནས་ལམ་ཁ་འདི་འདྲ་ཞིག་གསར་གཏོད་གནང་བ་དེ་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  4. ཉི་མ་རྒྱལ་མཚན། says:
    ལོ་ 11 སྔོན།

    སྤྱིར་བཏང་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་རེད། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས། འགྱོད་པ་སྐྱེས་ཀྱང་འཕྱི་འདུ་ཟེར་བ་ལྟར། བོད་ནས་ཕེབས་མཁན་མང་པོ་ཡོད་དུས་༼གསར་འགོད་བ།༽ཞེས་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས། དབྱེ་འབྱེད་སོགས་བྱས་པའི་གནས་ཚུལ་མང་པོ་བྱུང་བ་རེད། དེང་སྐབས་བོད་ནས་ཕེབས་མཁན་མཚམས་ཆད་པ་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ཨ་ཅང་ཅང་། དགོན་སྡེ་ཁག་དང་བཙན་བྱོལ་བོད་མིའི་སྡེ་ཚན་དང་ལས་ཁུངས་ཁག་མང་པོ་ཞིག་སྐད་ངན་ཤོར་སྡོད་ཀྱི་ཡོད་པ་རེད། དེའི་སྐོར་ལ་མང་པོ་བཤད་ན་ཡག་པོ་མི་འདུག
    དེ་ནས་ཐབས་ཟད་ཨུ་ཐུག་གི་བྱ་བ་ཞིག་ཡིན་ནའང་ཤཻས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་གཉིས་པ་སྤྲོད་བཞིན་པ་དེ་ཡག་པོར་མཐོང་སོང་། གང་ཡིན་ཟེར་ན་གྲྭ་ས་ཁག་ནས་འདུག་འདོད་མེད་པད་ང་སློབ་གཉཻར་ཁུངས་མ་འཁྱོལ་མཁན། དེ་ནས་སློབ་གྲྭ་གཞན་ནས་ཐོན་ཏེ་ལས་ཀ་སོགས་མ་རེག་མཁན་དང་། སློབ་གྲྭ་དང་དགོན་པ་སོགས་ནས་སྡོད་འདོད་མེད་པར་ཕྱི་ལོག་ལ་ཐོན་པའི་རྗེས་ལ་ཡར་མར་ཁུངས་མ་འཁྱོལ་བར་བསྐྱར་དུ་སློབ་སྦྱོང་གི་བསམ་བློ་འཁོར་བསྡད་ཡོད་མཁན་སོགས་ལ་གོ་སྐབས་ཡག་པོ་རེད་བསམ་གྱི་འདུག མཐའ་དོན་འགན་འཛིན་མཆོག་ནས་ལམ་ཁ་འདི་འདྲ་ཞིག་གསར་གཏོད་གནང་བ་དེ་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese