མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཱ་ཡེན་ཅིག་གིས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་ཁྲོད་གོ་མིན་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་རྐྱེན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་མཱ་ཡེན་ཅིག་གིས་དགོངས་པ་ཞུ་རྒྱུ་ཡིན་འདུག

ཉེ་སྔོན་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཁག་ ༦ ནང་རྒྱལ་ས་ཐའེ་པེ་ཡི་སྤྱི་ཁྱབ་འོས་འདེམས་བྱས་པ་བརྒྱུད་གོ་མིན་ཏང་ཚོགས་པའི་འོས་མི་ཉན་ཧྲིན་ཝིན་(Lian sheng wen)ལ་འོས་གྲངས་ཁྲི་ ༢༤ དང་། དམངས་གཙོ་དོན་གཉེར་བ་ཐའེ་ཝན་སློབ་ཆེན་གྱི་སྨན་པ་ཁུ་ཝིན་ཀྲི་(Ke wen zhe)ལ་འོས་གྲངས་ཁྲི་ ༨༠ ཐོབ་སྟེ། གོ་མིན་ཏང་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་གོ་མིན་ཏང་ཚོགས་པའི་ལྷན་ཚོགས་ཐོག ཐའེ་ཝན་སྲིད་འཛིན་མཱ་ཡེན་ཅིག་གིས་གོ་མིན་ཏང་གི་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། དེ་རིང་ཡོངས་ཁྱབ་གསལ་བསྒྲགས་ཐོག་གོ་མིན་ཏང་གི་ཚོགས་མི་དང་གོ་མིན་ཏང་གི་རྒྱབ་སྐྱོར་བ་ཡོངས་ལ་བློ་ཕམ་ཆེན་པོ་བཟོས་པར་དགོངས་དག་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག

ཚོགས་འདུའི་ཐོག་མཱ་ཡེན་ཅིག་གིས། གོ་མིན་ཏང་གི་མགོ་ཁྲིད་ཡིན་པའི་ཆ་ནས་ཐེངས་འདིའི་འོས་འདེམས་ཀྱི་ཕམ་ཉེས་ཚབས་ཆེན་འདིར་འགན་འཁྲི་ཆེན་པོ་ལེན་འདོད་ཡོད་ལ། ཕམ་ཉེས་ཆེན་པོ་བྱུང་བའི་དུས་སྐབས་འདིར་གོ་མིན་ཏང་ཚོགས་པས་བརྟན་ལྷིང་ངང་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ལས། གཏན་ནས་ནང་འཁྲུག་ཟིང་ཆ་སློང་མི་རུང་སྐོར་དང་། ཐེངས་འདིའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་འདེམས་ཁྲོད་གོ་མིན་ཏང་ལ་ཕམ་ཉེས་བྱུང་ཡོད་ཀྱང་། རྒྱལ་ཁབ་ཀྱི་སྤྱིའི་ལམ་ཕྱོགས་དང་རང་དབང་ཡར་རྒྱས་ཀྱི་བསྒྱུར་བཅོས་ལམ་ལུགས་ཐད་ནས་ཕམ་ཉེས་བྱུང་མེད་སྟབས། ཁོ་བོས་ཚོགས་གཙོ་ནས་དགོངས་པ་ཞུས་ཀྱང་། ཏང་ལ་མཚོན་ནས་བཤད་ན་དེ་ནི་གསར་པ་ཞིག་གི་མགོ་བརྩམས་པ་ཡིན་པས། འོས་འདེམས་ཤིག་གི་ཁྲོད་ཕམ་སོང་ཡང་རྒྱུ་རྐྱེན་དེར་བརྟེན་ནས་མི་མང་གིས་གོ་མིན་ཏང་ལ་བཅངས་བའི་ཡིད་ཆེས་བརླག་ཏུ་འཇུག་མི་རུང་སྐོར་བརྗོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མཱ་ཡེན་ཅིག་གིས་གོ་མིན་ཏང་ཚོགས་པའི་ཚོགས་གཞོན་བོ་ཏིན་ཡཱས་དང་ཧོ་ལོང་པིན་གཉིས་ཀྱིས་མུ་མཐུད་ལས་འཁུར་གྱིས་གོ་མིན་ཏང་ལ་ཧུར་ཐག་གིས་ཞབས་ཞུ་བསྒྲུབ་པར་རེ་བ་བཅངས་ཡོད་ཀྱང་། ཁ་སང་གོ་མིན་ཏང་གི་ཚོགས་འདུ་དེ་གྲོལ་རྗེས། ཁོང་གཉིས་ཀྱིས་ཀྱང་དགོངས་པ་ཞུ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་། བོ་ཏིན་ཡཱས་ཀྱིས་ཚོགས་གཙོ་གསར་པ་འོས་འདེམས་མ་བྱུང་བར་དུ་ལས་གནས་རྒྱུན་སྐྱོང་བྱ་རྒྱུ་དང་། ཁྲི་ལོང་པིན་གྱིས་བསྐྱར་དུ་བསམ་བློ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་ཐའེ་ཝན་གྱི་ལོ་རྒྱུས་ཁྲོད་གཞི་རྒྱ་ཆེ་ཤོས་ཀྱི་འོས་འདེམས་དེ་གོ་མིན་ཏང་གི་ལྟེ་གནས་གྲོང་ཁྱེར་ ༦ སྟེ་རྒྱལ་ས་ཐའེ་པེ་དང་ཤིན་པེ། ཐོ་ཡན། ཐའེ་ཀྲུང་། ཐའེ་ནན། ཀོ་ཤོང་བཅས་ཀྱི་ནང་སྤེལ་ཡོད་པ་དང་། ཤིན་པེ་གྲོང་ཁྱེར་གཅིག་པུ་མ་གཏོགས་གཞན་ཚང་མ་ནས་གོ་མིན་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་དང་མི་མང་གིས་མཱ་ཡེན་ཅིག་གིས་སྣེ་ཁྲིད་པའི་གོ་མིན་ཏང་ཚོགས་པས། རྒྱ་ནག་གཞུང་དང་མཉམ་ལས་འབྲེལ་བ་ཤུགས་ཆེན་འཛིན་གྱི་ཡོད་པར་མི་མང་པོས་་དགའ་མོས་བྱེད་ཀྱི་མེད་པ་དང་། ལྷག་པར་དུ་འདས་པའི་ཟླ་ ༢ ལྷག་ནས་བཟུང་ཧོང་ཀོང་མི་མང་གིས་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ལ་ངོ་རྒོལ་གྱི་ཚ་རླབས་འཕྱུར་བཞིན་པ་དེས། ཐེངས་འདིར་གོ་མིན་ཏང་ལ་ཕམ་ཉེས་བྱུང་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist