མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཅིན་ཀྲིན་ཨིན་ལ་སྲུང་སྐྱོབ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནས་བྱང་ཀོ་རི་ཡའི་མགོ་ཁྲིད་ཅིན་ཀྲིན་ཨིན་ལ་འདྲི་གཅོད་བྱེད་པའི་གྲོས་ཆོད་དེར་རྒྱ་ནག་གཞུང་གིས་མོས་མཐུན་བྱས་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། བྱང་ཀོ་རི་ཡའི་མགོ་ཁྲིད་ཅིན་ཀྲིན་ཨིན་ལ་འདྲི་གཅོད་དགོས་པའི་སྐོར་གྱི་གྲོད་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་དེ་ལ་ཚོགས་ཞུགས་རྒྱལ་ཁབ་ ༡༡༡ གི་འཐུས་མིས་རྒྱབ་སྐྱོར་གནང་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ ༡༩ ཡིས་མོས་མཐུན་བྱས་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཧོང་ལི་ཡིས། རྒྱ་གཞུང་གིས་གྲོས་ཆོད་དེ་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་གསལ་བཤད་བྱས་པའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁ་ལ་འཁྱེར་ཏེ་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འོས་འཚམ་གྱིས་གྲོས་བསྡུར་མ་བྱས་པར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུག་བྱས་ན། གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་གང་ཡང་མེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གྲོས་ཆོད་དེ་བཞག་རྗེས། ལྷན་ཚོགས་ཐོག་ཞུགས་པའི་བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་མགོ་ཁྲིད་ཚེ་མེན་ལན་གྱིས། བྱང་ཀོ་རི་ཡས་གྲོས་ཆོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། གྲོས་ཆོད་དེ་བྱང་ཀོ་རི་ཡའི་ཆབ་སྲིད་དང་དམག་དོན་ཐོན་སྐྱེད་བཀག་སྡོམ་བྱེད་པར་དམིགས་པ་ཞིག་ལས། དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བ་གང་ཡང་མེད་པར་ཐེ་ཚོམ་བྱེད་མི་དགོས་སྐོར་བརྗོད་ཡོད་པ་མ་ཟད། བྱང་ཀོ་རི་ཡས་དམག་འཐབ་ནུས་པར་སྔར་ལས་ཤུགས་སྣོན་བྱས་ཏེ། ཨ་རིའི་དྲག་པོའི་ཕལ་རྒོལ་དང་བཙན་འཛུལ་ལྐོག་ཇུས་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བརྗོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དེ་ནི། འདི་ལོའི་ཕྱི་ཟླ་ ༢ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བཏོན་པའི་དཔྱད་ཞིབ་སྙན་ཐོ་སྟེ། བྱང་ཀོ་རི་ཡའི་མི་མང་ལ་ཐད་ཀར་བཅར་འདྲི་བྱས་པའི་གནས་ཚུལ་རྣམས་གཞིར་བཟུང་ནས་བཞག་པ་ཞིག་ཡིན་ལ། སྙན་ཐོ་དེའི་ནང་བྱང་ཀོ་རི་ཡ་གཞུང་གིས་བཙོན་པ་ཚོར་བཙན་དབང་གིས་ཟས་བཅད་པ་དང་ངལ་རྩོལ་དུ་བཀོལ་བ། བཙན་གཡེམ་གཏོང་བ། ཉེས་མེད་ངན་གསོད་སོགས་མནར་གཅོད་སྣ་ཚོགས་གཏོང་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་ ༥༠ ནང་བྱང་ཀོ་རི་ཡའི་བཙོན་ཁང་ཁག་གི་ནང་ནས་ཁྱོན་ཆབ་སྲིད་བཙོན་པ་ཁྲི་ ༡༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་སྐོར་བརྗོད་འདུག

ཆབ་སྲིད་དཔྱད་ཞིབ་པ་ཚོས། རྒྱ་ནག་བྱང་ཀོ་རི་ཡའི་བརྟན་བརླིང་འགྱུར་མེད་ཀྱི་མནའ་མཐུན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། འདས་པའི་ལོ་ངོ་ ༧༠ ནང་ཅིན་རི་ཁྲིན་ཁྱིམ་རྒྱུད་ཀྱི་དབང་བསྒྱུར་འོག བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ནག་ཉེས་ཚང་མ་གསལ་བོ་ཤེས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཅིན་ཀྲིན་ཨིན་ལ་འདྲི་གཅོད་བྱེད་པར་ངོ་རྒོལ་བྱས་པ་དེ། བྱང་ཀོ་རི་ཡའི་གུང་ཁྲན་སྲིད་དབང་འཐོར་ཞིག་ཏུ་འགྲོ་བར་སྔོན་འགོག་བྱེད་པའི་ཆེད་དུ་ཡིན་ལ། གལ་ཆེན་གྱི་དགོས་དམིགས་གཞན་ཞིག་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མེན་ལ་འདྲི་གཅོད་བྱེད་པའི་གྲོས་གཞི་འདོན་པར་སྔོན་འགོག་བྱེད་ཆེད་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese