མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་གྱིས་རྒྱ་ནག་ལ་བསྟུན་མཁས་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་དཔལ་འབྱོར་མཉམ་འབྲེལ་ཚོགས་འདུའི་སྟེང་རྒྱ་གར་སྲིད་བློན་གྱིས་མངའ་ཁུལ་མཉམ་ལས་གོང་མཐོར་གཏོང་ཕྱོགས་ཀྱི་གྲོས་མགོ་བཏོན་པར་པ་ཀི་སི་ཐན་སྲིད་བློན་གྱིས་དགག་པ་བརྒྱབ་ཡོད་འདུག

དེ་རིང་དང་སང་ཉིན་བར་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་རུ། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐེངས་ ༡༨ པ་(18th SAARC summit)དེ་འཚོགས་བཞིན་ཡོད་ཅིང་། རྒྱལ་ཁབ་ཕན་ཚུན་བར་ཚོང་ཁྲལ་གུ་ཡངས་བཏང་སྟེ་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འཇིགས་སྐུལ་རིང་ལུགས་པར་ཁ་གཏད་བཅག་སྟེ་ཞི་བདེ་བརྟན་ལྷིང་བཟོ་ཐབས། མཐུན་ཚོགས་རྒྱལ་ཁབ་ཁག་ནང་སྨན་བཅོས་བྱེད་བར་སྐྱོད་མཁན་ཚོར་ཐོངས་མཆན་སྤྲོད་ཕྱོགས། མཐུན་གྲོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་སྲུང་སྐོར་སོགས་ལ་གྲོས་མོལ་བྱས་ཡོད་ཀྱང་། པ་ཀི་སི་ཐན་སྲིད་བློན་གྱིས་རྒྱ་གར་སྲིད་བློན་གྱིས་བཏོན་པའི་འགྲིམ་འགྲུལ་མཉམ་ལས་དང་། གློག་ཤུགས་མཁོ་གཏོང་། རྒྱལ་ཁབ་ཕན་ཚུན་བར་མེ་འཁོར་གཏོང་ཕྱོགས་བཅས་ཀྱི་གྲོས་མཐུན་ལ་དགག་པ་བརྒྱབ་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་ཀྱི་མགྲོན་བདག་བལ་ཡུལ་སྲིད་བློན་སུ་ཤེལ་ཀུ་རེ་ལཱ་ཡིས། “ད་རེབ་ཚོགས་འདུ་འདི་བརྒྱུད་རྒྱལ་ཁབ་ཕན་ཚུན་བར་གཅིག་ཕན་གཅིག་གྲོགས་བྱས་ཏེ། མཐུན་ཚོགས་འདི་སྔར་ལྷག་འཕེལ་རྒྱས་གཏོང་ཐུབ་བྱེད་དགོས། ང་ཚོས་རྒྱ་གར་གྱི་དམངས་གཙོའི་འཕེལ་རིམ་ལ་བལྟས་ཚེ། རྒྱ་གར་གྱི་དམངས་གཙོ་ནི་དཔལ་ཡོན་ཆེ་ལ་དམངས་ཕན་དགེ་སྐྱོང་དང་སྨྲ་བརྗོད་རང་དབང་ལྡན་པ་ཞིག་ཡིན་སྟབས། ང་ཚོས་ལེགས་ཆ་བླངས་ཏེ་མདུན་སྐྱོད་བྱེད་དགོས།” ཞེས་བརྗོད་འདུག

རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས། “ ང་ཚོགས་འདུ་འདིར་བཅར་ཐེངས་ཐོག་མ་དེ་ཆགས་ཡོད་ཀྱང་། ངས་རྒྱ་གར་གཞུང་འཛིན་དབུ་འཛུགས་མཛད་སྒོའི་ཐོག་བཤད་པ་ལྟར། ད་ལྟའི་རྒྱ་གར་གཞུང་གིས་མཐུན་ཚོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་དེ་གལ་ཆེན་དུ་འཛིན་བཞིན་ཡོད། མ་འོངས་པར་ང་ཚོའི་མཐུན་ཚོགས་འདི་སྟོབས་ཤུགས་ཆེན་པོ་དང་ཡག་པོ་ཞིག་ཆགས་དགོས་ན་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་དང་འགྲིམ་འགྲུལ་མཐུན་རྐྱེན་ཡག་པོ་ཞིག་དགོས། ཕྲན་གྱིས་ད་ལྟ་རྒྱ་གར་རྒྱལ་ཁབ་འདི་ཡག་པོ་ཆགས་རྒྱུར་ཕུགས་བསམ་འཆང་གི་ཡོད་པ་ལྟར། མཐུན་ཚོགས་འདི་ཡང་ཡག་པོ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད།”ཅེས་བརྗོད་འདུག

པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས། “ངས་མཐུན་ཚོགས་འདིས་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་མེད་པ་དང་། དབུལ་ཕོངས་དང་ཟས་བཅུད་ཀྱི་དཀའ་ངལ་སེལ་ཐུབ་པར་རེ་བ་རྒྱག་གི་ཡོད་སྟབས། ང་ཚོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མངའ་ཁུལ་ནང་དམག་འཁྲུག་དང་རྩོད་རྙོག་མེད་པ། རང་རྒྱལ་གཞན་ཕམ་གྱི་ལྟ་ཕྱོགས་དོར་ནས་གཉིས་ཕན་མཉམ་རྒྱལ་གྱི་མཐུན་ཚོགས་ཤིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད།”ཅེས་བརྗོད་འདུག

ད་རེབ་བལ་ཡུལ་ནང་ལྷོ་ཨེ་ཤ་ཡའི་མངའ་ཁུལ་རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ། ཁ་སང་ཚེས་ ༢༥ ཉིན་རྒྱ་གར་དང་བལ་ཡུལ་སྲིད་བློན་རྣམ་གཉིས་ཐུག་འཕྲད་གནང་སྟེ། རྒྱ་གར་རྒྱལ་ས་ལྡི་ལི་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་བར་སྤྱི་སྤྱོད་རླངས་འཁོར་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་མ་ཟད།  ཀ་ཐ་མན་གྲུ་དང་ཝ་རཱ་ཎ་སི། བལ་ཡུལ་གྱི་ཇཱ་ནག་པུར་(Janakpur)དང་རྒྱ་གར་གྱི་ཨ་ཡོ་དྷེ་ཡ་ (Ayodhya) གྲོང་ཁྱེར། ལུམ་ཝི་ནི་དང་རྡོ་རྗེ་གདན་བཅས་ཀྱི་བར་མཐུན་གྲོགས་གྲོང་རྡལ་བསྒྲིགས་ཡོད་པ་དང་། རྒྱ་གར་གཞུང་གིས་བལ་ཡུལ་ཉེན་རྟོག་པར་སྦྱོང་བརྡར་སྤྲོད་རྒྱུ་དང་། བལ་ཡུལ་ནང་གློག་ཁང་གསར་འཛུགས་བྱེད་ཕྱོགས་སོགས་ཀྱི་གྲོས་མཐུན་དོན་ཚན་ ༡༠ ལ་མིང་རྟགས་བཀོད་དེ། རྒྱ་གར་གཞུང་གིས་བལ་ཡུལ་གྱི་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་ ༡ གིས་རོགས་དངུལ་སྤྲད་ཡོད་འདུག

དེ་རིང་རྒྱ་གར་གཞུང་གིས་པ་ཀི་སི་ཐན་གཙོས་ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་ལྷན་ཚོགས་འདི་སྟོབས་ཤུགས་ལྡན་ལ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་ཁ་གཏད་གཅོག་ཐུབ་མཁན་ཞིག་ཏུ་འགྱུར་བར་འབད་བརྩོན་དང་། ཚོགས་མིའི་རྒྱལ་ཁབ་ཚོས་རྒྱལ་ཁབ་ཕན་ཚུན་བར་གློག་ཤུགས་མཁོ་གཏོང་དང་འགྲིམ་འགྲུལ་སྟབས་བདེ། མེ་འཁོར་གཏོང་ཕྱོགས་སོགས་ལ་མཉམ་ལས་ཀྱི་དགོས་འདུན་བཏོན་པར། པ་ཀི་སི་ཐན་གཞུང་གྱིས་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

པ་ཀི་སི་ཐན་གྱི་སྲིད་བློན་བལ་ཡུལ་དུ་མ་ཐོན་གོང་གསར་འགོད་པ་ཞིག་གི་དྲི་བའི་ལན་དུ། མ་འོངས་པར་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་དེ་གང་འདྲ་ཞིག་ཆགས་མིན་གྱི་སྤོ་ལོ་དེ་རྒྱ་གར་གྱི་རྩེད་རྭའི་ནང་ཡོད་སྟབས། རྒྱ་གར་གྱིས་རྩེད་མོ་གང་འདྲ་རྩེད་མིན་ལ་རག་ལུས་ཡོད། ཅེས་བརྗོད་འདུག ཁ་སང་པ་ཀི་སི་ཐན་གྱི་སྲིད་བློན་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས་ཐུག་འཕྲད་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་གྲོས་མོལ་གནང་ཐུབ་མེད། ལྷན་ཚོགས་སྟེང་རྒྱ་གར་དང་པ་ཀི་སི་ཐན་བར་ལྟ་ཕྱོགས་མ་མཐུན་པ་བྱུང་ཡོད་པ་མ་ཟད། པ་ཀི་སི་ཐན་གྱིས་རྒྱ་ནག་ལྷན་ཚོགས་ནང་མཉམ་བཞུགས་བྱ་རྒྱུར་རྒྱབ་སྐྱོར་དང་། རྒྱ་གར་གྱིས་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཚོགས་སྡེ་དང་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ ༣༥༠ ལྷག་ཕེབས་ཡོད་སྟབས། བལ་ཡུལ་གཞུང་གིས་སྲུང་སྐྱོབ་མི་སྣ་ ༢༨༠༠༠ ཙམ་མངག་གཏོང་དང་། ལྟ་སྲུང་པར་ཆས་ ༢༠༠ ལྷག་བཙུགས་ཏེ་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག

ཁ་སང་ལྷན་ཚོགས་འདི་དང་འབྲེལ་བའི་ཐོག་རྒྱ་གར་དུས་བབ་ (The Times of India) ཀྱི་རྩོམ་སྒྲིག་པའི་གཏམ་ནང་། “མཐུན་ཚོགས་རྒྱལ་ཁབ་བར་འབྲེལ་ལམ་བཟང་དུ་ཕྱིན་ཚེ། རྒྱལ་ཁབ་ཕན་ཚུན་བར་མི་སྣ་འགྲོ་འོང་མང་དུ་ཕྱིན་ཏེ་བསམ་ཚུལ་བརྗེ་ལེན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་ངེས་ཡིན།”ཞེས་དང་། ཨེ་ཤ་ཡའི་དུས་རབས་(The Asian Age) ཀྱི་རྩོམ་སྒྲིག་པའི་གཏམ་ནང་། “རྒྱལ་ཁབ་ཕན་ཚུན་གྱི་དཀའ་རྙོག་སེལ་ཐབས་བྱས་ནས་འགྲིམ་འགྲུལ་དང་གནམ་ས་གཉིས་ཐོག་གི་ལམ་སྒོ་ཕྱེ་སྟེ། མཉམ་ལས་བྱེད་ཐུབ་ན་མངའ་ཁུལ་འདི་སྟོབས་འབྱོར་ལྡན་པ་ཞིག་ཆགས་རྒྱུ་ཡིན་ཡང་། ད་དུང་རྒྱལ་ཁབ་ཕན་ཚུན་ལྟ་ཕྱོགས་མི་མཐུན་པ་མང་པོ་ཞིག་འབྱུང་བཞིན་ཡོད་སྟབས། མཉམ་ལས་བྱས་པ་ལས་བྱ་རྒྱུ་མང་བ་ལྷག་ཡོད།”ཅེས་བཀོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་རེབ་ཚོགས་ཐོག་ཏུ་རྒྱ་གར་སྲིད་བློན་གྱིས་མངའ་ཁུལ་ནང་མཉམ་ལས་གོང་མཐོར་ གཏོང་ཐབས་ཀྱི་གྲོས་མགོ་བཏོན་པ་ཁག་ཅིག་ལ། པ་ཀི་སི་ཐན་སྲིད་བློན་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ཏེ་གྲོས་ཆོད་ཁག་ལ་ཁས་ལེན་བྱེད་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་པོ་མ་བྱུང་བར་མཐུན་ཚོགས་འདི་སྟོབས་ཤུགས་ལྡན་པ་ཞིག་ཆགས་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

༡༩༨༥ ལོར་ལྷོ་ཨེ་ཤ་ཡའི་མངའ་ཁུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་(South Asian Association for Regional Cooperation)ཞེས་པ་འདི་རྒྱ་གར་དང་པ་ཀི་སི་ཐན། བྷང་ལཱ་དྷེ་ཤི བལ་ཡུལ། འབྲུག་ཡུལ། སིང་གྷ་ལཱ། མལ་དྷེབ་ (Maldives) བཅས་ཀྱིས་ཐོག་མར་གསར་འཛུགས་བྱས་ཤིང་། ༢༠༠༥ ལོར་ཨབ་གྷན་མཐུན་ཚོགས་ནང་བཞུགས་ཡོད་པ་དང་། འདིའི་དམིགས་ཡུལ་གཙོ་བོ་ནི་མངའ་ཁུལ་ནང་དཔྱ་ཁྲལ་མེད་པའི་ཚོང་ལས་གཉེར་ཕྱོགས་དང་། རིག་གཞུང་བརྗེ་ལེན། ཚོང་དོན་འབྲེལ་ལམ་གོང་མཐོར་གཏོང་ཐབས། ཤེས་ཡོན་འཕེལ་རྒྱས། མི་སྣ་འགྲོ་འོང་མང་དུ་བཏང་སྟེ་དཔལ་འབྱོར་དང་རིག་གཞུང་བརྗེ་ལེན་མཉམ་འབྲེལ་གོང་མཐོར་གཏོང་ཐབས་སོགས་ཡིན་པ་མ་ཟད། མཐུན་ཚོགས་ནང་ཚོགས་མིའི་རྒྱལ་ཁབ་ ༨ དང་། ཟུར་ཉན་པར་ཕེབས་ཆོག་པའི་གནས་བབ་སྤྲད་ཡོད་པའི་རྒྱལ་ཁབ་ཨོ་སི་ཌོ་ལི་ཡ་དང་། ཨ་རི་དང་རྒྱ་ནག ཡུ་རོབ་མཐུན་ཚོགས། ཨི་རན། ཉི་ཧོང་། འབར་མ། ལྷོ་ཀོ་རི་ཡ་སོགས་ཡོད་པ་མ་ཟད། སང་ཉིན་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་རྒྱུ་ཡིན་འདུག ད་རེབ་ལྷན་ཚོགས་ཐོག་རྒྱ་གར་དང་བལ་ཡུལ། འབྲུག པ་ཀི་སི་ཐན། བྷང་ལཱ་དྷེ་ཤི་ཡི་སྲིད་བློན་དང་། སིང་གྷ་ལ་དང་མལ་དྷེབ། ཨབ་གྷན་བཅས་ཀྱི་སྲིད་འཛིན་ཕེབས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese