མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་པ་དོན་ལ་གནད་པ་ཞིག་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། མི་འགྱངས་བར་འཚོགས་འཆར་ཡོད་པའི་སྔགས་ཀྱི་བགྲོ་གླེང་ཆེན་མོའི་ཐོག དགེ་འདུན་པ་ཚོས་རྟགས་གསལ་གཏོང་བ་ལྟ་བུ་མིན་པར། དེང་རབས་བགྲོ་གླེང་གི་རྣམ་པའི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱེད་དགོས་ཞེས་ལམ་སྟོན་ཕེབས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་ཚོགས་ཁུང་དུ། རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་ ༣༠༠ ལྷག་འདུ་འཛོམས་གནང་སྟེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་འདིའི་ཚེས་ ༢༩ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་སྔོན་འགྲོ་དང་། སྔགས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་འཚོགས་འཆར་ཡོད་པ་དེ། དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་མཁས་པའི་བགྲོ་གླེང་ཚད་ལྡན་ཞིག་ཡོང་སླད་ལམ་སྟོན་བཀའ་སློབ་བཅས་གནང་ཡོད།

ཐོག་མར་རྒྱུད་སྟོད་མཁན་ཆེན་བྱ་རྡོ་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གནང་དོན། ད་རེབ་འདིར་ཚོགས་འདུ་ཚོགས་དོན་གཙོ་བོ་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་འདི་ལོ་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་འཁེལ་གྱི་ཡོད་སྟབས། དུས་སྟོན་མཛད་སྒོའི་ཐོག་༧གོང་ས་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཞལ་བཞེས་ཐོབ་སྟེ། བདུན་ཕྲག་གཅིག་རྗེས་འདིར་ཞབས་སོར་འཁོད་རྒྱུའི་སྔོན་འགྲོའི་གྲ་སྒྲིག་གི་ཚུལ་དུ། དེ་རིང་ཟམ་གདོང་རིན་པོ་ཆེ་མཆོག་འདིར་གསུང་བཤད་གནང་བར་མགྲོན་འབོད་ཞུས་ཡོད། དུས་དྲན་འདི་སྲུང་གཙི་གཞུ་དགོས་དོན་གཙོ་བོ་ནི། དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་ཐེག་པ་ཆེན་པོ་སྔགས་དང་བཅས་པ་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ཤས་ཙམ་བརྗོད་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཐོག་མར་བྱང་ཆུབ་ཀྱི་ཐུགས་བསྐྱེད་དང་བར་དུ་བསྐལ་བ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་ཝ་ར་ཎཱ་སིར་བདེན་བཞིའི་ཆོས་འཁོར་ཐོག་མ་བསྐོར་བ་དེ་ནི་ཆོས་སྐུ་དང་གཟུགས་སྐུ་བསྒྲུབ་ཆེད་དབུ་འཛུགས་གནང་བ་གསལ་པོ་ཡིན་སྟབས། བདེན་བཞིའི་ཆོས་འཁོར་ནས་གསུངས་པ་དེ་དག་ཀྱང་མཐར་གཏུགས་ན་འགྲོ་བ་རིགས་དྲུག་སེམས་ཆན་ཐམས་ཅད་ཆོས་སྐུ་དམ་པ་དང་གཟུགས་སྐུ་དམ་པ་ཐོབ་ཆེད་ཡིན་པར་བརྟེན། སྐུ་དེ་གཉིས་ཐོབ་པར་སྤྱིར་མདོ་སྔགས་གཉིས་ནས་སྔགས་ཡིན་པ་མ་ཟད། སྔགས་ཀྱི་ནང་ནས་ཀྱང་རྒྱུད་སྡེ་ཀུན་གྱི་རྩ་བ་དེ་རྒྱུད་སྡེ་ཟ་མ་ཏོག་ཡིན་པ་ནི་རྒྱུད་ཀྱི་གཞུང་དང་རྒྱུད་འགྲེལ་ནང་ལའང་གསུངས་ཡོད་པ་རེད། དེ་བཞིན། གསང་སྔགས་ཀྱི་ཆོས་མང་པོ་ཞིག་མགོན་པོ་ཀླུ་སྒྲུབ་གཙོས། གཙུག་ཏུ་བཀུར་འོས་ཀྱི་ནང་པའི་མཁས་པ་མང་པོ་ཞིག་གིས་མཛད་པ་དག་བོད་ཀྱི་ལོ་པཎ་རྣམས་ཀྱིས་བསྒྱུར་ཏེ་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུས་པ་དག་ལ་རྗེ་ཙོང་པ་ཆེན་པོ་མཆོག་གིས་འཁྲུལ་བ་མེད་པའི་ཐོག་ནས་དག་ཐེར་ལེགས་པར་མཛད་པ་མ་ཟད། རང་མྱོང་གི་ཐོག་ཕྱག་དཔེ་མང་པོ་མཛད་ཡོད་པའི་ཁྲོད་ནས་གསང་བ་འདུས་པའི་འགྲེལ་པ་འགྲེལ་པ་བཞི་སྦྲགས་མཛད་དེ་ལོ་ ༦༠༠ འཁོར་བཞིན་ཡོད་སྟབས། དུས་དྲན་འདི་སྲུང་གཙི་ཞུས་པ་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེས་དྲན་གྱི་དགོས་དམིགས་སྐོར་ལ་གསུང་བཤད་གནང་དོན། རྗེས་དྲན་ཟེར་བ་འདི་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དང་། དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་ཚོའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་དང་རྗེས་དྲན་གྱི་དུས་སྟོན་བྱེད་དགོས་ཟེར་ནས་སངས་རྒྱས་རང་གིས་འདུལ་བ་སོགས་སུ་ཡང་ཡང་གསུངས་ཡོད། སྟོན་པ་ཞལ་བཞུགས་སྐབས་སུའང་སྟོན་པའི་མཛད་ཆེན་བཞི་བསྐྱངས་སའི་གནས་ཆེན་ཁག་ལ་རྗེས་དྲན་གྱི་མཆོད་རྟེན་བརྩིགས་པ་དང་རྗེས་དྲན་གྱི་དུས་སྟོན་ཚོགས་པའི་ལམ་སྲོལ་དེ་ཡོད་པ་ཞིག་རེད། ང་ཚོས་རྗེས་དྲན་ཞུ་དགོས་དོན་མང་པོ་ཡོད་པའི་ཁྲོད་ནས་བསྡོམས་བརྒྱབ་ན་གནད་འགག་ཆེ་བའི་དོན་ཚན་བཞི་ཡོད། དང་པོ། དད་པའི་རྗེས་དྲན་ནི་ཆོས་ཐམས་ཅད་ཀྱི་གཞི་རྩའམ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ནི་དད་པའི་ངོ་བོ་ལྟ་བུ་ཡིན་སྟབས། བླ་མ་ལ་སངས་རྒྱས་ཞེས་ཐོབ་པའི་དད་པ་སྦྱོང་རྒྱུ་དེ་ལམ་ཐམས་རྩད་ཀྱི་རྩ་བ་ལྟ་བུ་ཆགས་ཀྱི་ཡོད་སྟབས། སངས་རྒྱས་དང་རྩ་བའི་བླ་མ། རྒྱུད་ཀྱི་བླ་མ་རྣམས་ཀྱི་མཛད་པ་གལ་ཆེ་བ་དག་རྗེས་སུ་དྲན་པ་ནི་དད་པ་གཅིག་གི་དགོས་དམིགས་ཡོད་མཁན་ཞིག་ཆགས་ཡོད་པ་དང་། གཉིས་པ། དད་པའི་རྗེས་དྲན་མ་ཟད་བཀའ་དྲིན་རྗེས་དྲན་ཞུ་དགོས། དེ་ཡང་བདག་ཉིད་ཆེན་པོ་ཚོ་ཡང་ཡང་རྗེས་དྲན་ཞུ་སྐབས་སོ་སོའི་སེམས་ནང་ཤུགས་ཀྱིས་ཁོ་ཚོའི་བཀའ་དྲིན་ཚོར་གྱི་རེད། ལྷག་པར་དུ་འཆད་རྩོད་རྩོམ་གསུམ་ནང་ནས་རྩོམ་གྱི་མཛད་པ་དེ་གལ་ཆེ་ཤོས་ཡིན་པ་མ་ཟད། ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་སྔོན་བྱོན་མཁས་པ་ཚོས་བརྩམས་པའི་གསུང་རབ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་འདི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། སྔོན་མ་རྗེ་རིན་པོ་ཆེས་གདུལ་བྱ་བགྲང་ལས་འདས་པར་ཆོས་སྟོན་གནང་བ་དང་། འཆད་རྩོད་གཉིས་ལ་མཛད་པ་འཕྲིན་ལས་མང་པོ་བརྐྱངས་ཏེ་རྩོམ་གྱི་ཐོག་ལ་མཛད་པ་བསྐྱངས་མེད་ཚེ། གཅིག་བྱས་ན་ད་ལྟ་ང་ཚོས་རྗེ་རིན་པོ་ཆེ་བརྗེད་དེ་མཚན་ཙམ་ཡང་མི་ཤེས་པ་ཆགས་ཡོད་རྒྱུ་རེད། དེར་བརྟེན། ང་ཚོས་རྗེ་རིན་པོ་ཆེའི་མཛད་རྗེས་ལ་རྗེས་དྲན་ཞུ་དགོས། གསུམ་པ། རྗེས་སུ་བཟུང་བའི་རྗེས་དྲན་ནི་རང་ཉིད་ཀྱིས་རྗེས་དྲན་ཞུ་ཡུལ་དག་གི་མཛད་པ་རྣམ་ཐར་ཤེས་པ་མ་ཟད། རང་ཉིད་ཀྱང་དེའི་རྗེས་སུ་བཟུང་རྒྱུའི་འདོད་པ་བསྟན་ནས་ཉམས་ལེན་བྱས་པ་དང་། བཞི་པ། རང་གཞན་གཉིས་ཀྱི་དགེ་བར་ཡང་ཡང་དྲན་ནས་རྗེས་སུ་ཡི་རངས་སྒོམ་པ་ཡིན་ཚེ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་གི་ཡོད་སྟབས། ང་ཚོས་དགོས་དམིགས་དེ་དག་གཞིར་བཟུང་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་གིས་བློ་གཟུ་བོའི་ཐོག་ནས་བལྟས་ཏེ་འཇམ་དགོན་ཙོང་ཁ་པ་ཡབ་སྲས་ཀྱིས་ནང་པའི་གཞུང་ལ་དག་ཐེར་མཛད་པ་ལྟ་བུ་ཞིག་གཞན་བྱུང་མེད་སྐོར་གསུངས་དོན། བོད་བརྒྱུད་ནང་བསྟན་ནི་དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། འཇིག་རྟེན་ཁྱོན་ཡོངས་ནས་སྒྲ་བསྒྱུར་བྱས་ཡོད་པའི་ཁྲོད་ནས་བོད་སྐད་ལ་མང་བ་ཞིག་གཞན་ན་མེད། བཀའ་འགྱུར་བསྟན་འགྱུར་ནང་ཧ་ལམ་ཆོས་ཚན་ ༥༠༠༠ ཡས་མས་ཤིག་ཡོད་པ་མ་ཟད། ཆོས་རྒྱལ་སྐབས་ཀྱི་རྗེ་འབངས་ཉེར་ལྔ་ནས་བཟུང་ད་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གཅིག་མཇུག་གཉིས་མཐུད་དུ་ཕེབས་ཏེ་འཆད་རྩོད་རྩོམ་གསུམ་གནང་ཡོད་སྟབས། བོད་བརྒྱུད་ནང་བསྟན་འདི་དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་དེ་ཡིན་ཞེས་ཐེ་ཚོམ་མེད་པར་བཤད་ཐུབ་པའི་གནས་སྟངས་འདི་བྱུང་བ་རེད། བོད་བརྒྱུད་ནང་བསྟན་འདི་དཀའ་ངལ་གཅིག་ཀྱང་མེད་པར་སྟབས་བདེ་པོའི་ཐོག་ནས་ལོ་བརྒྱ་ཕྲག་ཁ་ཤས་གོང་བསླེབས་པ་ཞིག་མིན། བོད་བརྒྱུད་ནང་བསྟན་དར་སྤེལ་ཐད་འགལ་རྐྱེན་མང་པོ་ཞིག་འཕྲད་ཡོད་པ་མ་ཟད། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཕལ་ཆེར་ལོ་ ༦༠ ནས་ ༨༠ བར་དགེ་འདུན་གྱི་སྡེ་མེད་པར་བསྡད་པ་རེད། དེའི་རྗེས་བསྟན་པ་ཕྱི་དར་སྐབས་དཔལ་ལྡན་ཇོ་བོ་རྗེ་མཆོག་དང་འབྲོམ་སྟོན་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་བསྐྱར་གསོ་གནང་སྟེ། སྦྱོང་སྤྱོད་སྤེལ་གསུམ་བྱེད་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་། འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱིས་ཇི་ལྟར་དག་ཐེར་མཛད་པ་ལྟ་བུ་ཞིག་བྱུང་མེད་པ་ལྟ་བུ་རེད། ང་ཚོས་བློ་གཟུ་བོའི་ཐོག་ནས་བལྟས་ན་ཤེས་ཐུབ་པ་ཞིག་ཆགས་ཡོད། བཀའ་རྒྱུད་དང་རྙིང་མ། ས་སྐྱ་སོགས་ཀྱི་ཆོས་རྒྱུད་དར་སྟངས་ལ་བལྟས་ན་ཡི་དམ་གྱི་ལྷའམ་རྒྱ་གར་གྱི་གྲུབ་ཆེན་བྱེ་བྲག་པ་ཞིག་གི་རྒྱུད་པ་ཕ་རོལ་ཕྱིན་པའི་ཐེག་པའི་དབང་དུ་བཏང་ན་གཞུང་བྱེ་བྲག་པ་གཙོ་བོར་བཟུང་སྟེ་བཤད་པ་ཞིག་མ་གཏོགས་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་འདུས་པའི་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ཡོངས་རྫོགས་གང་ཟག་ཅིག་གི་ཉམས་ལེན་ལ་གདན་ཐོག་གཅིག་སྒྲིལ་བྱས་ཏེ་ཉམས་ལེན་བྱེད་མཁན་ཞེ་དྲགས་དཀོན་པོ་རེད། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ཐོག་ནས་བསྟན་པ་སྤྱིའི་རྣམ་གཞག་གསལ་སྟོན་གནང་བ་བཞིན་ཁྱབ་ཆེན་པོ་ཞིག་རྗེ་རིན་པོ་ཆེ་མ་བྱོན་གོང་ཧ་ལམ་བོད་ནང་མ་བྱུང་བ་ལྟ་བུ་ཞིག་ཆགས་ཡོད། རྗེ་ཙོང་པ་ཆེན་པོས་མདོ་སྔགས་ཙམ་མ་ཟད་སྨན་དང་སྐར་རྩིས་སོགས་རིག་གནས་སྤྱི་ལ་ཐོས་བསམ་གནང་སྟེ་བསྟན་ཆོས་གང་པོ་བརྩམས་གནང་ཡོད་སྟབས། ཁོང་ལ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ཟེར་དགོས་དོན་ཡང་དེ་རང་རེད། ཅེས་གསུངས་སོང་།

ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔགས་ཀྱི་བགྲོ་གླེང་འདི་དེང་དུས་ཀྱི་མཁས་པའི་བགྲོ་གླེང་ཚད་ལྡན་ཞིག་ཆགས་རྒྱུའི་སྐོར་གསུངས་དོན། ང་ཚོས་ལས་ཀ་ག་རེ་བྱས་ཀྱང་ཡིན་གཅིག་མིན་གཅིག་ལས་དེ་དེང་རབས་དང་མཐུན་མིན་ལྟ་དགོས་དོན་གང་ཡང་མེད། འོན་ཀྱང་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་སྐོར་གྱི་ལེགས་ཆ་ལེན་དགོས། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་གཙོས་རྒྱུད་གྲྭ་སྟོད་སྨད་གཉིས་རྒྱ་གར་ནང་ཆགས་ཏེ་སློབ་སྦྱོང་ཚད་མཐོ་པོ་ག་ཚོད་ཅིག་ཐོན་ཡོད་ཀྱང་། རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པ་བཞིན་ཁྲིམས་ཐོག་གི་ལག་འཁྱེར་གང་ཡང་མེད། དེ་ང་ཚོའི་སློབ་སྦྱོང་གནས་ཚད་ཞན་པོ་ཡོད་པའི་རྐྱེན་གྱིས་མ་ཡིན་ཡང་། ང་ཚོས་ཡུལ་ཁྲིམས་དང་མ་མཐུན་པ་བྱས་པར་བརྟེན་ཏེ་བྱུང་བ་ཞིག་ཡིན་སྟབས། གཙུག་ལག་སློབ་གཉེར་ཁང་ཁག་དང་མཉམ་ལས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་དེང་རབས་ཀྱི་སློབ་གསོའི་བར་བགྲོ་གླེང་བྱེད་ཐུབ་པ་བྱ་དགོས། དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་ལ་དབྱེ་བ་མང་པོ་ཡོད་ཀྱང་། རགས་པ་ཙམ་གྱིས་བསྡོམས་བརྒྱབ་ན། དབྱེ་བ་བདུན་དུ་ཕྱེ་ན་འགྲིག་གི་རེད་བསམ་གྱི་འདུག དང་པོ། (Seminar )ཟེར་བ་ནི་རྩོམ་བྲིས་པ་དག་ལ་བགྲོ་གླེང་དང་། གཉིས་པ། (synopsis)ཟེར་གྱི་ཡོད་པ་དེར་མི་གཅིག་གཉིས་ཀྱི་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་རྩོད་གླེང་། ང་ཚོ་བོད་པའི་བགྲོ་གླེང་ནང་ད་ལྟ་བར་དུ་ཚིག་དེ་གཉིས་བེད་སྤྱོད་བཏང་བ་མཐོང་མ་སོང་། གསུམ་པ། (Coloquim) ཟེར་བ་དང་། དེ་ལ་བོད་སྐད་ནང་ག་རེ་ཟེར་གྱི་ཡོད་མེད་ངས་ཤེས་མ་སོང་། ཕལ་ཆེར་གཅིག་བྱས་ན་བེད་སྤྱོད་བཏང་མེད་པ་ཡིན་རྒྱུ་རེད། བཞི་པ། (panel discussion)ཟེར་གྱི་ཡོད་པ་རེད། དེ་རིམ་གྱིས་ཆེད་མཁས་སྡེ་ཚན་ཞིག་བཟོས་ཏེ་ལས་རིམ་སྒྲིག་པ་འདྲ་པོ་རེད། ལྔ་པ། (Workshop)ཟེར་བ་དང་། བོད་སྐད་ནང་ཟབ་སྦྱོང་ཕལ་ཆེར་འགྲིག་གི་མེད་འགྲོ་བསམ་གྱི་འདུག དེ་ནས་དྲུག་པ་དེ་(Debate)ཟེར་བ་དེ་རེད། དེ་བོད་སྐད་ནང་ཕལ་ཆེར་རྩོད་པ་ཟེར་བ་དེ་རེད། བདུན་པ། (dialogue)ཟེར་བ་དང་།  དེ་ལ་ད་ལྟ་བར་དུ་བོད་སྐད་ནང་གླེང་མོལ་ཞེས་ལབ་ཀྱི་འདུག ཏག་ཏག་ཡིན་མིན་མི་ཤེས་ཏེ་གང་ལྟར་གླེང་མོལ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་སྟབས། ད་རེབ་(Seminar )བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་པར་བརྟེན། དགེ་འདུན་པ་ཚོས་རྟགས་གསལ་བཏང་བ་ལྟར་མིན་པར་བགྲོ་གླེང་ཐོག་བསམ་ཚུལ་སྤེལ་རེས་བྱེད་དགོས་པ་རེད། ཅེས་སོགས་གསུངས་རྗེས། བླ་མ་དབུ་མཛད་ཐུབ་བསྟན་འཛིན་རིན་པོ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 17

  1. ལྷ་་སྤྱན་གསུམ་པ says:
    ལོ་ 10 སྔོན།

    དབུ་སྐྲ་དཀར་ཡང་སེམས་པ་མི་དཀར་བའི་ཟམ་མདོང་ཟེར་བ་དེས། རྒྱུན་དུ་ཆོས་རྒྱུད་གཞན་ལ་དམའ་འབེབ་ཀྱི་ཟུར་ཟ་བྱེད་བཞིན་འདུག རང་ཕྱོགས་ལ་དུང་ན་ལེགས་མོད། གཞན་ཕྱོགས་ལ་ལྡང་ན་རང་རྒྱུད་མ་ཐུལ་བའམ། ཀླད་རྙིང་གི་རུལ་དྲི་བྲོ་བའི་རྟགས་མཚན་མ་རེད་དམ།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 10 སྔོན།

    དབུ་སྐྲ་དཀར་ཡང་སེམས་པ་མི་དཀར་བའི་ཟམ་མདོང་ཟེར་བ་དེས། རྒྱུན་དུ་ཆོས་རྒྱུད་གཞན་ལ་དམའ་འབེབ་ཀྱི་ཟུར་ཟ་བྱེད་བཞིན་འདུག རང་ཕྱོགས་ལ་དུང་ན་ལེགས་མོད། གཞན་ཕྱོགས་ལ་ལྡང་ན་རང་རྒྱུད་མ་ཐུལ་བའམ། ཀླད་རྙིང་གི་རུལ་དྲི་བྲོ་བའི་རྟགས་མཚན་མ་རེད་དམ།

    Reply
  3. ལྷ་་སྤྱན་གསུམ་པ says:
    ལོ་ 10 སྔོན།

    དབུ་སྐྲ་དཀར་ཡང་སེམས་པ་མི་དཀར་བའི་ཟམ་མདོང་ཟེར་བ་དེས། རྒྱུན་དུ་ཆོས་རྒྱུད་གཞན་ལ་དམའ་འབེབ་ཀྱི་ཟུར་ཟ་བྱེད་བཞིན་འདུག རང་ཕྱོགས་ལ་དུང་ན་ལེགས་མོད། གཞན་ཕྱོགས་ལ་ལྡང་ན་རང་རྒྱུད་མ་ཐུལ་བའམ། ཀླད་རྙིང་གི་རུལ་དྲི་བྲོ་བའི་རྟགས་མཚན་མ་རེད་དམ།

    Reply
  4. གངས་ཀྱི་བུ་ཕྲུག says:
    ལོ་ 10 སྔོན།

    མདོར་ན་ཁྱོད་རང་གོ་བ་ཁྱོན་ནས་མེད་པ་ཞིག་རེད། གལ་སྲིད་ཁྱོད་ཀྱིས་ངས་ཁྱོད་ལ་ཅི་ཞིག་བཤད་ཀྱིན་པ་ཧ་གོ་གི་ཡོད་ན། ༼ དོན་ལ་གནད་པ་ ༽བྱས་པར་འགྲེལ་བ་ཞིག་བྱོས་དང་། དེ་ནས་འུ་གཉིས་ལ་རྩོད་པ་ཡོད་པ་མ་རེད་ལ། ཁྱོད་རང་དོགས་པའི་ཀློང་ལ་མགོན་མེད་བདག་མེད་དུའང་འཁྱར་དགོས་ཀྱི་མ་རེད། ཁྱོད་ལ་བཟང་སྤྱོད་ཡོད་མེད་འདྲི་རྒྱུ་མ་བྱུང་ལ་མེད་པ་རེད་ཅེས་ཀྱང་བརྗོད་རྒྱུ་མ་བྱུང་། ཁ་ནས་ཚོད་མེད་དུ་ཁྱི་དང་ཅོལ་ཆུང་ལྟ་བུའི་ཐ་སྙད་རྫོབ་རོ་དག་རང་བྱུང་ལྷུན་གྲུབ་ཀྱིས་ཕེབས་པ་ལ་བལྟས་ན་ཡ་རབས་བཟང་སྤྱོད་ལྡན་པ་བཤད་མི་དགོས་པར་བཤམས་འདུག་ཨང་བསམ་པ་ཀློག་མཁན་ཚང་མར་ཡོང་སྲིད་པས་གཟབ་གཟབ་གནང་ལོ། ཡིད་མ་ཆེས་ན་ཁྱོད་ཀྱི་ལས་རོགས་བཟང་སྤྱོད་ཅན་དག་རོགས་རམ་དུ་བོས་དང་། གསར་འགྱུར་འདིའི་གཤམ་དུའང་ཁྱོད་རང་རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་བ་རེད་ཀྱང་། གསལ་བཤད་བྱེད་འདོད་མེད་ལ། བྱེད་དགོས་པའི་རྒྱུ་མཚན་ཡང་མ་མཐོང་།

    དེ་མིན་ད་དུང་འདི་ལྟར་རྩོད་པ་རྒྱབ་ན་ངས་ཁྱོད་ལ་བརླག་མི་འཁེལ་བ་གསལ་པོ་རེད། གང་ཡིན་ཟེར་ན་ཁྱོད་རང་དབྱིན་ཇིའི་སྐད་ཡིག་ལ་ཆུ་རྒྱུགས་ཆུ་རྒྱུགས་རེད་འདུག

    Reply
  5. དོན་གྲུབ། says:
    ལོ་ 10 སྔོན།

    ངོས་ཀྱིས་གངས་ཀྱི་བུ་ཕྲུག་ཟེར་བ་ཁྱོད་ཀྱིས་བྲིས་པའི་མཆན་ལ་བལྟས་ནས་ལན་འདེབས་བྱས་པ་ཞིག་ཡིན་པས་ཁྱེད་རང་ལ་སྐད་ཆ་ཤོད་དབང་ཡོད་པ་ལྟར། ཕྲན་ལའང་ཤོད་དབང་ཡོད་པས་འདི་ནི་འགྲོ་བ་མིའི་ཐོབ་ཐང་རེད་ལ་གསར་འགོད་པའི་རང་དབང་ཡང་ཡིན་སྟབས། ཁྱེད་ཀྱིས་ལན་འདེབས་བྱས་ན། ངས་ཁ་རོག་སྡོད་མི་སྲིད་ལ་སྡོད་ཀྱི་ཡང་མིན། གལ་ཏེ་ཁྱེད་རང་གྲྭ་ལོག་གམ་གྲྭ་པ་ཡིན་ཚེ། ང་ནི་གྲྭ་སར་འགྲོ་མྱོང་མེད་ལ་རྩོད་པ་ཡང་རྒྱག་མྱོང་མེད་ལ། འདི་ནི་རྩོད་པ་རྒྱག་ས་ཞིག་ཀྱང་མིན། གསར་འགོད་པའི་བཟང་སྤྱོད་དང་འབྲེལ་བའི་ཐོག་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ་ཕྲན་གྱི་བཟང་སྤྱོད་གང་འདྲ་ཡོད་མེད་དེ་ཁྱོད་ཀྱིས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་བོད་ཀྱི་དུས་བབ་ཀྱི་གསར་ཁང་ལ་དྲིས་ན་ཤེས་ཀྱི་རེད་ལ། ཕྲན་དང་མཐོ་སློབ་གཅིག་པའི་སློབ་མ་རྣམས་ལ་སྐད་ཆ་དྲིས་ནའང་ཤེས་ཀྱི་རེད། མཐའ་དོན་ཁྱེད་ལ་ཞུ་རྒྱུ་ཞིག་ལ་ཤ་མ་ཟ་མཁན་ཞིག་གིས་ཤའི་བྲོ་བ་ཤེས་ཀྱི་མ་རེད་ལ། གསར་འགྱུར་ལས་རིགས་ནང་ལས་ཀ་བྱེད་མ་མྱོང་མཁན་ཞིག་གིས་སྐྱོན་བརྗོད་བྱེད་རྒྱུ་མ་གཏོགས་ང་ཚོའི་དཀའ་ངལ་ཤེས་ཀྱི་མ་རེད། དེར་བརྟེན། ཁྱེད་ལ་གསལ་བཤད་བྱེད་དགོས་དོན་མེད་ལ་བྱས་ཀྱང་དགོས་པ་མི་འདུག ངས་ཁྱོད་ལ་ (Karl marx) ཡིས་ལབ་པའི་ཚིག་དུམ་ཞིག་ལུང་འདེྲན་ཞུ་རྒྱུ་ཡིན། ཁོང་གི་
    གསུང་འབུམ (The Communist Manifesto) ཞེས་པའི་ནང་། (He/She does not work or do, neither shall he/she eats or knows nothing) ཞེས་པའི་དོན་སྙིང་འདི་གཞན་ལ་སྐྱོན་འཛུགས་བྱེད་མཁན་ཁྱེད་འདྲ་པོར་གསུངས་པ་ཞིག་རེད།

    Reply
  6. གངས་ཀྱི་བུ་ཕྲུག says:
    ལོ་ 10 སྔོན།

    དོན་གྲུབ་ཟེར་བ། ཁྱོད་ལ་བྱང་སྐར་བྱང་ནས་ཤར་བར་བྱང་གི་སྐར་མ་ཟེར་མི་རུང་བའི་རྒྱུ་མཚན་ཅི་ཞིག་ཡིན། ཁྱོད་ཀྱིས་གསར་འགྱུར་ཇི་ལྟར་བྲིས་པ་དང་། ཁྱེད་རང་ལྷག་བསམ་རྣམ་དག་ཡིན་མིན་ང་ལ་ཇུས་གཏོགས་མེད་རེད། ལྷག་པར་དུ་ཁྱོད་གསར་འགོད་པ་ཞིག་ཡིན་ཚེ། དེ་ལ་ལྷག་བསམ་གྱིས་སྐད་ཆས་ཅི་བྱེད། ཁྱོད་ཀྱིས་གསར་འགོད་པའི་ཀུན་སྤྱོད་ཡག་པོ་ཞིག་སྲུང་ན་དེ་ཡིས་འགྲིག་པ་རེད། ངས་ཁྱོད་ལ་༼ དོན་ལ་གནད་པ་ཞེས་པའི་དོན་ཅི་ཞིག་རེད། དངོས་གནས་གསར་འགྱུར་ཁ་བྱང་དང་བཅས་ཏེ་གོ་ཁག་པོ་ཞེ་དྲག་རེད། ༽ཞེས་བཤད་ཡོད། ཚིག་འདི་ལ་བརྟེན་ནས་ཁྱོད་ཀྱིས་མི་ལ་བརྩི་བཀུར་རྦད་བྲལ་གྱིས་ཁྱི་རྒན་ལྟོགས་པའི་ཁ་ཡི་ཟས་འཕྲོག་གི་ཡོད་པ་ལྟར་གོ་རིམ་མེད་པར་སྨྱོ་བཤད་རྒྱག་དགོས་དོན་ཅི་ཞིག་ཡོད། ལྷག་པར་དུ་ཁྱོད་ཀྱིས་ཅི་ཞིག་ལ་འཕྱ་དམོན་དང་ཟུར་ཟ་ཟེར་བ་ཤེས་ཀྱི་ཡོད་དམ། ང་གངས་ཀྱི་བུ་ཕྲུག་གི་མིང་ཐོག་ཏུ་གང་ཞིག་ཏུ་ཁྱོད་ལ་ཟུར་ཟ་དང་འཕྱ་དམོད་བྱས་འདུག སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མིད་ཅེས་འཇིག་རྟེན་གཏམ་དཔེ་ལ་ཡོད་པ་རེད།
    ཁྱོད་ཀྱིས་ནམ་ཡང་མིས་ཁྱོད་ལ་སྐྱོན་བརྗོད་དང་ཟུར་ཟ་བྱེད་པར་གྲ་སྒྲིག་བྱས་ཡོད་ཚེ་ལན་འདིའི་མདའ་འཕེན་ས་ནོར་འདུག ད་དུང་ནན་བཤད་བྱེད་རྒྱུ་ཞིག་ལ་ཁ་སོས་པར་འདོད་ན་དང་པོ་ནས་མིའི་མགོ་ནོན་མ་བསམ། སེམས་འདྲེ་ཡིས་བཟུང་ན་འཇིག་རྟེན་ཡོད་ཚད་འདྲེ་རུ་མཐོང་གི་རེད།

    Reply
  7. དོན་གྲུབ། says:
    ལོ་ 10 སྔོན།

    གངས་ཀྱི་བུ་ཕྲུག་ལགས། དོན་ལ་གནད་པ་ཞེས་པའི་དོན་ཅི་ཞིག་ཡིན་མིན་དེ་ཁྱེད་ཀྱིས་གསར་འགྱུར་ཡག་པོ་མ་ཀློག་པའི་རྐྱེན་གྱིས་རེད་མ་གཏོགས་གསར་འགྱུར་འབྲི་པ་པོར་ལན་པ་གང་ཡང་ཡོད་མ་རེད། གསར་འགྱུར་གྱི་ཁ་བྱང་དང་བཅས་པ་གོ་ཁག་པོ་འདུག་ཟེར་དོན་དེ་འབྲི་པ་པོར་ཁག་དཀྲི་བྱེད་དགོས་དོན་མེད། འབྲི་པ་པོས་གསུང་བཤད་གནང་མཁན་གྱི་གསུངས་པ་ཇི་བཞིན་བྲིས་པ་ཡིན་པ་ལས། མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་གིས་བྲིས་པ་ཞིག་མིན་སྟབས། ངས་ཁྱེད་ལ་ཞུ་རྒྱུར་ཁྱེད་ཀྱིས་གཞན་ལ་འཕྱ་སྨོད་མ་བྱས་སྔོན་ལ་སོ་སོར་མཛུབ་མོ་ལྔ་འཕྱར་དགོས་པ་དེ་ཤེས་དགོས། ངས་ནམ་རྒྱུན་ལས་ཀ་ག་རེ་བྱས་ཀྱང་བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཚོར་སྐྱོན་འཛུགས་ཧ་ལམ་བྱེད་མྱོང་མེད་པ་མ་ཟད། གཞན་གྱི་ཟེར་འགྲོས་ལ་གང་བྱུང་ལན་འདེབས་ཀྱང་བྱེད་མྱོང་མེད། ཡིན་ཡང་མིས་བྱས་པར་སྐྱོན་འཛུགས་བྱེད་མཁན་གྱི་ཀླད་མེད་ཅོལ་ཆུང་དག་ལ་ལན་འདེབས་བྱེད་ཀྱི་རེད་ལ་མ་ཞུ་ཀ་མེད་ཀྱང་བྱུང་། ངས་ད་རེས་ཁྱེད་ལ་ཞུ་རྒྱུ་ཞིག་ལ་ཁྱེད་ཀྱིས་གསར་འགྱུར་འདིའི་མགོ་ནས་མཇུག་བར་ཡག་པོ་ཞིག་ཀློགས་དང་། གསར་འགྱུར་འདིའི་རིན་ཐང་དང་གསུང་པ་པོའི་མཁྱེན་ཡོན་རྟོགས་ཐུབ་ཀྱི་རེད། དེར་བརྟེན། ཁྱེད་ཀྱིས་ཁྱི་རྒན་གྱིས་རྒྱུ་མཚན་མེད་པར་ཕར་རྒྱུག་ཚུར་རྒྱུག་བྱས་པ་ལྟར་གཞན་ལ་འཕྱ་སྨོད་དང་ཟུར་ཟ་མ་བྱེད་རོགས་གནོངས།

    Reply
  8. དོན་གྲུབ། says:
    ལོ་ 10 སྔོན།

    གངས་ཀྱི་བུ་ཕྲུག་ལགས། དོན་ལ་གནད་པ་ཞེས་པའི་དོན་ཅི་ཞིག་ཡིན་མིན་དེ་ཁྱེད་ཀྱིས་གསར་འགྱུར་ཡག་པོ་མ་ཀློག་པའི་རྐྱེན་གྱིས་རེད་མ་གཏོགས་གསར་འགྱུར་འབྲི་པ་པོར་ལན་པ་གང་ཡང་ཡོད་མ་རེད། གསར་འགྱུར་གྱི་ཁ་བྱང་དང་བཅས་པ་གོ་ཁག་པོ་འདུག་ཟེར་དོན་དེ་འབྲི་པ་པོར་ཁག་དཀྲི་བྱེད་དགོས་དོན་མེད། འབྲི་པ་པོས་གསུང་བཤད་གནང་མཁན་གྱི་གསུངས་པ་ཇི་བཞིན་བྲིས་པ་ཡིན་པ་ལས། མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་གིས་བྲིས་པ་ཞིག་ཡིན་སྟབས། ངས་ཁྱེད་ལ་ཞུ་རྒྱུར་ཁྱེད་ཀྱིས་གཞན་ལ་མ་འཕྱ་སྨོད་མ་བྱས་སྔོན་ལ་སོ་སོར་མཛུབ་མོ་ལྔ་འཕྱར་དགོས་པ་དེ་ཤེས་དགོས། ངས་ནམ་རྒྱུན་ལས་ཀ་ག་རེ་བྱས་ཀྱང་བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཚོར་སྐྱོན་འཛུགས་ཧ་ལམ་བྱེད་མྱོང་མེད་པ་མ་ཟད། གཞན་གྱི་ཟེར་འགྲོས་ལ་གང་བྱུང་ལན་འདེབས་ཀྱང་བྱེད་མྱོང་མེད། ཡིན་ཡང་མིས་བྱས་པར་སྐྱོན་འཛུགས་བྱེད་མཁན་གྱི་ཀླད་མེད་ཅོལ་ཆུང་དག་ལ་ལན་འདེབས་བྱེད་ཀྱི་རེད་ལ་མ་ཞུ་ཀ་མེད་ཀྱང་བྱུང་། ངས་ད་རེས་ཁྱེད་ལ་ཞུ་རྒྱུ་ཞིག་ལ་ཁྱེད་ཀྱིས་གསར་འགྱུར་འདིའི་མགོ་ནས་མཇུག་བར་ཡག་པོ་ཞིག་ཀློགས་དང་། གསར་འགྱུར་འདིའི་རིན་ཐང་དང་གསུང་པ་པོའི་མཁྱེན་ཡོན་རྟོགས་ཐུབ་ཀྱི་ཡོད་སྟབས། ཁྱི་རྒན་གྱི་རྒྱུ་མཚན་མེད་པར་རྒྱུག་པ་ལྟར་གཞན་ལ་འཕྱ་སྨོད་དང་ཟུར་ཟ་མ་བྱེད་རོགས།

    Reply
  9. གངས་ཀྱི་བུ་ཕྲུག says:
    ལོ་ 10 སྔོན།

    དོན་ལ་གནད་པ་ཞེས་པའི་དོན་ཅི་ཞིག་རེད། དངོས་གནས་གསར་འགྱུར་ཁ་བྱང་དང་བཅས་ཏེ་གོ་ཁག་པོ་ཞེ་དྲག་རེད།

    Reply
  10. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    ཁྱེད་རྣམས་པ་ཅི་གསུང་ལེ་ཡིན་རྗེ་རིན་པོ་ཆེ་
    དགེ་ལུགས་མ་དར་སྔོན་ནས་དར་ཟིན་འབྱོན་ཟིན་པའི་ཆོས་ལུགས་
    བླ་མ་དེ་དག་གི་དགེ་ཕྲུག་རེད།ཝར་བཤད་མ་བཤད་ཡོད་མ་རེད།

    Reply
  11. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    ཁྱེད་རྣམས་པ་ཅི་གསུང་ལེ་ཡིན་རྗེ་རིན་པོ་ཆེ་
    དགེ་ལུགས་མ་དར་སྔོན་ནས་དར་ཟིན་འབྱོན་ཟིན་པའི་ཆོས་ལུགས་
    བླ་མ་དེ་དག་གི་དགེ་ཕྲུག་རེད།ཝར་བཤད་མ་བཤད་ཡོད་མ་རེད།

    Reply
  12. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    ཁྱེད་རྣམས་པ་ཅི་གསུང་ལེ་ཡིན་རྗེ་རིན་པོ་ཆེ་
    དགེ་ལུགས་མ་དར་སྔོན་ནས་དར་ཟིན་འབྱོན་ཟིན་པའི་ཆོས་ལུགས་
    བླ་མ་དེ་དག་གི་དགེ་ཕྲུག་རེད།ཝར་བཤད་མ་བཤད་ཡོད་མ་རེད།

    Reply
  13. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    ཁྱེད་རྣམས་པ་ཅི་གསུང་ལེ་ཡིན་རྗེ་རིན་པོ་ཆེ་
    དགེ་ལུགས་མ་དར་སྔོན་ནས་དར་ཟིན་འབྱོན་ཟིན་པའི་ཆོས་ལུགས་
    བླ་མ་དེ་དག་གི་དགེ་ཕྲུག་རེད།ཝར་བཤད་མ་བཤད་ཡོད་མ་རེད།

    Reply
  14. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    གྲ་རྒྱུན་ཕན་ཐོག་ཡོད་པའི་རིགས་ཡོང་མཁན་མེད་པར་
    ཆད་ཚར་པའི་དེ་སྔོན་དང་རྦད་དེ་མི་འདྲ་པར་གྲྭ་ས་གྲྭ་
    ཚང་ཁང་ཚན་མི་ཚན་གྱི་ལས་སྣེ་སྐོས་བཞག་
    ཀྱང་དཀའ་ངལ་ལོ་རེ་ལོ་རེ་ཆེ་རུ་ཆེ་རུ་
    འགྲོ་པའི་དུས་འདིར་སློབ་གཉེར་ཐོན་རིགས་
    འང་དགེ་བཤེས་ཚོ་ཀྱང་རང་གི་གྲ་ས་
    གྲྭ་ཚང་ཁང་ཚན་མི་ཚན་ཁག་སྐྱུར་ཏེ་རང་ཉིད་
    སྤྱི་ཚོགས་ནང་བར་ལྡིང་དུ་ཁྱམས་མི་སྡོད་རེ་སྐུལ་ཞུ་གི་ཡོད་

    Reply
  15. སྤང་མདའ་སྟོབས་རྒྱས། says:
    ལོ་ 10 སྔོན།

    མ་གཞི་གསར་འགྱུར་འདིའི་མགོ་བརྗོད་འཁོད་སྟངས་དེ་རན་པོ་ཞིག་དང་འཚམ་པོ་ཞིག་མཐོང་མ་བྱུང་། གསར་འགོད་པ་དོན་འགྲུབ་ལགས་ལ་ཆོས་ལུགས་ཕྱོགས་རེས་ཀྱི་དྲི་མ་ཐུག་པོ་ཞིག་མེད་པའི་རེ་བ་ཡོད།

    Reply
  16. སྤང་མདའ་སྟོབས་རྒྱས། says:
    ལོ་ 10 སྔོན།

    མི་རེ་གཉིས་ཀྱི་ངོ་གདོང་ལ་ལྟས་ནས་ལོ་རྒྱུས་དང་བྱུང་བ་རང་བཞིན་ཅན་ལ་བསྲེས་སླད་མ་གཏང་ན་ཡག་ས་རེད་སྙམ།

    Reply
  17. རིགས་པའི་གླེང་བུ། says:
    ལོ་ 10 སྔོན།

    ཟམ་གདོང་ཚང་ཆོས་ལུགས་ལ་ཕྱོགས་རེས་ཀྱི་སྐད་ཆ་རྐྱང་མ་བཤད་ན་ཡག་ནི་རེད། བློ་ཟུར་བོ་གནས་ནས་བཤད་ན་གཙོང་ཁ་པ་ཨ་མའི་མངའ་ནས་མ་ཞུགས་གོང་དུ་ཆོས་རྗེ་ས་པན་ཡབ་སྲས་ཀྱི་རིག་པའི་གནས་ལྔར་ཐོས་བསམ་མཐར་ཕྱིན་པ་མཛད་ནས་བསྟན་བཅོས་བརྩམས་ཟིན་པ་མ་རེད་དམ། ས་སྐྱ་དང་བཀའ་བརྒྱུད་སོགས་ལ་རྒྱ་གར་གྲུབ་ཆེན་བྱེ་བྲག་པ་ནས་བརྒྱུད་པའི་ཆོས་མ་གཏོགས་མེད་ན་དགེ་ལུགས་ཚང་ལ་གྲུབ་ཆེན་སྤྱིའི་བརྒྱུད་པ་གང་འདྲ་རག་པ་རེད། གཙོང་ཁ་པ་ནི་ལ་དྭག་གངས་སྒོ་རྒལ་ནས་འགྲོ་མྱོང་མེད་པ། ཆོས་རྗེ་ས་པན་གྱིས་ལེགས་སྦྱར་ནས་ཚུར་བསྒྱུར་བ་དང་ཕར་བསྒྱུར་བ་སོགས་སྒྲ་བསྒྱུར་དང་དོན་བསྒྱུར་ཕུན་སུམ་ཚོགས་པ་མ་ཡིན་ན་རྗེ་རིན་པོ་ཆེས་ཨམ་སྐདདག་དག་མ་གཏོགས་ཤེས་ཀྱི་མེད་པ་མཁྱེན་གསལ་རེད་བ། ད་དུང་ཁོང་ལས་ལྷག་པའི་སྒྲ་བསྒྱུར་བྱུང་མེད་ཚུལ་བཤད་ན། དགེ་ལུགས་ཀྱི་བླ་རྒན་ཁ་ཤས་ཐུགས་དགྱེས་པའི་མཆོད་པ་གྱུར་སྲིད་ཀྱང་གནས་ལུགས་ཀྱི་སྐད་ཆ་ཞིག་ནམ་ཡང་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese