མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ངོས་དང་འབྲེལ་བ་གཏན་ནས་མེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དྷ་སར་སོག་རིགས་ཚོར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང་སྐབས། ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོག་ཡུལ་དུ་འཁྲུངས་དགོས་སྐོར་དང་། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་འབྲེལ་བ་ཡང་ཡང་ཞུས་ཀྱང་ཉན་འཇོག་བྱས་མ་སོང་སྟབས་ད་ལྟ་རིན་པོ་ཆེ་ངོས་དང་འབྲེལ་བ་གཏན་ནས་མེད་ཅེས་སོགས་གསུངས།

༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སོག་རིགས་གཙོས་པའི་ཆོས་ཞུ་བ་ ༡༧༠༠ ལྷག་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་ཀྱི་ཉིན་གཉིས་པར། སོག་པོའི་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་པའི་ལན་ཏུ་༧གོང་ས་མཆོག་གིས། ཁལ་ཁ་རྗེ་བཙུན་དམ་པ་སྐུ་གོང་མ་དེ་ངོས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ངོས་རང་ལོ་བཅུ་གྲངས་སྐབས་རྗེ་བཙུན་དམ་པ་ལོ་བཅོ་ལྔ་ཙམ་ཡིན་པ་ཡོད། སྐབས་དེ་དུས་ནས་ངེད་གཉིས་ངོ་ཤེས་ཡིན། ཁོང་རྒྱ་གར་ལ་ཕེབས་རྗེས་བསྟན་པའི་ཞབས་འདེགས་ཧ་ཅང་ཡག་པོ་བསྒྲུབས་སོང་། ངའི་བསམ་བློར་གང་ཡོད་པ་རིན་པོ་ཆེས་དེ་བཞིན་གནང་གི་རེད། རིན་པོ་ཆེ་ཁ་ལ་ཉན་པོ་དང་དམ་ཚིག་གཙང་མ་ཧ་ཅང་ཡག་པོ་ཡོད། རིན་པོ་ཆེ་མ་གཤེགས་གོང་ངོས་རང་མཇལ་རྒྱུ་བྱུང་སྐབས་ངོས་ཀྱིས་རིན་པོ་ཆེར། སྐུ་གཟུགས་ཧ་ཅང་སྐྱོ་པོ་འདུག སྐུ་ཚེ་རྗེས་མའི་དགོངས་པ་བཞེས་རྒྱུའི་དུས་ཚོད་བསླེབས་འདུག ཡང་སྲིད་རྗེས་མ་ངེས་པར་སོག་ཡུལ་ནང་འཁྲུངས་ཐུབ་པ་གནང་དགོས། ཞེས་ཞུས་པ་ཡིན། རིན་པོ་ཆེ་ཏན་ཏན་སོག་ཡུལ་ནང་འཁྲུངས་ཀྱི་རེད། སོག་ཡུལ་ནང་འཁྲུངས་རྒྱུའི་མཚན་མ་དེ་འདྲའང་འདུག ཁྱེད་རང་ཚོས་དགེ་བ་ཡག་པོ་སྒྲུབ་དགོས། དགེ་བ་སྒྲུབ་པ་ལ་དགེ་བ་ཡག་པོ་བསྒྲུབ་ཤེས་པ་བྱེད་དགོས་པ་དང་སློབ་གཉེར་ཡག་པོ་བྱེད་དགོས། དམིགས་བསལ་ཞབས་རིམ་བྱེད་རྒྱུ་ཡིན་ན་ཁྱེད་ཚོ་སྐྱ་སེར་ཚང་མས་འཇམ་དཔལ་མཚན་བརྗོད་གསོག་བསྒྲུབ་བྱས་ཚེ་ཡང་སྲིད་འཁྲུལ་མེད་ཕེབས་རྒྱུར་ཕན་ཐོགས་ཡོད། ཡང་སྲིད་ཕེབས་རྗེས་སོག་ཡིག་ཐོག་བསྒྱུར་པའི་གཞུང་དེ་དག་བསླབ་དགོས། ཁྲི་མཐོན་པོའི་སྟེང་ཡོན་ཏན་རྩ་བ་ནས་མེད་པའི་རྗེ་བཙུན་དམ་པ་གཅིག་བཞག་ན་ཕན་ཐོགས་མེད། ༸གོང་ས་ལྔ་པ་ཆེན་པོས་ཁོང་ལ་ཡོད་པའི་ཤེས་ཡོན་དེ་དག་བསླབ་ནས་ཤེས་པ་ཞིག་ཡིན་པ་ལས། ཁྲི་མཐོན་པོའི་སྟེང་བཞུགས་ཏེ་མ་བསླབ་པར་མཁྱེན་པ་ཞིག་མ་རེད།

ཡང་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་སྐོར་གྱི་བཀའ་འདྲི་ཞིག་གི་ལན་དུ་༧གོང་ས་མཆོག་གིས་བཀའ་ལན་ཕེབས་དོན། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་སོག་ཡུལ་དུ་ཕེབས་པའི་སྐབས་དེར་གནས་ཆུང་སྐུ་རྟེན་ ཡང་དེར་སླེབས་པ་དང་སྐབས་ཁེལ་བས་སྐུ་རྟེན་གྱིས་གསལ་བཤད་ཡག་པོ་བྱས་འདུག ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་སྐོར་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་རེད། ཁྲི་བྱང་རིན་པོ་ཆེ་སྐུ་གོང་མར་ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་བཞག་པའི་སྐབས་ལ་སྙན་སེང་ཆ་ཚང་ཞུས་པར་དགོས་པ་རྒྱུ་མཚན་ཏན་ཏན་ཡོད་པ་རེད་ཅེས་ཐུགས་ལ་བབ་ནས་མཚམས་བཞག་པ་མ་གཏོགས་ཐུགས་ལ་མ་བབ་པ་དེ་འདྲ་མེད། བར་སྐབས་ཡང་སྲིད་རིན་པོ་ཆེ་རྒྱ་གར་ནས་བཞུགས་མ་བདེ་བ་ཆགས་ཏེ་སུད་སི་ལ་ཕེབས་པའི་སྐབས་ལ། ཡང་སྲིད་རིན་པོ་ཆེ་ཡག་པོ་བྱུང་ན་བསམ་ནས་ཁོང་སྐུ་འཁོར་ཚོའི་ཐོག་ནས་སྐུ་མཉེལ་པོ་ཡོད་སྟབས། ཡང་སྲིད་རིན་པོ་ཆེ་ལ་གསང་སྟབས་བྱས་ཏེ་བྷིང་བྷེ་དང་ལྡི་ལི་གང་རུང་དུ་ཕེབས་ཐབས་གནང་དགོས། དེ་ནས་དྷ་རམ་ས་ལར་ངོས་ཀྱིས་གདན་འདྲེན་ཞུ་ཐུབ་གི་རེད།། འདིར་བཞུགས་ཏེ་སློབ་གཉེར་གནང་ན་ཞེས་དམིགས་བསལ་གྱིས་ཐབས་ཤེས་མང་པོ་བྱས་པ་ཡིན། རིན་པོ་ཆེས་གསན་མ་སོང་། རྗེས་སུ་རིན་པོ་ཆེ་ཨ་རིར་ངོས་དང་ཐེངས་གཅིག་མཇལ་བྱུང་། སྐབས་དེར་རིན་པོ་ཆེས་དོལ་རྒྱལ་གྱི་སྐོར་ཕྱོགས་གཅིག་གི་གནས་ཚུལ་མ་གཏོགས་མཁྱེན་གྱི་ཡོད་པ་མ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་འདི་འདྲ་རེད་ཅེས་ཆ་ཚང་ཞུས་པ་ཡིན། ངོས་ཀྱིས་དོལ་རྒྱལ་མཚམས་འཇོག་བྱས་པའི་རྒྱུ་མཚན་ཞུས་ནས་རིན་པོ་ཆེས་དགོངས་པ་ཡག་པོ་བཞེས་དགོས་པ་རེད་ཅེས་གསལ་བཤད་བྱས་པ་ཡིན་ཡང་རིན་པོ་ཆེས་གསན་མ་སོང་།

ཁྲི་བྱང་རིན་པོ་ཆེ་སྐུ་གོང་མའི་སྐུ་མདུན་ནས་ངོས་ཀྱིས་གསུང་ཆོས་ཞུས་ཡོད་པ་དག་རིན་པོ་ཆེ་རང་ལ་ཕུལ་དགོས་བསམས་ནས་སློབ་མའི་གཙོ་བོ་རིན་པོ་ཆེ་བྱས་ཏེ་དབང་འབུལ་རྒྱུའི་འབད་བརྩོན་བྱས་ཀྱང་བྱུང་མ་སོང་། དེར་བརྟེན། རིན་པོ་ཆེ་ངོས་དང་འབྲེལ་བ་གཏན་ནས་མེད། དངོས་ཡོད་གནས་ཚུལ་ལ་རིན་པོ་ཆེ་ཏཱ་ལའི་བླ་མའི་ཡོངས་འཛིན་གྱི་ཡང་སྲིད་ཡིན་གསུང་གི་ཡོད་པ་རེད། དོལ་རྒྱལ་ཚོགས་པས་ངོས་རང་ཏཱ་ལའི་བླ་མ་རྫུན་མ་རེད་ཟེར་གྱི་ཡོད་པ་རེད། དེང་སང་དོལ་རྒྱལ་ཚོགས་པས་ངོས་རང་གང་དུ་ཕྱིན་ཡང་དེར་སྐད་བརྒྱབ་ནས་ངོ་རྒོལ་ བྱེད་ཀྱི་ཡོད། ངོས་ནས་བསམ་པ་རྣམ་དག་གིས་ཆོས་ལུགས་ཚང་མ་མཐུན་འབྲེལ་ཡོང་ཐབས་ཀྱི་འབད་བརྩོན་ བྱས་ཏེ་ཆོས་བརྒྱུད་འདྲ་མིན་གྱི་ལྷ་ཁང་དུའང་འགྲོ་བཞིན་ཡོད། དེར་བརྟེན་ཁ་ཆེའི་ལྷ་ཁང་ལ་འགྲོ་བའི་སྐབས་ཁ་ཆེའི་ཞྭ་མོ་གྱོན་པ་དང་། སིཀ་དང་ཇེའུ་སོགས་ཀྱི་ལྷ་ཁང་ལ་འགྲོ་དུས་དེ་དག་གི་ཞྭ་མོ་གྱོན་གྱི་ཡོད། ཉེ་སྔོན་ངོས་རང་ཨ་རིར་སླེབས་པའི་སྐབས་སུ་ངོས་ཀྱིས་ཁ་ཆེའི་ཞྭ་མོ་གྱོན་པའི་པར་ཞིག་བསྟན་ནས་ནང་པ་མ་རེད་ཁ་ཆེ་རེད་ཅེས་རྗོད་ཀྱིན་འདུག དེ་ནི་གད་མོ་ཤོར་བའི་གནས་ལས་གཞན་གང་ཡང་མེད། ཁོ་ཚོས་གང་ཡང་ཤེས་ཀྱི་ཡོད་པ་མ་རེད། བོད་རིགས་ཉུང་ཤས་ཤིག་འདུག་པ་དེ་དག་གིས་ཤེས་བཞིན་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད། དེ་ལྟ་བུ་ཡོང་བ་ནི་སྙིང་རྗེའི་ཡུལ་རེད། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུའང་སངས་རྒྱས་བཅོམ་ལྡན་འདས་ལ་ཁ་གཏོང་མཁན་མང་པོ་ཡོད་པ་རེད། སྤྱོད་འཇུག་ཏུ། སེམས་ཅན་མོས་པ་སྣ་ཚོགས་པ།། རྒྱལ་བས་ཀྱང་ནི་མི་མགུ་ན།། བདག་འདྲ་ངན་པས་སྨོས་ཅི་དགོས།། ཞེས་གསུངས་པ་ལྟར་ཡིན། དོལ་རྒྱལ་བསྟེན་པ་ཡིན་ན་༧རྒྱལ་དབང་ལྔ་པའི་སྐབས་ནས་བཟུང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམ་ཚིག་ཉམས་པ་ཆགས་ཀྱི་ཡོད། ངོས་ལ་ཆ་བཞག་ནའང་དོལ་རྒྱལ་བསྟེན་མཁན་དང་དམ་ཚིག་མི་མཐུན་པར་བརྟེན་ངོས་ཀྱི་མདུན་ནས་བཀའ་ཆོས་དང་སྡོམ་པ་ཞུ་བ་སོགས་མ་བྱེད་རོགས་ཞེས་ཡོངས་བསྒྲགས་ཀྱིས་རྗོད་བཞིན་ཡོད། དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་ནས་ངོས་ཀྱི་མདུན་བཀའ་ཆོས་སོགས་ཞུས་ན་བླ་མ་དང་སློབ་མའི་དམ་ཚིག་མི་གཙང་བའི་སྐྱོན་ཡོང་གི་ཡོད། འདི་ལ་ཁྱོད་རང་ཚོས་དོ་སྣང་བྱེད་དགོས།

དོལ་རྒྱལ་ཚོགས་པ་ཁ་ཤས་ཀྱིས་ངོས་ལ་༧རྒྱལ་བ་རིན་པོ་ཆེ་རྫུན་མ་རེད་ཅེས་ཟེར་བཞིན་ཡོད་པར་ངོས་རང་གང་ཡང་བསམ་གྱི་མི་འདུག སྔོན་མ་༧རྒྱལ་བ་རིན་པོ་ཆེ་འཇམ་མགོན་བླ་མའི་བསྟན་པ་བསྣུབས་པའི་ཆེད་དུ་བསམ་ བཞིན་དུ་སྐྱེས་པ་ཞིག་རེད་ཅེས་བརྗོད་མཁན་བྱུང་སྐབས་ངོས་རང་བློ་ཕམ་ཕྲན་བུ་བྱུང་། ངོས་རང་འཇམ་མགོན་བླ་མའི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡིན། བྱང་ཆུབ་སེམས་ཀྱི་ཉམས་ལེན་ཡང་སྤྱོད་འཇུག་གཞི་ལ་བཞག་ནས་བྱེད་ཀྱིན་ཡོད། སྟོང་ཉིད་ཀྱི་ལྟ་བ་རྗེ་རིན་པོ་ཆེའི་གསུང་གཞི་ལ་བཞག་ནས་བསམ་བློ་གཏོང་གི་ཡོད། དེས་དངོས་ནས་ཕན་ཞིང་སེམས་ལ་འགྱུར་བ་འགྲོ་གི་འདུག དེར་བརྟེན་རྗེ་རིན་པོ་ཆེའི་བསྟན་པ་ལ་བསམ་ངན་བྱེད་མཁན་རེད་ཅེས་བཤད་དུས་བློ་ཕམ་ཕྲན་བུ་བྱུང་། ངོས་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ཉམས་ལེན་བྱེད་ཀྱིན་ཡོད། དེ་དག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབས། །ཞེས་གསུངས་པ་ལྟར་བསམ་བློ་ཡག་པོ་བཏང་བ་ཡིན་ན། གནད་འགག་འབབ་ས་གཅིག་ཏུ་ཡོད། དེར་བརྟེན་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཟེར་བའི་དགོངས་པ་སྒྲུབ་ཀྱི་ཡོད་བསམ་བཞིན་ཡོད། ཅེས་༧རྒྱལ་བ་རིན་པོ་ཆེའི་དྲ་གནས་སུ་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༢༠ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

མཆན། 4

  1. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    ཁྲི་བྱང་མཆོག་སྤྲུལ་བསམ་ཤེས་མ་མཐོང་བའི་སྔོན་དུ་སུད་སིར་གནས་སྡོད་དགོན་པ་གསར་གྱིས་བཙན་ཁྲིད་བྱས་ཏེ་ལག་རྩེད་རྩེ་ཡག་བྱས་པ་རེད། དགོན་པ་གསར་གྱི་སྦར་མོའི་ནང་ལ་ཁྲི་བྱང་མཆོག་སྤྲུལ་ཡོན་ཏན་མེད་པ་སྐྱེས་དམན་ཡོད་པ་ཞིག་ཏུ་གྱུར་མཚམས་གཞི་ནས་འབྲེལ་བ་མེད་མདོག་གིས་གློད་གྲོལ་བཏང་པ་རེད། ད་ལྟ་ཁྲི་བྱང་མཆོག་སྤྲུལ་ཡོན་ཏན་མེད་པའི་ཐོག་སྐྱེས་དམན་དང་མ་འོངས་པར་ཕྲུ་གུ་གསོ་དགོས་པས་ནོར་བདག་དོལ་རྒྱལ་ལ་སྐྱབས་འཇུག་མི་ཞུ་ཐབས་མེད་རེད། ༸རྒྱལ་བ་རིན་པོ་ཆེས་ཐུགས་རེ་ག་ཚད་གནང་ཡང་དེར་ཁ་ངོ་མ་བལྟས་པས་ཁྲི་བྱང་མཆོག་སྤྲུལ་ཁ་ཟུག་ལོག་པ་རེད། ཞྭ་སེར་རིང་ལུགས་གཙང་མ་སྐྱོང་མཁན་ཡིན་ཞེས་རང་ངོ་རང་གིས་བསྟོད་མཁན་དགོན་པ་གསར་གྱིས་དགེ་ལུགས་པའི་བླ་ཆེན་ཞིག་གི་ཡང་སྲིད་ཀྱི་མདུན་ལམ་མེད་པར་བཏང་བ་འདི་ཡང་དོལ་ཚོགས་ཀྱིས་འཇམ་མགོན་བླ་མའི་བསྟན་པ་སྐྱོང་སྟངས་ཞིག་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ༸གོང་མཆོག་གིས་སོག་པོ་ཆོས་ཞུ་བས་དྲིས་པའི་ལན་དུ། ༸གོང་ས་མཆོག་གིས།

    ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ངོས་དང་འབྲེལ་བ་གཏན་ནས་མེད།
    ་་་་་་་་་་་་་་ ཡང་སྲིད་རིན་པོ་ཆེ་ཡག་པོ་བྱུང་ན་བསམ་ནས་ཁོང་སྐུ་འཁོར་ཚོའི་ཐོག་ནས་སྐུ་མཉེལ་པོ་ཡོད་སྟབས། ཡང་སྲིད་རིན་པོ་ཆེ་ལ་གསང་སྟབས་བྱས་ཏེ་བྷིང་བྷེ་དང་ལྡི་ལི་གང་རུང་དུ་ཕེབས་ཐབས་གནང་དགོས། དེ་ནས་དྷ་རམ་ས་ལར་ངོས་ཀྱིས་གདན་འདྲེན་ཞུ་ཐུབ་གི་རེད།། འདིར་བཞུགས་ཏེ་སློབ་གཉེར་གནང་ན་ཞེས་དམིགས་བསལ་གྱིས་ཐབས་ཤེས་མང་པོ་བྱས་པ་ཡིན། རིན་པོ་ཆེས་གསན་མ་སོང་། རྗེས་སུ་རིན་པོ་ཆེ་ཨ་རིར་ངོས་དང་ཐེངས་གཅིག་མཇལ་བྱུང་། སྐབས་དེར་རིན་པོ་ཆེས་དོལ་རྒྱལ་གྱི་སྐོར་ཕྱོགས་གཅིག་གི་གནས་ཚུལ་མ་གཏོགས་མཁྱེན་གྱི་ཡོད་པ་མ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་འདི་འདྲ་རེད་ཅེས་ཆ་ཚང་ཞུས་པ་ཡིན། ངོས་ཀྱིས་དོལ་རྒྱལ་མཚམས་འཇོག་བྱས་པའི་རྒྱུ་མཚན་ཞུས་ནས་རིན་པོ་ཆེས་དགོངས་པ་ཡག་པོ་བཞེས་དགོས་པ་རེད་ཅེས་གསལ་བཤད་བྱས་པ་ཡིན་ཡང་རིན་པོ་ཆེས་གསན་མ་སོང་།

    ཁྲི་བྱང་རིན་པོ་ཆེ་སྐུ་གོང་མའི་སྐུ་མདུན་ནས་ངོས་ཀྱིས་གསུང་ཆོས་ཞུས་ཡོད་པ་དག་རིན་པོ་ཆེ་རང་ལ་ཕུལ་དགོས་བསམས་ནས་སློབ་མའི་གཙོ་བོ་རིན་པོ་ཆེ་བྱས་ཏེ་དབང་འབུལ་རྒྱུའི་འབད་བརྩོན་བྱས་ཀྱང་བྱུང་མ་སོང་། དེར་བརྟེན། རིན་པོ་ཆེ་ངོས་དང་འབྲེལ་བ་གཏན་ནས་མེད། དངོས་ཡོད་གནས་ཚུལ་ལ་རིན་པོ་ཆེ་ཏཱ་ལའི་བླ་མའི་ཡོངས་འཛིན་གྱི་ཡང་སྲིད་ཡིན་གསུང་གི་ཡོད་པ་རེད། དོལ་རྒྱལ་ཚོགས་པས་ངོས་རང་ཏཱ་ལའི་བླ་མ་རྫུན་མ་རེད་ཟེར་གྱི་ཡོད་པ་རེད། དེང་སང་དོལ་རྒྱལ་ཚོགས་པས་ངོས་རང་གང་དུ་ཕྱིན་ཡང་དེར་སྐད་བརྒྱབ་ནས་ངོ་རྒོལ་ བྱེད་ཀྱི་ཡོད། ་་་་་་་་་་་་་་་་་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ༸གོང་ས་མཆོག་གིས།
    ་་་་་་་་་་་་་་ ངོས་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ཉམས་ལེན་བྱེད་ཀྱིན་ཡོད། དེ་དག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།
    ལྷན་ཅིག་སྐྱེས་སྦྱོར་གའུ་མ། །
    ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །
    ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །
    དབུ་མའི་ལྟ་ཁྲིད་ལ་སོགས་པ། །
    སོ་སོར་མིང་འདོགས་མང་ན་ཡང༌། །
    ངེས་དོན་ལུང་རིགས་ལ་མཁས་ཤིང༌། །
    ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །
    དཔྱད་ན་དགོངས་པ་གཅིག་ཏུ་འབབས། །ཞེས་གསུངས་པ་ལྟར་བསམ་བློ་ཡག་པོ་བཏང་བ་ཡིན་ན། གནད་འགག་འབབ་ས་གཅིག་ཏུ་ཡོད། དེར་བརྟེན་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཟེར་བའི་དགོངས་པ་སྒྲུབ་ཀྱི་ཡོད་བསམ་བཞིན་ཡོད། ་་་་་་་་་་་་་

    Reply
  4. བློ་གྲོས་མཐའ་ཡས། says:
    ལོ་ 11 སྔོན།

    དོལ་རྒྱལ་བསྟེན་མཁན་ཚོས་རྒྱལ་བ་རིན་པོ་ཆེ་རྫུན་མ་རེད་ཟེར་གྱི་ཡོད་པ་རེད། ཁྲི་བྱང་རྡོ་རྗེ་རྡོ་རྗེ་འཆང་གི་ཡང་སྲིད་དེ་འདི་ཕྱི་གཉིས་ཀྱི་སྐབས་གནས་སུ་བརྩི་བཞིན་ཡོད་པ་རེད། ཏཱ་ལའི་བླ་མ་རྫུན་མ་ཡིན་ན་དེའི་ཡོངས་རྫིན་དེ་ཡང་ཁྱད་པར་བ་གང་ཡང་མིན་པ་མ་ཟད། དེ་ལ་ཡང་སྲིད་མཆོག་གི་སྤྲུལ་སྐུ་ཞིག་ཀྱང་འབྱུང་དགོས་དོན་མེད་ལ། གལ་སྲིད་འབྱུང་བའི་དབང་དུ་བྱས་ཀྱང་དེ་སྐྱེས་བུ་ཁྱད་པར་བ་གང་ཡང་མིན་པ་རྒྱུ་མཚན་གྱིས་གྲུབ་བོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese