མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་རྒོལ་བ་ ༡༥༠ ཙམ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གཞུང་གིས་ཝང་ཇོ་ཁྲོམ་གཞུང་གི་ཞི་རྒོལ་བ་ཚོ་ཕྱིར་འབུད་བཏང་སྟེ་གཙང་སེལ་བྱས་ཡོད་པ་མ་ཟད། ལས་འགུལ་སྣེ་ཁྲིད་པ་སོགས་མི་ ༡༥༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཧོང་ཀོང་ནང་མི་མང་གིས་ཞི་རྒོལ་བྱས་ཏེ་ཟླ་གཉིས་ཏག་ཏག་ཕྱིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་དགོང་མོ་ནས་བཟུང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གི་བཀའ་བཀོད་འོག ཉེན་རྟོག་པ་བརྒྱ་ཕྲག་བརྒལ་བས་ཞི་རྒོལ་གྱི་ལྟེ་གནས་ཝང་ཇོ་ཁྲོམ་གཞུང་དུ་གཙང་སེལ་ལས་འགུལ་སྤེལ་ཏེ། ཞི་རྒོལ་བའི་སྡོད་གུར་གཏོར་བཤིག་བཏང་ནས་བཙན་གྱིས་ཕྱིར་འབུད་བཏང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་དང་ལས་འགུལ་བའི་བར་འཁྲུག་འཛིང་ཤོར་ཡོད་པ་མ་ཟད། ཁྲིམས་འགལ་ འདུ་འཛོམས་དང་ཉེན་རྟོག་པ་ ༧ ཙམ་ལ་གཅར་རྡུང་བཏང་བ། གཙང་སེལ་གྱི་བྱ་བར་འགོག་རྐྱེན་བཟོས་པ་སོགས་ཀྱི་ཉེས་མིང་འོག ཞི་རྒོལ་རྒྱབ་སྐྱོར་བ་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཉིང་ཀོ་ཤོང་དང་སློབ་ཕྲུག་མཐུན་ཚོགས་ཀྱི་མགོ་ཁྲིད་གཞོན་པ་ཚིན་ཨོ་ཧེ། སློབ་མའི་ལས་འགུལ་སྣེ་ཁྲིད་པ་ཧང་ཀྲི་སོགས་ཀྱི་གཙོས་ཞི་རྒོལ་བ་ ༡༥༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། གཙང་སེལ་སྐབས་གསར་འགོད་པ་ཞིག་འཛིན་བཟུང་བྱས་ཡོད་སྟབས། ཧོང་ཀོང་གསར་འགོད་མཐུན་ཚོགས་སོགས་རྒྱལ་ཕྱི་ནང་ནས་གསར་འགོད་རང་དབང་ལ་གཏོར་སྐྱོན་བཏང་བའི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག

ཁ་སང་ཕྱི་དྲོར་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཧོང་ཀོང་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་སྤེལ་བ་ནས་ཉེན་རྟོག་པས་ལས་འགུལ་ལ་འགོག་རྒོལ་རིམ་པར་བྱས་ཏེ་ངོ་རྒོལ་བ་ཕྱིར་འབུད་གཏོང་ཐབས་བྱས་པས་མ་ཚད། འཛེམས་མེད་ཀྱིས་གསར་འགྱུར་ལས་རིགས་གཉེར་མཁན་ཚོར་དྲག་ཤུགས་བཀོལ་ཏེ་ཉུང་མཐར་གསར་འགོད་པ་ ༢༥ ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཐ་ན་རྒྱུ་མཚན་ཅི་ཡང་མེད་པར་གསར་འགོད་པ་འཛིན་བཟུང་བྱས་པ་དེས་མི་རྣམས་ལ་འཁོན་སེམས་ཆེན་པོ་བསླངས་ཡོད་སྟབས། ཉེན་རྟོག་ཕྱོགས་ནས་ཉེན་རྟོག་པའི་བཙན་སྐུལ་བྱ་སྤྱོད་ལ་སྟངས་འཛིན་དང་། གསར་འགོད་པའི་བྱ་བར་འགོག་རྐྱེན་བཟོ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱས་ཡོད་པ་མ་ཟད། ཧོང་ཀོང་ཉེན་རྟོག་ལས་དོན་ལྷན་ཁང་གི་མགོ་ཁྲིད་ཙིན་ཝེ་ཤོང་གིས་གནད་དོན་ལ་དཔྱད་ཞིབ་ལེགས་བཅོས་བྱས་ཏེ། རྗེས་ཕྱོགས་གནད་དོན་དེ་རིགས་མི་འབྱུང་པར་ཁག་ཐེག་དགོས་པའི་སྐུལ་མ་གནང་འདུག

གཞན་ཡང་། ཁ་སང་ཕྱི་ཚེས་ ༢༥ ཉིན་དབྱིན་ཇི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ཞིག་ཧྲང་ཧེ་རུ་རྒྱལ་དོན་གཟིགས་སྐོར་དུ་ཕེབས་འཆར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ལས་དོན་ཚོགས་ཆུང་དེའི་ཚོགས་གཙོ་(Richard Graham)ལགས་ཀྱིས། དབྱིན་གཞུང་གིས་ཕྱི་ལོ་ ༡༩༨༤ ལོའི་རྒྱ་དབྱིན་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྩ་དོན་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་མ་ཟད། ཧོང་ཀོང་ཁྲིམས་སྐྱོང་འོག་སྨྲ་བརྗོད་རང་དབང་དང་ཁྲིམས་འཛིན་ལམ་ལུགས་རང་སྐྱོང་ལ་ཁག་ཐེག་དགོས་སྐོར་བརྗོད་ཡོད་པར་བརྟེན། དབྱིན་ཇིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་པར་ཐོངས་མཆན་སྤྲད་མེད་སྟབས། ཁ་སང་ཕྱི་ཚེས་ ༢༥ ཉིན་གྲོས་ཚོགས་འཐུས་མི་ཚོགས་པ་དེས། རྒྱ་ནག་གཞུང་ཚབ་ཁང་གིས་རེས་ཆར་ཌི་གྷ་ར་ཧམ་(Richard Graham)ལགས་ལ་ཐོངས་མཆན་མ་སྤྲད་ན། འཐུས་མི་ཚོགས་པ་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་རྒྱུ་ཕྱིར་འཐེན་བྱ་རྩིས་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་ཚབ་ཀྱིས་མོས་མཐུན་མ་བྱས་པར་ཐེངས་འདིའི་གཟིགས་སྐོར་ཕྱིར་འཐེན་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 2

  1. གངས་ལྡོམ། says:
    ལོ་ 12 སྔོན།

    ཧོང་ཀོང་མི་མང་གི་ཆིག་སྒྲིལ་དེའང་མཐའ་མར་རྔ་མ་མེད་པ་ཞིག་ཆགས་སོང་།

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    རྒྱ་ནག་གིས་གདུག་རྩུབ་དེ་བོད་ལ་མ་གཏོགས་བྱུང་མེད་པ་ལྟ་བུར་མཐོང་གི་ཡོད་ཀྱང་། རྗེས་སུ་ཆབ་སྲིད་གཙོ་བའི་དོན་རྐྱེན་སྣ་ཚོགས་ཤིག་བྱུར་བར་བརྟག་དཔྱད་རྒྱུས་མངའ་བྱས་ཚེ། རྒྱ་ནག་ནི་རང་གིས་རྒྱལ་སྲུང་ལ་འཛིན་པའི་སྲིད་བྱུས་དེར། གཞུང་དང་སྒྲིག་འཛུགས་སྒེར་པ་སོགས་སུས་མི་འདོད་ངོ་རྒོལ་བྱས་ཀྱང་།

    དེ་ལ་ཁ་གཏད་གཅོག་སྟངས་ཀྱི་ཐབས་བྱུས་ཀྱི་རྣམ་པ་དང་ལག་བསྟར་གཅིག་པ་
    ལྟ་བུར་མཐོང་གིན་འདུག་པ་དེས། འདས་ཟིན་གྱི་རྨ་ཁ་ཕྲན་བུ་ཉུང་དུ་འགྲོ་སོང་།

    ཁོས་རང་གི་སྒམ་དྲག་གི་སྲིད་བྱུས་དེ་བོད་དང་ཧོང་ཀོང་ཤིན་ཅང་ཡུ་གུར་སོགས་ཚང་མར་གཅིག་མཚུངས་ལྟ་བུ་ཞིག་བྱས་པ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese