མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩམ་པའི་ནུས་པ་བསམ་གྱིས་མི་ཁྱབ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གནའ་རྫས་ཞིབ་འཇུག་པ་འགས་མཐོ་སྒང་དུ་བོད་མི་རིགས་འཚོ་སྡོད་བྱེད་ཐུབ་པ་དེ་ནི་ནས་ཀྱི་རྩམ་པ་ཟོས་པའི་ནུས་པ་ལ་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཚན་རིག་ (Science) ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལན་ཀྲུག་གཙུག་ལག་སློབ་ཆེན་གྱི་གནའ་རྫས་ཞིབ་འཇུག་པ་ཁྲིན་ཧྥ་ཧུའུ་དང་ (Chen Fahu) དང་ཏུང་ཀང་ཧེ་ (Dong Guanghui)ཞུ་བ་གཉིས་ཀྱིས་ད་ལྟའི་རྒྱ་ནག་འོག་གི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་ཁུལ་གྱི་གནའ་ཤུལ་ཁག་ནས་རྙེད་སོན་བྱུང་བའི་གདོད་མའི་གནའ་རྫས་མང་པོའི་ཁྲོད། འབྲུ་རྙིང་དག་ལ་བརྟག་དཔྱད་བྱས་པ་བརྒྱུད་དེ། བོད་རིགས་ཚོ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཧྥི་ཊི་ ༨༢༠༠ ལྷག་ལ་འཚོ་སྡོད་བྱེད་ཐུབ་པ་འདི་ནི། ནས་ཀྱི་རྩམ་པ་ཟོས་པར་བརྟེན་ཏེ་བྱུང་བ་ཞིག་ཡིན་ཞིང་། དེ་ནི་ནས་རྩམ་གྱིས་ཟས་བཅུད་དང་མཁའ་དབུགས་མ་འདང་བར་འཚོ་རླུང་སྟེར་གྱི་ཡོད་ཚུལ་བསྒྲགས་འདུག

འདིའི་ཐད་ཁྲིན་ཧྥ་ཧུའུ་དང་ཏུང་ཀང་ཧྲེ་གཉིས་ཀྱིས་བརྗོད་དོན། “ང་ཚོས་མཚོ་སྔོན་ས་ཁུལ་གྱི་གནའ་རྫས་དག་ལ་ཞིབ་འཇུག་བྱས་ཏེ། ལོ་ངོ་ ༢༠༠༠༠ ཡར་སྔོན་ནས་མཐོ་སྒང་དུ་འགྲོ་བ་མིའི་རིགས་འགྲོ་འོང་བྱས་ཡོད་ཀྱང་སྐབས་དེར་གྲང་ངར་ཧ་ཅང་ཆེ་སྟབས། ཡུལ་ལུང་གཞན་ནང་ཕྱིར་ལོག་དགོས་བྱུང་ཡོད་པ་དང་། ལོ་ངོ་ ༣༦༠༠ སྔོན་ལ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་རྨི་ཊར་ ༢༥༠༠ དང་དེ་ལས་ཉུང་བའི་རྨ་ཆུའི་ས་ཁུལ་མ་གཏོགས་བོད་ཀྱི་ས་མཐོར་ཞིང་པ་མེད་སྟབས། ཞིང་པ་ཚོས་མོན་ཆག་འདེབས་ལས་ཀྱིས་འཚོ་བ་བསྐྱལ་ཡོད་ཀྱང་། ལོ་ངོ་ ༣༦༠༠ རྗེས་ཞིང་པ་ཚོ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་རྨི་ཊར་ ༣༤༠༠ ལྷག་ཡོད་པའི་བོད་མཐོ་སྒང་དུ་གནས་སྤོ་བྱས་ཏེ། སོ་ནམ་འདེབས་ལས་བྱས་ཏེ་འཚོ་སྡོད་བྱེད་མགོ་བཙུགས་ཡོད་ཅིང་། དེ་ནི་ཞིང་པ་ཚོས་བོད་ཀྱི་གནམ་གཤིས་ལ་དཔག་པའི་ནས་ཀྱི་སོན་གསར་རྙེད་བྱུང་སྟེ། ནས་འདེབས་ལས་དང་རྩམ་པ་ཟོས་རྗེས་བོད་རིགས་མི་རིགས་དེ་འཛམ་གླིང་གི་ཆེས་མཐོ་བའི་ས་བབ་ཐོག་འཚོ་གནས་ཐུབ་ཡོད་པ་ཤེས་རྟོགས་བྱུང་སོང་།”ཞེས་བརྗོད་འདུག

ཨ་རིའི་ཝ་ཤིན་ཊོན་གཙུག་ལག་སློབ་ཆེན་གྱི་གནའ་རྫས་རིག་པ་ཇུ་ཌི་ (Jade d’Alpoim Guedes) ལགས་ཀྱིས། “ལོ་ངོ་ ༡༠༥༠༠ ཡར་སྔོན་དུ་ནས་དང་གྲོ་གཉིས་ཐོག་མར་ཨེ་ཤ་ཡའི་ནུབ་ཁུལ་དུ་འདེབས་ལས་བྱས་ཡོད་ཀྱང་། དེའི་རྗེས་རིམ་གྱིས་གནམ་གཤིས་དང་ཁོར་ཡུག་མི་འདྲ་བའི་ཆ་རྐྱེན་འོག་མཐོ་སྒང་དུ་འདེབས་ལས་བྱས་པ་ནི། འཛམ་གླིང་འདི་གཅིག་ལ་གཅིག་རྟེན་ཡིན་པ་གསལ་བཤད་བྱས་ཡོད།”ཅེས་བརྗོད་འདུག

འཇར་མན་ཏུའུ་བྷེན་གཙུག་ལག་སློབ་ཆེན་གྱི་གནའ་རྫས་རིག་པ་བ་ཀར་ཌི་ (Kurt Rademaker) ལགས་ཀྱིས། “ཐོག་མ་འཛམ་གླིང་ཐོག་གི་སོ་ནམ་ཞིང་ལས་དེ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊར་ ༣༤༠༠ ལྷག་ཡོད་པའི་གྲང་ངར་ཆེ་བའི་མཐོ་སྒང་དུ་ཁྱབ་ཡོད་པ་མ་ཟད། ནས་འདེབས་ལས་བྱེད་ཐུབ་པ་དེས་གནམ་གཤིས་དེ་འགོག་རྐྱེན་ཞིག་མིན་པ་ར་སྤྲོད་བྱས་པ་རེད།”ཅེས་དང་། ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་ཆེན་གྱི་གནའ་རྫས་རིག་པ་མག་ (Mark Aldenderfer) ལགས་ཀྱིས། “ད་རེབ་ཉམས་ཞིབ་འདི་བརྒྱུད་ནས་བོད་ནང་ལོ་ངོ་ ༣༦༠༠ ལྷག་གི་གོང་ནས་ཞིང་ལས་ཡོད་པ་ར་སྤྲོད་བྱས་ཡོད་ཀྱང་། དེ་སྔོན་ཚན་རིག་པས་བོད་མིའི་རིགས་རྒྱུན་ལ་བརྟག་དཔྱད་བྱས་ཏེ། བོད་མི་མི་རིགས་དེ་མཐོ་ཚད་རྒྱ་མཚོའི་ངོས་ནས་རྨི་ཊར་ ༤༠༠༠ ནས་ ༥༠༠༠ ཡན་གྱི་ས་བབ་ནང་འཚོ་སྡོད་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། བོད་མིའི་རིགས་རྒྱུན་ནང་ཡོད་པའི་ས་བབ་མཐོ་སར་འཚོ་ཐུབ་པའི་རིགས་རྫས་ (EPAS1) ཞེས་པ་དེར་འཚོ་རླུང་སྟངས་འཛིན་བྱེད་པའི་ནུས་པ་གཅིག་མཚུངས་ཡོད་པ་ར་སྤྲོད་བྱས་ཡོད། རིགས་རྫས་དེ་ནི་ལུས་ཟུངས་ཀྱི་སྐྱེ་ལྡན་ཕྲ་ཕུང་ཁོར་ཡུག་ལ་དཔག་པའི་གོམས་འདྲིས་བྱེད་ཐུབ་པའི་རིགས་རྫས་ཤིག་ཡིན་སྟབས། བོད་མི་ཚོ་མི་རིགས་གཞན་འཚོ་སྡོད་བྱེད་དཀའ་བའི་འཚོ་རླུང་ཉུང་བའི་ས་ཁུལ་ནང་འཚོ་ཐུབ་ཀྱི་ཡོད་པ་བདེན་དཔང་བྱས་ཡོད་པ་མ་ཟད། བོད་མི་ཚོ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ལ་བོད་ནང་འཚོ་སྡོད་བྱེད་ཀྱི་ཡོད་པའང་གསལ་བཤད་བྱས་ཡོད།”ཅེས་བརྗོད་འདུག

དབུས་ཤར་ཨེ་ཤ་ཡའི་ནང་སྟོན་ཐོག་འདེབས་ལས་བྱས་ཏེ་རྒྱལ་ཁབ་ཕན་ཚུན་བར་འབྲུ་རིགས་འགྲེམས་ཚོང་བྱེད་མགོ་བཙུགས་པ་ནས་བཟུང་སྟེ། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༤༠༠༠ ནས་ ༤༥༠༠ གོང་དུ་དབུས་ཤར་ཨེ་ཤ་ཡ་ནས་བོད་དང་རྒྱ་ནག་ནང་ནས་དང་གྲོ་བྱུང་ཡོད་པ་དང་། རྒྱ་ནག་ནས་དབུས་ཤར་ཨེ་ཤ་ཡའི་ནང་མོན་ཆག་དང་ལོ་གསུམ་ཁམ་བུ་དང་ཀུ་ཤུ། འབྲས་སོགས་ཕན་ཚུལ་ཚོང་འབྲེལ་བྱས་ཡོད་པ་མ་ཟད། དེ་བཞིན། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༢༠༠༠ ནས་ ༢༥༠༠ ནང་རྒྱ་ནག་ནས་ཡུ་རོབ་བར་གྱི་དར་གོས་ཚོང་ལམ་ (Silk Road) སྒོ་ཕྱེ་སྟེ། རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese