མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དཔེ་མཆོད་གཤོམ་ནང་མ་འཇོག་པར་སློབ་དེབ་རང་བྱས་ཏེ་ལྟ་རོགས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སོག་པོའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་རྒྱལ་དང་བོད་པ་ཚོར་ལམ་རིམ་ཆེན་མོའི་གསུང་ཆོས་གནང་སྐབས། ཁྱེད་རང་ཚོ་དོལ་རྒྱལ་མཚམས་འཇོག་བྱ་རྒྱུར་ཞེད་སྣང་སྐྱེ་ན། སེམས་ནང་དོལ་རྒྱལ་མཚམས་འཇོག་བྱས་པ་དེ་སྒེར་སོ་སོ་དོལ་རྒྱལ་ལ་མ་དགའ་བ་མིན་པར། ཏཱ་ལའི་བླ་མའི་ཐོག་མ་དོལ་རྒྱལ་བསྟེན་ཏེ་ཕྱིས་སུ་སྐྱོན་མཐོང་ནས་མཚམས་འཇོག་བྱས་པ་ལྟར་ང་ཚོར་ལམ་སྟོན་གནང་བའི་རྗེས་སུ་འབྲང་གི་ཡོད་སྟབས། དོལ་རྒྱལ་ཁྲོ་ན་ཏཱ་ལའི་བླ་མའི་སྟེང་ཁྲོ་རོགས། གནོད་པ་གཏོང་རྒྱུ་ཡོད་ན་ཏཱ་ལའི་བླ་མར་གནོད་པ་གཏོང་ཤོག་ཅེས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ །༠༠ སྟེང་ནས་བཟུང་ཉིན་བཞི་རིང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་སོག་པོ་ཆོས་ཞུ་པ་ ༧༠༠ ཙམ་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༤༨ ཀྱི་མི་ ༤༠༠ ལྷག་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་ ༡༦༠༠ ཙམ་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སོང་།

ཐེངས་འདིའི་ལམ་རིམ་ཆེན་མོའི་གསུང་ཆོས་ཀྱི་སྔོན་དུ་༧གོང་ས་མཆོག་གིས་སོག་པོ་ཆོས་ཞུ་པ་རྣམས་ལ་གསུངས་དོན། དེ་རིང་ཆེན་པོ་ཧོར་གྱི་དད་ལྡན་ཆོས་ལ་དོན་གཉེར་ཅན་ཁྱེད་ཚོས་དཀའ་ལས་དང་འགྲོ་སོང་མང་པོ་བཏང་སྟེ་ཆེད་མངགས་འདིར་ཆོས་ཞུ་རུ་ཡོང་བར་འཚམས་འདྲི་ཡོད། ཐེངས་འདིར་ཁྱེད་རང་ཚོར་ལམ་རིམ་ཆེན་པོ་སོག་སྐད་ནང་བསྒྱུར་ནས་པར་བརྒྱབ་པ་ཡག་པོ་བྱུང་ཡོད། ལམ་རིམ་ཆེན་མོ་སོག་སྐད་ལ་སྒྱུར་མཁན་དང་པར་སྐྲུན་ཁང་། ལས་ཀ་བྱེད་མཁན་ཚང་མར་ཐུགས་རྗེ་ཞུ་རྒྱུ་ཡིན། ཨེ་ཤ་ཡའི་མངའ་ཁུལ་དུ་རྒྱ་གར་དང་ཧོར། བོད་གསུམ་བྱས་ཏེ་ལོ་རྒྱུས་ཡུན་རིང་ཡོད་དང་། ལྷག་པར་དུ་བོད་སོག་གཉིས་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད། ང་ཚོ་བོད་དང་སོག་པོ་གཉིས་བར་ནང་ཆོས་ཙམ་མ་ཡིན་པར་སྦྱིར་བཏང་གོམས་གཤིས་དང་རིག་གཞུང་ལའང་ཕལ་ཆེར་འབྲེལ་བ་ཡོད་ས་རེད། རྒྱལ་དབང་སྐུ་ཕྲེང་གོང་མ་ཚོའི་ཐོག་ནས་མར་བཤད་ན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་རིམ་བཞིན་ཐུན་མོང་གི་འབྲེལ་བ་ཆགས་ཏེ། ཁྱེད་རང་ཚོའི་ཏཱ་ལའི་པཀྵི་ཟེར་བའི་ཏཱ་ལའི་ཟེར་བ་དེ་བྱུང་ཡོད་སྟབས། ངས་ས་ཡིག་རྒྱག་རོགས་ཟེར་དུས་ངས་ཏཱ་ལའི་བླ་མ་ཞེས་ས་ཡིག་རྒྱག་གི་ཡོད། དེའི་དོན་དག་ག་རེ་རེད་ཟེར་ན་ངས་ཏཱ་ལའི་ཟེར་བ་སོག་སྐད་རེད་ཟེར་རྒྱུ་དེ་རེད། རྒྱལ་བ་བསོད་ནམས་རྒྱ་མཚོའི་མཚན་ཟུར་དུ་རྒྱ་མཚོ་ཡོད་དུས་ཕལ་ཆེར་རྒྱ་མཚོ་བླ་མ་ཞེས་པ་ཐོག་པ་ཡིན་ས་རེད།

ཁྱེད་ཚོ་ཆེན་པོ་ཧོར་ཡུལ་ཚང་མར་ནང་ཆོས་ཧ་ཅང་དར་བསྡད་པ་དག་བོད་ནས་མར་བརྒྱུད་པ་ཡིན་སྟབས། སྨོན་ལམ་རྒྱག་པ་དང་འདོན་པ་འདོན་པ་རིགས་བོད་སྐད་ནང་བྱེད་ཀྱི་ཡོད་པ་མ་ཟད། སློབ་གཉེར་ཡང་བོད་སྐད་ནང་བྱས་ཏེ་སྔ་མོ་སློབ་སྦྱོང་ཧ་ཅང་ཡག་པོའི་དུས་ཚོད་དེ་འདྲ་བྱུང་ཡོད་སྟབས། སོག་པོའི་མཁས་པ་དེ་འདྲས་བརྩམས་པའི་ཕར་ཕྱིན་དང་དབུ་མའི་གཞུང་མང་པོ་ཡོད། ངས་མང་པོ་མཐོང་མྱོང་ལ་སློབ་སྦྱོང་ཡང་བྱས་མྱོང་། བར་སྐབས་བསྟན་པར་གོད་ཆགས་ཀྱི་དཀའ་ངལ་ཆེན་པོ་བྱུང་སྐབས་ཀྱང་སོ་སོས་སངས་རྒྱས་ཀྱི་ཆོས་རྩ་བར་བཟུང་སྟེ་དད་པ་བྱེད་བསྡད་པ་རེད།

༡༩༧༩ ལོར་ང་ཐོག་མར་སོག་ཡུལ་དུ་སླེབ་དུས་སོག་པོ་དམར་པོའི་རྒྱལ་ཁབ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལ་དམ་དྲག་ཆེན་པོ་ཡོད་ཀྱང་། བར་སྐབས་རང་དབང་ཐོབ་ཡོང་དུས་ཁྱེད་རང་ཚོས་སོ་སོའི་ཕ་མེས་ནས་ཡོད་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པར་རང་དབང་ཡོད་པའི་ཐོག་ནས་བྱེད་པའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོས་སངས་རྒྱས་ཀྱི་ཆོས་ཟེར་བ་དད་པ་བྱེད་ཡུལ་ཙམ་དུ་མི་ཆོག་པར། ཆོས་དད་པ་བྱེད་སའི་ཡུལ་ག་འདྲ་ཡིན་པར་སློབ་སྦྱོང་བྱས་ཏེ་ཤེས་པར་བྱེད་དགོས། ཆོས་ཤེས་ནས་དད་པ་ཐོབ་དགོས་པ་གལ་ཆེན་པོ་རེད། དེར་བརྟེན། ལམ་རིམ་ཆེན་མོ་འདི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་གཞུང་གལ་ཆེན་པོ་ཞིག་རེད། དེ་སོག་སྐད་ནང་བསྒྱུར་ཡོད་པ་སོ་སོའི་ནང་གི་མཆོད་གཤོམ་ནང་སྒྲིག་བཞག་པ་མ་ཡིན་པར་སློབ་དེབ་རང་བྱས་ཏེ་ཡག་པོ་ལྟ་དགོས། ཞེས་གསུངས་སོང་།

༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ་གསུངས་དོན། ༧གོང་ས་ལྔ་བ་ཆེན་པོའི་སྐབས་ནས་དོལ་རྒྱལ་སྐོར་གྱི་གནས་ཚུལ་དེ་བྱུང་བ་རེད། དོལ་རྒྱལ་སྐོར་ལ་རྒྱུས་མངའ་ཆེ་བ་ཡོད་པ་༧གོང་ས་ལྔ་བ་ཆེན་པོ་ཆགས་ཡོད་སྟབས། ༧གོང་ས་ལྔ་བ་ཆེན་པོས་དོལ་རྒྱལ་ག་འདྲ་ཞིག་ལ་ངོས་འཛིན་གནང་བ་རེད་ཟེར་ན། པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། ཞེས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་གསུངས་ཡོད། ལོ་རྒྱུའི་ནང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མ་ཡུམ་དེ་ལག་ཨ་རྒྱལ་ཟེར་བ་ཞིག་ཡོད་པ་རེད། ལག་འཇོན་པོ་དང་གྲུང་པོ་ཡོད། ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་འབྲེལ་བ་ཐབས་མཁས་བྱས་ཏེ། མཐའ་མར་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ལ་ངོས་འཛིན་བྱུང་བ་རེད། རྒྱལ་དབང་ལྔ་བས་དེར་ངོས་འཛིན་གནང་མེད། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། སྨོན་ལམ་ལོག་པས་དམ་སྲིར་གྱུར་ཏེ་བསྟན་པ་དང་འགྲོ་བར་འཚེ་བ་བྱེད་པ་ཞེས་གསུངས་ཡོད་འདུག དེའི་དོན་དག་དེ་རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པ་དང་ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན་ཞེས་འདི་འདྲ་གསུངས་འདུག་གཱ  སྔ་མོ་ངས་དོལ་རྒྱལ་གྱི་རྙོག་དྲ་ཕྲན་བུ་གོ་བ་མ་གཏོགས་ཞེ་དྲག་ཤེས་ཀྱི་མེད་པས་ངས་དོལ་རྒྱལ་བསྟེན་པ་རེད། ཕྱིས་སུ་ང་ལ་དགེ་སློང་གི་སྡོམ་པ་གནང་མཁན་མཁན་ཆེན་རྡོ་རྗེ་འཆང་ཡོངས་འཛིན་གླིང་རིན་པོ་ཆེས་དོལ་རྒྱལ་ལ་མ་ཉེས་པ་ཤུགས་ཆེན་པོ་འདུག

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་ཤུགས་ཆེན་པོ་བསྟེན་པར་བརྟེན་ཏེ་ངས་ཀྱང་བསྟེན་པ་ཡིན། གླིང་རིན་པོ་ཆེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་ཤུགས་ཆེན་བསྟེན་གྱི་ཡོད་སྟབས། མངོན་གསལ་དད་པོས་དགག་པ་སྐྱོན་མ་ཐུབ་པ་རེད་མ་གཏོགས། གཞན་རིན་པོ་ཆེས་ནང་གི་བློ་འཁེལ་མཁན་ཚོར་དོལ་རྒྱལ་བསྟེན་རྒྱུ་ཡོད་པ་མ་རེད་གསུང་གི་ཡོད་འདུག རྗེས་སུ་ང་རང་ཐེ་ཚོམ་ཞིག་བྱུང་སྟེ་བརྟག་དཔྱད་ཞེ་དྲག་བྱས་ཏེ་མཐའ་མར་དོལ་རྒྱལ་བསྟེན་ན་ཕན་ཐོགས་མེད་པའི་གནས་ཚུལ་ཞིག་ཡོང་དུས་གཞི་ནས་ལོ་བཞི་བརྒྱའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་༧གོང་ས་ལྔ་པའི་གསུང་དེ་རྙེད་པ་རེད། དེ་འདྲ་ཡིན་དུས་ངས་དོལ་རྒྱལ་བསྟེན་པ་མཚམས་འཇོག་བྱས་རྗེས་གླིང་རིན་པོ་ཆེས་ཡག་པོ་ཞེ་དྲག་བྱུང་སོང་གསུང་གི་འདུག གླིང་རིན་པོ་ཆེ་ངའི་བསྙེན་རྫོགས་སྒྲུབ་ས་ཡིན་ལ་དབང་མང་པོ་ཞུ་ས་རེད། ངའི་དཔེ་ཁྲིད་གཙོ་བོ་གནང་མཁན་ཡང་གླིང་རིན་པོ་ཆེ་རེད། ཁོང་ངའི་རྩ་བའི་བླ་མ་ཆགས་ཡོད་དུས་རིན་པོ་ཆེ་ཐུགས་རྒྱས་པོ་ཞེ་བོ་བྱུང་སོང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ངས་འདི་ཞུས་པ་ཡིན། ངས་བརྟག་དཔྱད་ནན་པོ་བྱས་པ་ཡིན་པར་དོལ་རྒྱལ་མཚམས་འཇོག་བྱོས་འདི་འདྲ་ཡོང་གི་འདུག་ཅེས་ཞུས་པ་ཡིན། ཁོང་གིས་འདི་ལ་ནོར་འཁྲུལ་ཁྱོན་ནས་ཡོད་པ་མ་རེད། བརྟག་དཔྱད་གནང་སྟངས་དེ་ཚོ་ཡང་དག་བྱུང་ཡོད་སྟབས། དགོས་པ་རྒྱུ་མཚན་ཏན་ཏན་ཡོད་པས་འགྲིག་འདུག་གསུངས་སོང་། ཞེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ། དེའི་རྗེས་ང་རང་ལ་ཉམས་མྱོང་གང་བྱུང་བ་མི་ལ་འགྲེལ་བཤད་རྒྱག་གི་ཡོད་ལ། འགྲེལ་བཤད་རྒྱག་དགོས་པ་ངའི་ལས་འགན་རེད། འགྲེལ་བཤད་བརྒྱབ་ནས་ཉན་དང་མ་ཉན་མི་སོ་སོས་བསམ་བློ་གཏོང་དགོས་མ་རེད་མ་གཏོགས་ངས་བཀའ་གཏོང་བ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བོད་པའི་སྤྱི་ཚོགས་ནང་ལོགས་སུ་དོལ་རྒྱལ་བསྟེན་མཁན་མང་པོ་མེད་ལ་སྔོན་ནས་ཀྱང་མང་པོ་ཡོད་པ་མ་རེད། ༧རྒྱལ་དབང་ལྔ་བོས་དོལ་རྒྱལ་དམ་དྲག་གནང་བ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ཀྱང་དམ་དྲག་གནང་། སྐུ་མདུན་སྐུ་གོང་མས་ཀྱང་དམ་དྲག་གནང་། དེ་དང་དེ་འདྲའི་དགེ་ལུགས་པའི་བླ་མ་མང་པོ་ཞིག་གིས་དོལ་རྒྱལ་ལ་ཉེས་པོ་མེད་པར་དམ་དྲག་གནང་གི་ཡོད། ཉུང་ཤས་ཤིག་གིས་དོལ་རྒྱལ་བསྟེན་གྱིན་ཡོད་པ་རེད། སྐུ་མདུན་སྐུ་གོང་མས་དོལ་རྒྱལ་དམ་དྲག་ཤུགས་ཆེན་པོ་གནང་སྟབས། སྐུ་མདུན་སྐུ་གོང་མ་སྐུ་གཤེགས་སྐབས་དོལ་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེ་སྐུ་གཤེགས་པར་དགའ་བསུ་ཞུས་པ་རྣམ་ཐར་ལོ་རྒྱུས་ནང་ཡོད། དེ་རིང་ཁ་སང་དོལ་རྒྱལ་ལ་ཆ་བཞག་ན། དོལ་རྒྱལ་དང་དོལ་རྒྱལ་བསྟེན་མཁན་ཚོས་ང་ཤི་ཡ་ལ་སྒུག་བསྡད་ཡོད་པ་དངོས་ཡོད་གནས་ཚུལ་རེད་དཱ། (བཞད་མོ་དང་བཅས་གསུངས།) དེ་ལ་ཁྱད་པར་གང་ཡང་མེད་པར་སྤྱི་ཡོངས་ཀྱི་འགྲོ་སྟངས་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་བོད་རིགས་ཙམ་མ་ཡིན་པར་ཕྱི་རྒྱལ་མི་རིགས་བསྟེན་མཁན་དེ་འདྲ་ཡོད་ས་རེད། དེ་ཚོའི་རིགས་ཁག་ཅིག་གིས་དོལ་རྒྱལ་བསྟེན་མཚམས་བཞག་རྗེས། དོལ་རྒྱལ་གྱི་གནོད་པའི་རིགས་གང་ཡང་ཡོང་གི་མི་འདུག་ཟེར་གྱི་འདུག ཁ་ཤས་ཤིག་ལ་རྨི་ལམ་འཚུབ་འཚུབ་དེ་འདྲ་ཡོང་གི་ཡོད་ས་རེད་མ་གཏོགས་གནོད་པ་གང་ཡང་ཡོང་གི་མི་འདུག ཁྱེད་རང་ཚོ་དོལ་རྒྱལ་བསྟེན་མཁན་ཚོས་སོ་སོའི་བསམ་བློའི་ནང་མུ་མཐུད་བསྟེན་རྒྱུ་ཡིན་ཟེར་ན་སོ་སོའི་རང་དབང་རེད། ངས་དོལ་རྒྱལ་ལ་ལོ་མང་པོ་བརྟག་དཔྱད་བྱས་ཏེ་ལོ་བཞི་བརྒྱའི་ལོ་རྒྱུས་ནང་ལོགས་ལ་རྙོག་དྲ་ཡོད་བསྡད་པ་མཚམས་འཇོག་བྱེད་པར་བློར་བབ་པ་ཡིན་ན་མཚམས་འཇོག་བྱོས་དང་ཁྱོན་ནས་ཞེད་སྣང་སྐྱེས་དགོས་ཀྱི་མེད། ཁྱེད་རང་ཚོའི་བསམ་བློ་འདི་འདྲ་ཐོངས། དོལ་རྒྱལ་མཚམས་འཇོག་བྱས་པ་སྒེར་སོ་སོས་དོལ་རྒྱལ་ལ་མ་དགའ་བས་མཚམས་འཇོག་བྱས་པ་མིན། ང་རང་ཚོའི་ཏཱ་ལའི་པཀྵི་འདིས་དང་པོ་བསྟེན་ནས་ཕྱིས་སུ་དེར་སྐྱོན་མཐོང་ནས་མཚམས་འཇོག་བྱས་སྟབས། ཏཱ་ལའི་པཀྵི་ཡིས་ང་ཚོར་ལམ་སྟོན་བྱས་པའི་རྗེས་ལ་ང་འབྲང་གི་ཡོད་ཟེར་ནས་དོལ་རྒྱལ་ཁྲོ་ན་ཏཱ་ལའི་བླ་མར་ཁྲོ་རོགས། དོལ་རྒྱལ་ཁྲོས་ནས་གནོད་པ་གཏོང་རྒྱུ་ཡོད་ན་ཏཱ་ལའི་བླ་མར་གནོད་པ་གཏོང་ཤོག་ཟེར་ན་ཁྱེད་རང་ཚོ་ཞེད་དགོས་མ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    ༧རྒྱལ་དབང་ལྔ་བོ
    རྒྱལ་དབང་ལྔ་བོ་སུ་སུ་རེད།

    Reply
  2. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    (ལོ་རྒྱུའི་ནང་)
    ཉན་དང་མ་ཉན་མི་སོ་སོས་བསམ་བློ་གཏོང་དགོས(་མ་)རེད་མ་གཏོགས་
    རྒྱལ་དབང་(ལྔ་བོས་)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese