མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་པ་གཉིས་གཏུབས་ཏེ་ཁྱིམ་ལ་བསྐྱལ་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལ་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་འབོ་ར་བརྡར་མདོ་སྡེ་བའི་གཟུངས་འདུས་སྐྱབས་ལགས་ཟླ་སྔོན་མའི་ནང་བཙོན་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་སྐབས་རྐང་པ་གཉིས་བཅད་ཡོད་འདུག

དེ་རིང་རྒྱ་གར་ནང་གནས་སྡོད་ཚུལ་ཁྲིམས་ལགས་ཀྱིས་འདི་གར་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། ༢༠༡༢ ཟླ་ ༡༢ ཚེས་ ༠༢ ཉིན། མདོ་སྨད་བླ་བྲང་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་ ༢༡༣ པའི་སྟེང་། འབོ་ར་བརྡར་མདོ་སྡེ་བའི་གཟུངས་འདུས་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་སྐུ་གྲོངས་མེད་པར་རྒྱ་དམག་གིས་བཙན་འཕྲོག་བྱས་ཏེ་འཁྱེར་ཡོད་ཅིང་། རྗེས་སུ་ཁོང་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་ནང་མི་ཚོ་སྐད་བཏང་སྟེ། ཁོ་རང་གི་རྐང་པ་གཉིས་གཏུབ་དགོས་ཚུལ་བརྗོད་པར་ཕ་མ་གཉིས་ཀྱིས་མོས་མཐུན་བྱས་མེད་ཀྱང་། ཟླ་སྔོན་མའི་ཚེས་ ༢༣ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༠།༣༠ ཙམ་ལ། རྒྱ་གཞུང་གིས་ཁོ་ཕྱིར་རང་ཁྱིམ་དུ་བསྐྱལ་སྐབས་རྐང་པ་གཉིས་ཀ་གཏུབས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས། རྒྱ་དམག་གིས་བཙན་འཕྲོག་བྱས་ཡོད་པ་དང་། རྗེས་སུ་ལན་ཀྲུག་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ཏེ་ཟླ་འགའི་རྗེས་ནང་མིར་སྐད་བཏང་སྟེ། ཁོང་གི་ཕ་མ་གཉིས་ལྟ་རུ་ཕྱིན་སྐབས། སྨན་ཁང་གིས་གཟུངས་འདུས་སྐྱབས་ཀྱི་རྐང་པ་གཉིས་ཀ་གཏུབ་དགོས་པ་དང་། གལ་སྲིད་མ་གཏུབ་ཚེ་ཁོའི་སྲོག་ལ་ཉེན་ཁ་ཡོད་ཚུལ་སོགས་བརྗོད་ཡོད་འདུག སྐབས་དེར་ཕ་མ་གཉིས་ཀྱི་མཐོང་ཚུལ་ལ་རྐང་པ་ཡ་གཅིག་མེར་འཚིག་པ་ཚབ་ཆེ་ཡང་། རྐང་པ་གཞན་དེར་སྐྱོན་ཆེན་པོ་མེད་སྟབས། ཕ་མ་གཉིས་ཀྱིས་གལ་སྲིད་ཁོའི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དེ་འདྲའི་གནས་སྟངས་ཚབས་ཆེན་ཡིན་པ་བདེན་ན། རྐང་པ་ཡ་གཅིག་གཏུབ་ཆོག་ཀྱང་། རྐང་པ་གཉིས་ཀ་གཏུབ་དགོས་ཚེ་ནང་མི་ཚོར་གྲོས་བྱེད་དགོས་ཚུལ་བརྗོད་ཡོད་འདུག འོན་ཀྱང་སྨན་ཁང་གི་འབྲེལ་ཡོད་མི་སྣས། རྨས་མའི་ཕ་མ་ཁྱོད་རང་གཉིས་རེད། ཁྱོད་གཉིས་ལས་ཐག་གཅོད་མཁན་གཞན་ཞིག་ཡོད་པ་མ་རེད། ཅེས་ཕ་མ་གཉིས་ཀྱི་སྐད་ཆ་དེར་ཉན་འཇོག་མི་བྱེད་པར། རྨས་མའི་རྐང་པ་གཏུབ་རྒྱུ་ཡིན་པ་དང་། དེར་ཕ་མ་གཉིས་ལ་ཆོག་མཆན་ཞུས་ཚར་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག

དུས་དེ་ནས་བཟུང་རྒྱུན་རིང་པོ་ཞིག་ལ་ཁོང་གི་གནས་སྟངས་གང་ཡང་མ་ཤེས་པར་ལྷག་ཡོད་པ་དང་། ད་ལོའི་ལོ་མགོ་ཙམ་ལ་གཟུངས་འདུས་སྐྱབས་བླ་བྲང་བསང་ཆུ་རྫོང་གི་ལྟ་སྲུང་ཁང་དུ་བསྐྱལ་ཡོད་པ་ཐོས་ཏེ། ཁོང་གི་ནང་མི་ཚོས་ཟ་མ་དང་ཉལ་ཆས་འཁྱེར་ནས་ལྟ་རུ་ཕྱིན་སྐབས། རྒྱ་གཞུང་གིས་ཁོ་ལ་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ད་དུང་གཟུངས་འདུས་སྐྱབས་བསང་ཆུ་རྫོང་གི་ལྟ་སྲུང་ཁང་དུ་ཡོད་པ་གསང་བ་བྱེད་དགོས་ཚུལ་དང་། གལ་སྲིད་མི་གཞན་གྱིས་ཤེས་རྟོགས་བྱུང་ཚེ་དེའི་འགན་ནང་མི་ཚོས་འཁྱེར་དགོས་སྐོར་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག

གནས་ཚུལ་ཁོ་སྤྲོད་པས་བརྗོད་དོན། “གཟུངས་འདུས་སྐྱབས་བཙོན་གྲོལ་ཐོབ་སྟེ་ཟླ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་བར་གནས་ཚུལ་ཕྱི་ལོགས་སུ་གྱར་ཐུབ་མེད་ཅིང་། ང་རང་གིས་གཟུངས་འདུས་སྐྱབས་ཀྱི་པར་ཞིག་རག་ཐབས་ལ་འབད་བརྩོན་མང་པོ་བྱས་ཀྱང་། ད་བར་པར་གཅིག་ཀྱང་མ་རག་པ་མ་ཟད། ཁོའི་སྐོར་གྱི་གནས་ཚུལ་ཡང་ཞིབ་ཚགས་ཤིག་རག་ཐུབ་མ་སོང་། ང་རང་གིས་ཚོད་དཔག་བྱས་ན། རྒྱ་གཞུང་གིས་ཁོང་དང་ཁོང་གི་ནང་མིར་ལྟ་རྟོག་ནན་མོ་བྱས་ཡོད་པ་མ་ཟད། ཕ་མ་གཉེན་འབྲེལ་ཚོར་ཡང་གནས་ཚུལ་དེའི་སྐོར་ཕྱི་གྱར་མི་ཆོག་པའི་འཇིགས་སྐུལ་དྲག་པོ་བྱེད་ཀྱིན་ཡོད་པ་ཤེས་ཐུབ་ཀྱི་འདུག” ཅེས་སོགས་བརྗོད་སོང་།

གཟུངས་འདུས་སྐྱབས་ལགས་ཀྱིས་ཐོག་མ་ ༢༠༡༢ ལོར་རང་ལུས་མེར་བསྲེགས་གནང་རྗེས། སྐབས་དེའི་གསར་འགྱུར་ཁག་གི་ནང་དེའི་སྐོར་གྱི་གནས་ཚུལ་བཀོད་པའི་ནང་། “རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱི་ཨ་ཕའི་མིང་ལ་ཚེ་བྷ་དང་ཨ་མའི་མིང་ལ་བན་ཏེ་མཚོ། གཟའ་ཟླའི་མིང་ལ་གདུགས་དཀར་སྐྱིད། ཁོང་གཟའ་མི་གཉིས་ལ་ཕྲུ་གུ་ལོ་གཉིས་མ་ཟིན་ཙམ་ཞིག་ཡོད་པའི་མིང་ལ་སྐལ་བཟང་ཚེ་རིང་བཅས་ཞུ་བཞིན་ཡོད་འདུག” ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 1

  1. རིག་བུད། says:
    ལོ་ 12 སྔོན།

    རང་ལུས་མེར་བསྲེགས་བཏང་སྟེ་སྐུ་མ་གྲོངས་བར་རྒྱ་ནག་ཏུ་ཤོར་བ་རྣམས་ལས་གཟུངས་འདུས་སྐྱབས་ལགས་ནི། རྒྱའི་བཙོན་འོག་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་རྒྱལ་གཅེས་དཔའ་བོ་ཐོག་མ་ཟེར་ན་འདྲ། གང་ལྟར་བོད་བསྟན་དོན་ལ་རང་ལུས་མེར་བསྲེགས་གནང་མཁན་འཚོ་བཞུགས་གནང་མཁན་དག་གི་ཁྲོད་ནས་ཁོ་རང་ཡོངས་ཁྱབ་ཀྱིས་གནས་ཚུལ་གསལ་བོ་བྱུང་བ་དང་པོ་དེ་རེད། གཞན་པ་རང་ལུས་མེར་བསྲེགས་གནང་མཁན་སྐུ་གྲོངས་མེད་མཁན་མང་པོ་ཞིག་ཡོད་པ་དག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་རྩད་གཅོད་གནང་དགོས་པ་ཧ་ཅང་གལ་ཅེན་པོ་རེད་བམས་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese