མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་འཛམ་གླིང་ལ་འཚེ་མེད་ཞི་བ་དང་ཆོས་ལུཊ་མཐུན་ལམ་ཁྱབ་སྤེལ་ཐོངས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་རྒྱ་གར་ལྡི་ལིར་སྲིད་བློན་ནེ་རུ་འཁྲུངས་ཏེ་ལོ་བརྒྱ་དང་ཉེར་ལྔ་འཁོར་བའི་དུས་དྲན་དང་རྒྱལ་སྤྱིའི་ཧིན་རྡིའི་ཆོས་ལུགས་ལྷན་ཚོགས་བཅས་སུ་ཆིབས་བསྒྱུར་བསྐྱངས་ཏེ། འཛམ་གླིང་ཐོག་མི་རིགས་དང་ཆོས་ལུགས་མི་འདྲ་བ་ཡོད་པ་དེར་གཙིགས་ཆེན་བྱེད་པ་ལས་མ་འཆམ་མ་མཐུན་པ་འབྱུང་བཞིན་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༡༩ ཉིན་ནས་བཟུང་༧གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་དྲུག་རིང་གི་མཛད་འཕྲིན་སྐྱོང་བཞིན་ཡོད་ཅིང་། ཚེས་ ༢༠ ཉིན་༧གོང་ས་མཆོག་གིས་ནེ་རུ་གཙུག་ལག་སློབ་ཆེན་དུ། དམ་པ་ནེ་རུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་མང་ཚོགས་ ༡༣༠༠ ལྷག་ལ་འགྲོ་བ་མིའི་རིགས་ཚང་མ་གཅིག་མཚུངས་ཡིན་པའི་བཀའ་སློབ་གནང་དོན། ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་གཞི་རིམ་འགྲོ་བ་མིའི་གནས་སྟངས་ཐོག་ནས་ལྟ་སྐབས་ཚང་མ་གཅིག་འགྱུར་ཡིན་པ་ནན་བརྗོད་བྱེད་ཀྱིན་ཡོད། འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་གཅིག་འགྱུར་ཡིན་ཡང་། ལུས་ཀྱི་དབྱིབས་ཏེ་སྣ་ཁུག་ཆེ་ཆུང་དང་སྐྲའི་ཚོན་མདངས་སོགས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་། ང་ཚོ་ཚང་མར་མིའི་ཀླད་པ་གཅིག་མཚུངས་ཡོད་སྟབས། རྒྱལ་ཁབ་དང་ཆོས་དད། ཤ་མདོག་མི་འདྲ་བ་ཡོད་པ་དེ་དག་གལ་ཆེན་པོ་མིན་ཡང་། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་རྒྱལ་ཁབ་དང་ཆོས་ལུགས་སོགས་མི་འདྲ་བ་ཡོད་པ་དེ་དག་གཙིགས་འཛིན་བྱེད་པ་ལས་འབྱུང་བཞིན་ཡོད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ (Social Animal) ཞིག་ཡིན་པ་དང་འབྲེལ། ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་སྟབས། ངོས་ཀྱིས་ནམ་རྒྱུན་སྤུན་ཟླ་ཕོ་མོ་ཞེས་འབོད་ཀྱི་ཡོད། ཅེས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ་མཆོག་གི་སྐོར་ལ་གསུངས་དོན། ཞིང་གཤེགས་སྐུ་ཞབས་ནེ་རུ་མཆོག་ནི་རྒྱ་གར་གྱི་དབུ་ཁྲིད་ཆེན་པོ་ཞིག་ཡིན་པ་མ་ཟད། ཁོང་གིས་ཨེ་ཤི་ཡའི་མངའ་ཁུལ་གྱི་མ་འོངས་འཕེལ་རྒྱས་ཐད་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་མཁན་གྱི་རྒྱ་གར་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན། རྒྱ་གར་འདི་གནའ་རབས་ཀྱི་ཡུལ་གྲུ་ཞིག་ཡིན་པ་མ་ཟད། ༡༩༤༧ ལོར་དབྱིན་ཡུལ་གྱི་བཙན་འོག་ནས་རང་བཙན་ཐོབ་ཡོད། སྐུ་ཞབས་ནེ་རུ་མཆོག་དང་མེས་བོ་དམ་པ་གྷན་དྷི་མཆོག་གིས་དབུ་ཁྲིད་འོག་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཡོད། སྤྱིར་དབུ་ཁྲིད་རྣམ་གཉིས་བར་དགོངས་ཚུལ་མི་འདྲ་བ་ཡོད་ཀྱང་། ཁོང་རྣམ་གཉིས་ནས་དམངས་གཙོ་དང་ཆོས་ལུགས་རིས་མེད། འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ལ་གཞི་བཅོལ་བའི་རྒྱ་གར་ཡུལ་འདི་གསར་འཛུགས་གནང་ཡོད། ངོས་སྒེར་ལ་མཚོན་ན་ ༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཀྲུའུ་ཨེན་ལེ་ཡིས་གསོལ་ཚིགས་ཤིག་གཤོམ་སྐབས་ནེ་རུ་དང་ཐོག་མར་མཇལ་རྒྱུ་བྱུང་ཡང་། སྐབས་དེར་ཀྲུའུ་ཨེན་ལེ་ཡིས་ངོས་ལ་སྐུ་མགྲོན་གནད་ཡོད་རྣམས་ངོ་སྤྲོད་བྱས་ཏེ། སྐུ་ཞབས་ནེ་རུའི་མཚམས་སུ་སླེབ་སྐབས་ནེ་རུ་མཆོག་ཡུད་ཙམ་རིང་སྨྲ་བ་གང་ཡང་ མེད་པར་མིག་ཧུར་རེར་དགོངས་པ་བཞེས་ཏེ་བཞུགས་སོང་། ངོས་ཀྱིས་བསམ་པར་སྐབས་དེར་ནེ་རུས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་སྐུ་ཞབས་སཱ་ཌར་པ་ཊེལ་མཆོག་གིས་ཁོང་ལ་བོད་ནང་རྒྱ་ནག་གི་དབང་བསྒྱུར་བྱ་རྒྱུའི་ཉེན་བརྡ་བཏང་བ་སོགས་ཐུགས་དྲན་གསོས་པ་ཞིག་བྱུང་ཡོད་བསམ་པ་དྲན་བྱུང་། ཞེས་གསུངས་འདུག

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། ༡༩༥༦ ལོར་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དྲན་གསོའི་དུས་ཆེན་སྐབས་ནེ་རུ་མཆོག་དང་མཇལ་འཕྲད་ཐེངས་འགའ་ཤས་བྱུང་སྐབས་ཁོང་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུ་བྱུང་། ༡༩༥༧ ལོའི་མགོ་སྟོད་ཙམ་ནང་ངོས་ཀྱི་སློབ་སྟོན་པ་ཁག་ཅིག་གིས་ངོས་རང་བོད་དུ་ཕྱིར་ལོག་མ་བྱས་པར་རྒྱ་གར་དུ་བསྡད་ན་བཟང་ཚུལ་གྱི་བསམ་ཚུལ་བརྗོད་བྱུང་ཡང་། ངོས་རང་བོད་དུ་ཕྱིར་ལོག་ནས་སྔར་བཞིན་ཞི་བའི་ལམ་ནས་ཐབས་ཤེས་བྱས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ནས་རང་ཁེ་ཅི་ལོན་གྱི་ལག་ལེན་འཁེལ་ཐབས་བྱ་དགོས་པའི་སློབ་སྟོན་གནང་བ་ལྟར། བོད་དུ་ཕྱིར་ལོག་བྱས་ནས་ཁོང་གི་སློབ་སྟོན་ལྟར་ལག་བསྟར་ཡོང་ཐབས་བྱས་ཏེ། རྒྱ་གར་ནས་གྲོ་མོར་འབྱོར་སྐབས་ངོས་ཀྱི་རྒྱ་མིའི་དཔོན་རིགས་ཚོར་དེ་སྔ་ནོར་ འཁྲུལ་ཤོར་བ་དེ་དག་ཐོག་བསམ་བློ་ཟབ་ནན་གཏོང་དགོས་པ་བརྗོད་དེ། འགྲིག་ཐབས་བྱས་ཀྱང་ཕན་འབྲས་མ་ཐོན་སྟབས། མཐར་ ༡༩༥༩ ཟླ་ ༤ ནང་ངོས་རང་སླར་ཡང་རྒྱ་གར་ནང་འབྱོར་རྗེས། ངོས་ཀྱིས་ནེ་རུ་མཆོག་ལ་སྔ་རྗེས་བྱུང་རིམ་རྣམས་ཞིབ་ཕྲ་ཞུས་སྐབས་ཁོང་གིས་དོ་སྣང་ཆེན་པོ་གནང་སོང་། ༡༩༦༠ ལོར་ནེ་རུ་མཆོག་གིས་དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིན་སྟབས། ང་ཚོའི་སློབ་གྲྭའི་ནང་སྐད་ཡིག་བརྒྱུད་ལམ་དབྱིན་ཇི་འཇོག་དགོས་པ་དང་། བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་དགོས་ན་བོད་པའི་ཕྲུ་གུ་རྣམས་ལ་བོད་ཡིག་བོད་སྐད་སློབ་སྦྱོང་སྤྲོད་དགོས་པའི་ལམ་སྟོན་གནང་བྱུང་བར་བརྟེན། ནེ་རུ་མཆོག་ནི་ངོས་ལ་རོགས་རམ་ཧ་ཅང་གནང་མཁན་གྱི་གྲོགས་པོ་ཞིག་ཡིན་སྟབས། ད་རེབ་ངོས་རང་འདིར་ནེ་རུའི་རྗེས་དྲན་མཛད་སྒོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ཞེས་སོགས་གསུངས་འདུག

ཚེས་ ༢༡ ཉིན་༧གོང་ས་མཆོག་གིས་རྒྱལ་ཁབ་ ༡༥༠ ནང་གནས་པའི་ཧིན་དྷུའི་ཆོས་ལུགས་ཀྱི་སྐུ་ཚབ་ཚང་འཛོམས་ཀྱི་རྒྱལ་སྤྱིའི་ཧིན་དྷུའི་ཆོས་ལུགས་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཤིང་། དེར་བྷེ་ཇི་པི་ཚོགས་པའི་ཚོགས་གཙོ་ཨ་མེ་ཌ་ཤཱ་ (Amit Shah) དང་རྒྱ་གར་ (RSS) ཚོགས་པའི་ཚོགས་གཙོ་མཱོ་ཧན་ (Mohan Bhagwat) དང་ (Vishva Hindu Parishad) ཆོས་ལུགས་ཀྱི་མགོན་སྐྱབས་ཨ་ཤོཀ་ (Ashok Singhal)། རྒྱ་གར་གྱི་འགྲིམ་འགྲུལ་བློན་ཆེན་དང་ཤེས་རིག་བློན་ཆེན། ཚོང་དོན་བློན་ཆེན་སོགས་ཡོད་ཐོག་ཏུ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་སྐོར་བཀའ་སློབ་ཕེབས་དོན། ང་ཚོ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པ་མ་ཟད་སྐྱེས་པའི་སྐབས་སུ་ཡང་གཅིག་པ་ སྐྱེས་ཡོད་ཀྱང་། སྐབས་རེ་ང་ཚོས་འགྲོ་བ་མིའི་རིགས་གཅིག་པ་ཡིན་པ་དྲན་པ་བརྗེད་དེ། ཁ་བྲལ་གཏོང་ཐབས་ཀྱི་སྐད་ཆ་ཤོད་བཞིན་ཡོད་པ་རེད། ང་ཚོས་ཁོ་ཚོ་དང་ང་ཚོ་ཞེས་ཟེར་བའི་ཚབ་ཏུ་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་དགོས་པ་རེད། ཅེས་གསུངས་འདུག

༧ གོང་ས་མཆོག་གིས་རྒྱ་གར་ནི་ང་ཚོའི་སློབ་དཔོན་ཡིན་སྐོར་བཀའ་སློབ་རྩལ་དོན། གནའ་རབས་ཀྱི་རྒྱ་གར་ནི་ང་ཚོའི་སློབ་དཔོན་ཡིན་ཡང་ད་ལྟའི་རྒྱ་གར་མིན། ད་ལྟའི་རྒྱ་གར་འདིར་ནུབ་ཕྱོགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་སྟབས། ཆོས་དང་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་བྱེད་རྒྱུའི་དུས་ཚོད་འདང་ངེས་ཤིག་མེད་པ་ལྟར་ཆགས་ཡོད། སྔོན་མ་རྒྱ་གར་གྱིས་མཁས་ཆེན་མང་པོ་ཞིག་གསོ་སྐྱོང་གནང་ཡོད་སྟབས། ད་ཆ་རྒྱལ་སྤྱི་རྒྱལ་ནང་གི་ས་ཁུལ་མང་ཆེ་བའི་ནང་དགོན་སྡེ་གྲངས་མང་གསར་འཛུགས་བྱས་ཡོད་ཀྱང་། དགོན་པ་དེ་དག་ནང་སོ་སོས་བསམ་བློ་བཏང་ནས་གོ་བསྡུར་བྱེད་རྒྱུ་མཐོང་དཀོན་པོ་ཆགས་ཡོད་སྟབས། རྒྱ་རིགས་ཚོ་འཛམ་གླིང་གི་ཡུལ་གྲུ་ག་པར་ཕྱིན་ཡང་རྒྱ་ནག་གི་གྲོང་རྡལ་ (China Town) ཞེས་བཟོ་བཞིན་ཡོད་པ་ལྟར། རྒྱ་གར་ངོས་ནས་ཀྱང་རྒྱ་གར་གྱི་གྲོང་རྡལ་ (India Town) ཞེས་བཟོ་རྒྱུ་གལ་ཆེན་ཡིན་པ་མ་ཟད། གྲོང་རྡལ་དེ་དག་ནང་ལྷ་ཁང་ཚབ་ཏུ་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་གནང་སྟེ། འཚེ་མེད་ཞི་བ་དང་ (ahimsa) དང་ཆོས་ལུགས་ཀྱི་མཐུན་ལམ་སྐོར་ལ་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུང་བཤད་གནང་འདུག

རྒྱ་གར་(Vishva Hindu Parishad) ཆོས་ལུགས་ཀྱི་མགོན་སྐྱབས་ཨ་ཤོཀ་ (Ashok Singhal) ལགས་ཀྱིས་བརྗོད་དོན། ད་ལྟ་རྒྱ་གར་ནང་ཧིན་དྷུ་དབང་དུ་བསྡུ་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུའི་དུས་ཚོད་ལ་སླེབ་ཏེ། ནཱ་རེན་ཌ་མུ་དྷེས་སྣེ་ཁྲིད་པའི་བྷེ་ཇི་པི་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཐོབ་ནས་གཞུང་འཛིན་བཞིན་ཡོད་པ་དེ་ནི། སྔོན་མ་རྒྱ་གར་གྱི་དྷིན་དྷུའི་རྒྱལ་པོ་ཆོ་ཧན་ (Prithviraj Chauhan) ལགས་ནས་དབང་ཆ་འཕྲོག་པ་ལྟ་བུ་ཞིག་ཆགས་ནས་ལོ་ ༨༠༠ རྗེས་ཧིན་དྷུའི་ལག་ཏུ་སླར་སླེབ་ཐུབ་པ་དེ་ནི་ང་ཚོའི་གཟི་བརྗིད་ཅིག་ཆགས་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༣ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༣ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. བློ་བཟང་ཕུན་ཚོགས། says:
    ལོ་ 12 སྔོན།

    སྟོན་པ་ཆེན་པོ་ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese