མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཞི་བདེའི་གཟེངས་རྟཊ་ལོ་ ༢༥ འཁོར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ ༢༥ འཁོར་གྱིན་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་དུས་དྲན་ཞིག་གོ་སྒྲིག་ཞུ་འཆར་ཡོད་འདུག

ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནི་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། འདི་ལོ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་འཁེལ་ཡོད་སྟབས། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་༢༠༡༤ ལོའི་ཟླ་ ༡༢ ཚེས་ ༡༠ ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། འདི་ལོ་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོར་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་གནང་བ་ལྟར། བཀའ་དྲིན་རྗེས་དྲན་ཚོགས་ཆུང་ཞེས་པ་ཞིག་བཙུགས་ཏེ་ད་བར་ལས་རིམ་མང་པོ་སྤེལ་ཡོད་པ་མ་ཟད། ཟླ་ ༡༢ ཚེས་ ༡༠ ལས་རིམ་དེ་ཡང་གྲ་སྒྲིག་ཞུ་བཞིན་ཡོད་སྟབས། དུས་དྲན་འདི་ཕྱོགས་གང་ཅིའི་ཐད་ནས་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། ཅེས་བརྗོད་བྱུང་།

གཞན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་ཉིན་གཉིས་རིང་བཞུགས་སྒར་དུ་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་ཧི་མཱ་ཅལ་དང་ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇམ་མུ་ཀ་ཤི་མིར། པན་ཇབ། ར་ཇི་སི་ཐན་བཅས་མངའ་སྡེ་ ༧ ནས་རིག་གཞུང་འཁྲབ་སྟོན་པ་མི་གྲངས་ ༢༣༠ ཙམ་མཉམ་ཞུགས་གནང་རྒྱུ་མ་ཟད། ཨུ་རུ་སུ་དང་། སོག་པོ། འབྲུག ཁལ་མུཀ རྒྱ་གར། བལ་པོ་བཅས་ཡུལ་གྲུ་ཁག་ནས་ཀྱང་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག

དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་སུ་དུས་དྲན་གྱི་ལས་རིམ་དང་སྐུ་མགྲོན་བཅས་ཀྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཚེས་ ༡༠ ཉིན་གྱི་ཞོགས་པར་ནམ་རྒྱུན་ལྟར་གཙུག་ལག་ཁང་ལ་འཛོམས་རྒྱུ་དང་། དུས་སྟོན་ཐོག་༧གོང་ས་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝུར་བྷ་དྷུར་སིང་ (Virbhadra Singh) མཆོག་རྣམ་གཉིས་ཆིབས་སྒྱུར་བསྐྱང་འཆར་ཡོད་ཀྱང་། ད་ལྟའི་གནས་ཚུལ་ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཟླ་ ༡༢ ཚེས་ ༩ ཉིན་༧གོང་ས་མཆོག་ལྡི་ལིར་མཛད་འཆར་གལ་ཆེན་ཞིག་ཡོད་སྟབས། ཚེས་ ༨ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་གནང་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། ད་ཐེངས་ཀྱི་དུས་སྟོན་ཐོག་༧གོང་ས་མཆོག་ཆིབས་སྒྱུར་སྐྱོང་ཐུབ་ཀྱི་མེད་པར་བརྟེན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་གནང་གཏན་འཁེལ་ཡོད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ཕྱི་དྲིལ་ལས་ཁུངས་ངོས་ནས་དུས་སྟོན་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་འདི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་པ་མ་ཟད། དམངས་གཙོའི་སྤྱི་ཚོགས་ཤིག་ཀྱང་ཆགས་པའི་བརྒྱུད་རིམ་དག་གསལ་སྟོན་བྱས་པའི་ ༼བཙན་བྱོལ་གྱི་བྱུང་བ་བརྗོད་པ་༽ཞེས་པའི་དཔེ་དེབ་ཅིག་དང་། ༧གོང་ས་མཆོག་གི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་གཙོས། གོང་ས་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྲིད་སྐྱོང་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་གྱི་གྲོགས་པོ་ཁག་ཅིག་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱིས་རྩོམ་བྲིས་ཞུས་པའི་ ༼༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་མོ་མཆོག་ལ་བསྟོད་པ་༽ (His Holines 14th Dalai Lama A Tribute) ཞེས་པའི་དབྱིན་ཡིག་གི་དཔེ་དེབ་ཅིག དེ་བཞིན། ད་བར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་ཆིབས་སྒྱུར་དང་། ཁོང་ལ་ཆེ་བསྟོད་གཟེངས་རྟགས་རིགས་ཕུལ་བ་བཅས་ཀྱི་མཛད་རྣམ་མདོར་བསྡུས་བཀོད་པའི་༼༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་མོ་མཆོག་ལ་རྗེས་དྲན་༽ (His Holines 14th Dalai Lama A souvenir ) ཞེས་པའི་དབྱིན་ཡིག་གི་དཔེ་དེབ་ཅིག་བཅས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུ་འབྱེད་གནང་གི་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཔེ་དེབ་དབུ་འབྱེད་ཁག་བསྒྲུབས་རྗེས་ལས་རིམ་གང་ཡོད་མེད་ཐད་བརྗོད་དོན། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་དུས་དྲན་གྱི་ངོ་སྤྲོད་གསུང་བཤད་གནང་རྗེས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མངའ་སྡེའི་གྲོས་ཚོགས་དྷ་རམ་ས་ལར་ཚོགས་ཀྱི་ཡོད་སྟབས། དུས་དྲན་གྱི་མཛད་རིམ་ཆ་ཚང་ལ་བཞུགས་ཐུབ་ཀྱི་མེད་སྟབས་ཕྱིར་ཕེབས་གནང་རྒྱུ་དང་། དེའི་རྗེས་སྲིད་སྐྱོང་མཆོག་ནས་དཔེ་དེབ་གཞན་ཁག་ཅིག་དབུ་འབྱེད་དང་། བོད་མིའི་སྒྲིག་འཛུགས་འདེམས་བསྐོ་ལྷན་ཁང་ངོས་ནས་སྲི་ཞུ་ལས་བྱེད་ཞབས་ལོ་ ༢༥ ལོན་པ་གཟེངས་བསྟོད་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་དང་། དེའི་རྗེས་ལ་བོད་ཀྱི་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། དྷ་སྟེང་དང་དྷ་ཤོད་བོད་ཁྱིམ། དཔེ་སྟོན་སློབ་གྲྭ་སོགས་ནས་གཞས་སྣ་གཟིགས་འབུལ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་མགྲོན་རྣམ་པར་གསོལ་སྟོན་ཞིག་གཤོམ་རྒྱུ་བཅས་གྲ་སྒྲིག་ཡོད་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 6

  1. སྲས་ལྡན་མ་རྩེ་མང་། says:
    ལོ་ 10 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་ནས། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ལོ་དང་། ༸སྐྱབས་མགོན་ཏཱ་ལའི་བླ་མའི་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་༢༥ པ་སྲུང་བརྩིའི་ལས་རིམ་ནང་། བོད་ཡིག་གཏན་མེད་དང་རྒྱང་ཕུད་ཀྱི་སྲིད་བྱུས་ཤིག་བཟུང་སྟེ་སྲུང་བརྩི་དམིགས་བསལ་པ་ཞིག་ཞུ་འཆར་ཡོད་པ་འདྲ།

    Reply
  2. ཤོག་ཁྲ་མ་ says:
    ལོ་ 10 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
    སྐུ་ན་ཆུང་ཆུང་སྐབས་རང་ནས།
    ཁ་བ་ལྗོངས་ཀྱི་མགོན་སྐྱབས་སུ།
    ཆོས་སྲིད་དབུ་ཁྲིད་ཆེན་པོ་རུ།
    རྟག་ཏུ་མི་མང་བདེ་སྐྱིད་དགོངས།
    དམར་པོའི་དཔུང་འཇུག་དྲག་པོ་ཡིས།
    བོད་མིར་ཁ་འབྲལ་གཉིས་སུ་བཏང་།
    གཞིས་ལུས་བོད་ཀྱི་མགྲིན་ཚབ་དང་།
    བྱེས་འབྱོར་བོད་མིའི་སྐྱོ་རོགས་དང་།
    བོད་ཀྱི་རྩ་ཆེའི་རིག་གཞུང་སོགས།
    ལོ་ཉི་རེ་ལྔ་འདས་ན་ཡང་།
    མི་ཉམས་རྒྱུན་འཛིན་ཉར་ཚགས་ཀྱིས་།
    དེང་བར་ཉི་འོད་བཞིན་དུ་གསལ།
    ཤེས་བྱའི་བང་མཛོད་རབ་འཆང་བ།
    བྱམས་སྙིང་མཛོད་ཀྱི་ཆུ་གཏེར་མནབས།
    ཐབས་ཤེས་གཤོག་ཟུང་དྲུག་ལྡན་དབྱངས།
    འཛམ་གླིང་ཀུན་ཏུ་འཕུར་ལྡིང་བསྒྲགས།
    གང་གི་ཞབས་ཟུང་རྡོ་རྗེར་བརྟན།
    སྙན་གྲགས་ཡོངས་སུ་ཁྱབ་ལ་བདུད།

    Reply
  3. སྙིང་རྩ་སྤར་འཛིན། says:
    ལོ་ 10 སྔོན།

    (བོད་ཀྱི་ཞི་བདེའི་གཟེངས་རྟཊ་ལོ་ ༢༥ འཁོར།)
    ངོ་ཨེ་ཚ་གི། ༧གོང་ས་མཆོག་གིས་བླངས་བའི་ཞི་བདེ་གཟེངས་ཀྱི་མིང་ལའང་བོད་ཀྱི་ཞི་བདེ་གཟེངས་རྟགས་ཟེར། ད་འདི་ར་༧་གོང་ས་མཆོག་གི་ཕྱག་ནས་ལེན་གི་ཡིན་ནམ།

    Reply
  4. ཚེ་གཡང་། says:
    ལོ་ 10 སྔོན།

    ནོ་­སྦེལ་­བསྟོད་­དབྱངས།

    འཛམ་གླིང་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    དགའ་བ་ལ་དང་དགའ་བ།
    སྐྱིད་དོ་ལ་དང་སྐྱིད་དོ།
    དགའ་བ་ལ་དང་དགའ་བ།
    སྐྱིད་དོ་ལ་དང་སྐྱིད་དོ།
    འཛམ་གླིང་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    འཛམགླིང་ཡང་རྩེའི་སྟེང་གི
    གངས་ལྗོངས་ཆོས་ལྡན་རྒྱལ་ཁབ།
    རླབས་ཆེན་ཆོས་སྲིད་དབུ་ཁྲིད།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
    ཐུགས་རྒྱུད་བྱམས་དང་སྙིང་རྗེས།
    འགྲོ་ཀུན་བདེ་ལ་བཀོད་སོང་།
    ནོ་སྦེལ་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    དགའ་བ་ལ་དང་དགའ་བ།
    སྐྱིད་དོ་ལ་དང་སྐྱིད་དོ།
    འཛམ་གླིང་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    ཕྱི་ལོ་གྱ་དགུའི་ལོ་ལ།
    ནོ་སྦེལ་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་བ།
    ཞི་བདེའིརྒྱལ་ཁ་ལོས་ཡིན།
    གཞིས་བྱེས་བོད་མིའི་དབུ་ཁྲིད།
    ནང་པ་ཡོངས་ཀྱི་མགོན་སྐྱབས།
    འཛམ་གླིང་ཞི་བདེའི་དེད་དཔོན།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
    དགའ་བ་ལ་དང་དགའ་བ།
    སྐྱིད་དོ་ལ་དང་སྐྱིད་དོ།
    ནོ་སྦེལ་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    བོད་མི་རྒན་གཞོན་བྱིས་གསུམ།
    བདེ་སྐྱིད་སྣང་བས་ཁྱབ་ནས།
    དགའ་བའི་བསྟོད་དབྱངས་ཕུལ་སོང་།
    སྐྱིད་པའི་བྲོ་གར་འཁྲབ་ཡོད།
    སངས་རྒྱས་བསྟན་པ་དར་སོང་།
    འཛམ་གླིང་ཞི་བདེས་ཁྱབ་སོང་།
    རང་དབང་མང་གཙོའི་དཔལ་ལ།
    ཅི་དགར་སྤྱོད་ལ་ཆས་འགྲོ།
    ནོ་སྦེལ་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།
    དགའ་བ་ལ་དང་དགའ་བ།
    སྐྱིད་དོ་ལ་དང་སྐྱིད་དོ།
    ནོ་སྦེལ་ཞི་བདེའི་གཟེངས་རྟགས།
    ༧གོང་ས་མཆོག་ལ་ཕུལ་སོང་།

    Reply
  5. བསྟན་པ་རྒྱ་མཚོ། says:
    ལོ་ 10 སྔོན།

    ༄། སུའི་ཌན་མི་རིགས་ཡིན་པ་ཨལ་ཕི་རེཊ་ནོ་བྷེལ་ (Alfred Nobel) ཞུ་བ་ནི་ཚན་རིག་པ་དང་། གསར་གཏོད་པ། ཞི་བདེ་རིང་ལུགས་པ། རྩོམ་པ་པོ། དཀའ་ཉེན་ལ་མི་ཞུམ་པའི་བྱས་པ་ཅན་གྱི་སྐྱེས་བུ་ཞིག་ཡིན། ཁོང་དགོངས་པ་མ་རྫོགས་པའི་ལོ་གཅིག་སྔོན་ཏེ། ཕྱི་ལོ་ ༡༨༩༥ ལོར་ཁོང་གི་དགོངས་པ་ལྟར་ཁོང་ཉིད་ཀྱི་ཁྱིམ་ཚང་གི་རྒྱུ་ནོར་ཁོངས་ནས་རྫས་འགྱུར་རིག་གནས་དང་། དངོས་པོའི་ཚན་རིག། དཔལ་འབྱོར་རིག་གནས་བཅས་པར་མཁས་པ་དང་། དེ་བཞིན་རྩོམ་བྲིས་རིག་རྩལ། ཞི་བདེ་བཅས་པར་འཛམ་གླིང་ནང་རྒྱལ་མཚམས་མེད་པ་གཟེངས་སུ་ཐོན་པའི་བྱས་པ་ཅན་གྱི་མི་སྣར་ལོ་ལྟར་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུ་གནང་བ་རེད། གཟེངས་རྟགས་དེ་དག་ཁོངས་ནས་ཞི་བདེའི་གཟེངས་རྟགས་དེ་བཞིན་ནོར་ཝེ་ཚོགས་ཆུང་ནས་དང་། དེ་མིན་རྣམས་སུའི་ཌན་གྱི་ཚོགས་ཆུང་ནས་འབུལ་སྲོལ་བྱུང་འདུག།

    ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི། ༡༩༠༡ ལོར་འགོ་འཛུགས་བྱས་པ་ནས་བཟུང་དུས་ད་ལྟའི་བར་གཟེངས་རྟགས་དེ་ཐེངས་ ༡༢༡ གནང་ཡོད་པ་ནས་རྒྱ་གྲམ་དམར་པོ་དང་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་ལ་སོགས་པ་བྱས་པ་ཅན་གྱི་སྒྲིག་འཛུགས་ཁག་ལ་གནང་ཐེངས་ ༢༣ དང་། དེ་འཕྲོས་གང་ཟག་སྒེར་སོ་སོའི་མཛད་པར་གཞིགས་པའི་གནང་ཐེངས་ ༩༨ བྱུང་ཡོད་པ་རེད། དེ་དག་ཚང་མ་ཕྱོགས་ཡོངས་ནས་དཔྱད་ན། འབུལ་ཡུལ་མ་ནོར་བ་དང་། མ་འཁྲུལ་པ། མ་འཛོལ་བ་བཅས་བྱུང་བར་བློ་དང་ལྡན་པའི་སྐྱེ་བོ་ཕལ་མོ་ཆེས་ངོས་འཛིན་གཅིག་གྱུར་ཞུ་གི་ཡོད་པ་རེད། སྤྱིར་འཛམ་གླིང་ནང་ཞི་བདེའི་གཟེངས་རྟགས་མི་འདྲ་བ་ཆེ་ཆུང་བསྡོམས་ ༣༠༠ སྐོར་ཡོད་པ་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཀུན་གྱིས་དམིགས་བསལ་ཆེ་མཐོང་ཞུ་ཡུལ་གྲགས་ཆེ་ཤོས་དེ་ཡིན་པ་རེད། དེ་ནི་གཅིག་ནས་སྤྱི་ཚོགས་ཞབས་འདེགས་ཀྱི་ལོ་རྒྱུས་ཡུན་རིང་ཡོད་པ་དང་། གཙོ་ཆེ་སྲིད་དོན་གྱི་གནོན་ཤུགས་དང་། ཕྱོགས་ཞེན་གྱི་ཐེ་བྱུས་མེད་པའི་མི་ལྔ་ལས་གྲུབ་པའི་རང་དབང་ལྡན་པའི་མཁས་པའི་ལྷན་ཚོགས་ཤིག་གིས་དཔྱད་བསྡུར་ཉམས་ཞིབ་དྲག་འདེམས་བྱས་པའི་རྒྱུ་མཚན་གྱིས་ཡིན་པ་དང་། གཟེངས་རྟགས་འདི་ལ་རྟགས་མ་དང་། ཕྱག་འཁྱེར། ཕྱག་དངུལ་བཅས་འབུལ་སྲོལ་ཡོད་པ་རེད།

    ཕྱི་ལོ་ ༡༩༨༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གནང་ཐེངས་ ༩༠ པ་དེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ལོ་དེའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཕུལ་བ་རེད། ྋགོང་ས་མཆོག་ལ་གཟེངས་རྟགས་ཕུལ་དོན་ནི། ཀུན་ཁྱབ་ཀྱི་སེམས་ཁུར་དང་། འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། ལྷག་དོན་བོད་རྒྱའི་དཀའ་རྙོག་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་བ་བཅས་ལ་བརྟེན་ནས་ཕུལ་བ་རེད། ྋགོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་རྗེས་བཀའ་སློབ་ཕེབས་པའི་སྙིང་དོན་ལ། “ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྤྱི་བོ་སྤྱི་དང་། འཛམ་གླིང་ཞི་བདེ་དང་རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་ཚད་མེད་དྲན་པའི་སྒོ་ནས་གཟེངས་བསྟོད་འདི་དང་ལེན་ཞུ་གི་ཡོད།” ཅེས་གསུངས་ཡོད།

    Reply
  6. བསྟན་པ་རྒྱ་མཚོ། says:
    ལོ་ 10 སྔོན།

    ནོ་བྷེལ་གཟེངས་རྟགས་དང༌ནོ་བྷེལ་ཐེབས་རྩ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས།

    བྱམས་པ་ཟླ་གྲགས།

    ནོ་བྷེལ་གཟེངས་རྟགས་ཀྱི་ལམ་སྲོལ་ལ་དུས་བསྟུན་ལེགས་བཅོས་ཀྱི་རྣམ་པ་གསར་པའི་རེ་བ།

    ཕྱི་ལོ་ ༢༠༠༠ ལོར་གསོ་རིག་དང༌། རྫས་འགྱུར། དངོས་ཁམས་རིག་པ་བཅས་ཚན་རིག་དང་འབྲེལ་བའི་གཟེངས་རྟགས་འདི་དག་བཞེས་མཁན་གྱི་མཚན་ཐོ་གསལ་བསྒྲགས་མ་གནང་བའི་ཉིན་གཅིག་གི་སྔོན། སུ་ཌན་གྱི་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནས་གལ་གནད་ཆེ་བའི་གསལ་བསྒྲགས་ཤིག་གནང་སྟེ། ནོ་བྷེལ་ཚོགས་ཆུང་གིས་ཕྱིས་འབྱུང་ཚན་རིག་གཟེངས་རྟགས་འབུལ་ཕྱོགས་ཐད་བསྐྱར་དུ་དུས་བསྟུན་ལེགས་བཅོས་ཀྱི་བསམ་གཞིགས་ནན་པོ་ཞིག་བྱ་རྒྱུའི་དགོངས་འཆར་ཡོད་ཚུལ་གསལ་བསྒྲགས་དེའི་ནང་གསལ་པོར་བརྗོད་ཡོད། དེ་ལྟ་བུའི་གསལ་བསྒྲགས་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟའི་ཆར་ནོ་བྷེལ་ཚོགས་ཆུང་གིས་མིང་འདོན་གནང་བའི་གསོ་རིག་དང༌། རྫས་འགྱུར་རིག་པ། དངོས་ཁམས་རིག་པ་བཅས་གསུམ་པོ་འདིས། དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཕན་རླབས་ཆེ་བའི་ཚན་རིག་གི་ཡན་ལག་མང་པོ་ཡོད་པ་དེ་དག་ཐམས་ཅད་འདི་གསུམ་གྱིས་མཚོན་ཐུབ་ཐབས་ཡེ་ནས་མེད་ཀྱང། ཚོགས་ཆུང་ནས་ད་བར་དུས་བསྟུན་བསམ་གཞིགས་ཀྱིས་གཟེངས་རྟགས་གསར་གཏོད་བྱ་རྒྱུར་ཐུགས་སྣང་འབད་བརྩོན་རྩ་བ་ནས་གནང་མེད་པར་མ་ཟད། གཟེངས་རྟགས་རྣམས་མཁས་དབང་གསུམ་ལས་མང་བ་ཟུང་སྦྲེལ་དུ་གནང་མི་ཆོག་པའི་ལམ་སྲོལ་དེར་ཡང་མང་ཚོགས་ནས་སྐྱོན་བརྗོད་དགོངས་འཆར་ཤུགས་ཆེ་ཡོང་བཞིན་པ་རྣམས་ལ་ནོ་བྷེལ་ཚོགས་ཆུང་ནས་ཐུགས་སྣང་དགོངས་བཞེས་ཀྱིས་འབྱུང་འགྱུར་ལེགས་བཅོས་གནང་འཆར་ཡོད་ཅེས་གསལ་བསྒྲགས་གནང་ཡོད་ནའང༌། ད་བར་ཚོགས་ཆུང་ནས་ཚིག་སྐམ་སྟོང་བཤད་ཙམ་ལས་དོན་དམ་མི་མང་གི་རེ་འདུན་གཞིར་བཟུང་ནོ་བྷེལ་གཟེངས་རྟགས་འབུལ་ཕྱོགས་ལམ་སྲོལ་ཐད་ལེགས་བཅོས་གནང་ཡོད་པ་ཞིག་ཕལ་ཆེར་མ་ཚོར། ཡིན་ནའང༌། ཀུན་གྱིས་ད་དུང་ཁ་བཤད་དོན་ལ་གནས་པ་ཞིག་ཡོང་བར་རེ་བ་བྱེད་བཞིན་ཡོད།

    ནོར་ཝེ་ཇིན་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང༌།

    (Norwegian Nobel Institute)རང་དབང་ལྡན་པའི་ཉམས་ཞིབ་གཙུག་ལག་སློབ་གཉེར་ཁང་འདི་ནོར་ཝེ་ཇིན་(Norwegian)ནོ་བྷེལ་ཚོགས་ཆུང་དང༌། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འགན་འཛིན་རྣམ་པས་དགོས་མཁོ་དང་བསྟུན་ཏེ་ཕྱི་ལོ་ ༡༩༠༤ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་རེད། སློབ་གཉེར་ཁང་འདིའི་སྒྲིག་གཞི་ནང་གསལ་གྱི་ལས་འགན་གཙོ་བོ་ནི། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཡར་རྒྱས་གཏོང་རྒྱུའི་ཐད་ལ་དམིགས་བསལ་གྱི་དོ་སྣང་དང༌། དེའི་ཐོག་སྦྱོང་བརྡར་ཡང་མཛད་དགོས་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཕན་ཚུན་དབར་གོ་རྟོགས་ལེགས་སྒྲུབ་དང་བརྩི་མཐོང་གོང་འཕེལ་ཡོང་ཐབས་སུ་ཁོར་ཡུག་གི་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུའི་ཞབས་འདེགས་ཞུ་དགོས་པ་དེ་ཡིན། ལས་འགན་དེ་དག་དོན་དམ་ལག་ལེན་དུ་འཁྱོལ་ཆེད། ལོ་མང་རིང་སློབ་གཉེར་ཁང་འདིས་ནོར་ཝེ་ཡུལ་གྱི་མཁས་དབང་རྣམས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་མཁས་དབང་ཚོའི་དབར། རྟག་ཏུ་མཐུད་མཚམས་ལྟ་བུའི་ཕྱག་ལས་མུ་མཐུད་དེ་གནང་ཡོད་པར་མ་ཟད། ཡུ་རོབ་དམག་འཐབ་ཀྱི་དུས་ངན་སྐབས་སུའང་སློབ་གཉེར་ཁང་འདི་ཁྱིམ་མཚེས་ཡུལ་གྲུ་ཁག་གི་སྐྱབས་བཅོལ་མཁས་དབང་ཚོ་འཛོམས་སའམ། དེ་དག་དཀའ་ངལ་གྱི་སྐབས་སྐྱབས་བཅོལ་སའི་བསྟི་གནས་ལྟ་བུར་གྱུར་ཡོད།
    ད་ལྟའི་སློབ་གཉེར་ཁང་གི་ཁང་པ་འདི་ཕྱི་ལོ་ ༡༨༦༧ ལོར་ཐོག་མར་གསར་བཟོ་གནང་ཞིང༌། ཨོས་ལོའི་རྒྱལ་སའི་དཀྱིལ་ཏེ། ནོར་ཝེའི་རྒྱལ་ཁང་དང༌། དེའ་ིལྡུམ་རའི་ཉེ་འགྲམ་ཞིག་ཏུ་ཆགས་ཡོད། ཕྱི་ལོ་ ༡༩༠༤ ལོར་ནོར་ཝེ་ཇིན་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་དེས་ཁང་པ་འདིའི་ནང་ཐོག་མར་འགོ་འཛུགས་གནང་བ་ནས་བཟུང༌། ཕྱི་ལོ་ ༡༩༨༥ དང། ༡༩༩༠ ༡༩༩༡ ལོ་སོ་སོར་ཁང་པ་འདིར་ལེགས་བཅོས་དང་རྒྱ་བསྐྱེད་བྱ་རྒྱུའི་ཕྱག་ལས་ཧ་ཅང་རྒྱ་ཆེན་པོ་ཞིག་གནང་ཞིང༌། ད་ཆ་སློབ་གཉེར་ཁང་འདིའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་པ་རྣམས་ཀྱི་ཆེད་ཀམ་པུཊར་སོགས་དེང་དུས་ཀྱི་ཆ་རྐྱེན་ཆ་ཚང་ལྡན་པའི་ལས་ཁུངས་ཁང་མིག་གསར་པ་མང་དག་ཅིག་གསར་དུ་གོ་སྒྲིག་གནང་ཡོད།
    ནོ་བྷེལ་སློབ་གཉེར་ཁང་འདིས་ལོ་ལྟར་”ནོ་བྷེལ་བགྲོ་གླེང༌”ཞེས་པའི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་མུས། བགྲོ་གླེང་འདིའི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་སྤུས་དག་ཅིག་ཡོང་ཐབས་སུ་འཛམ་གླིང་ཡུལ་གྲུ་ཁག་ནས་མཁས་དབང་སྙན་གྲགས་ཅན་གདན་ཞུ་མཛད་པར་མ་ཟད། སྤྱིར་བཏང་མཁས་པའི་ཚོགས་འདུ་དང༌། མཁས་པ་ཁག་གི་གསུང་བཤད་ཀྱང་དུས་དུས་སུ་ཟུར་དུ་གོ་སྒྲིག་ཞུ་བཞིན་ཡོད། ཕྱི་ལོ་ ༡༩༦༠ ལོ་ནས་འདས་པའི་ལོ་མང་རིང་གཙུག་ལག་སློབ་གཉེར་ཁང་འདིས་འཛམ་གླིང་གི་གནས་སྟངས་ཀྱི་དགོས་མཁོར་གཞིགས་ཏེ། གནད་ཆེའི་དམིགས་བསལ་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་མང་གོ་སྒྲིག་ཞུས་ཁོངས། ཕྱི་ལོ་ ༡༩༩༠ ལོར་འཁོན་སེམས་ཀྱི་བྱེད་ལས་ཞེས་པ་དང༌། དེ་རྗེས་འདས་པའི་གྲང་དམག་ཅེས་པའི་བརྗོད་གཞི་འདི་གཉིས་ནི་དམིགས་བསལ་གྱི་གྲགས་ཆེ་ཤོས་བྱུང་ཡོད། ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ནང་མི་སུ་འདྲ་ཞིག་ཡིན་རུང་རང་དབང་གིས་ཕེབས་ཆོག་པ་ཡིན།

    དཔེ་མཛོད་ཁང༌།

    དཔེ་མཛོད་ཁང་འདིའི་ནང་ཞི་བདེའི་བརྗོད་གཞི་དང་འབྲེལ་བའི་དཔལ་འབྱོར་རིག་པ་དང༌། རྒྱལ་སྤྱིའི་ཆབ་སྲིད་རིག་པ་སོགས་ཀྱི་སྐོར་དེབ་གྲངས་ ༡༥༠༠༠༠ ལྷག་ཡོད། དེའི་ནང་ནས་ཀྱང་དམིགས་བསལ་ཕྱི་ལོ་ ༡༩༠༠ ནས་ཉི་ཤུའི་བར་གྱི་རྒྱལ་རབས་ལོ་རྒྱུས་དང༌། ཞི་བདེའི་ལས་འགུལ་ཁག་གི་ལོ་རྒྱུས། རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་བརྗོད་གཞིའི་སྐོར་གྱི་དེབ་ཕོན་ཆེན་པོ་ཡོད་པར་མ་ཟད། དཔེ་མཛོད་ཁང་འདི་ནི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང༌། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་འཇོག་སའི་བང་མཛོད་ལྟ་བུ་ཞིག་ཀྱང་ཡིན་པར་གྲགས་སོ། །

    ཉམས་ཞིབ་སློབ་ཡོན་གྱི་མཐུན་རྐྱེན།

    ཉམས་ཞིབ་སློབ་ཡོན་གྱི་འཆར་གཞི་འདི། ཕྱི་ལོ་ ༡༩༩༢ ལོར་གཙུག་ལག་སློབ་གཉེར་ཁང་འདིའི་ནང་ཐོག་མར་ཉམས་ཞིབ་ཀྱི་སྡེ་ཚན་བཙུགས་པ་དང་མཉམ་དུ་འགོ་འཛུགས་གནང་བ་ཞིག་རེད། སློབ་ཡོན་གྱི་འཆར་གཞི་འདིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་སྤྱིའི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་བཅས་ཀྱི་བརྗོད་གཞིའི་ཐོག་ནོར་ཝེ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་མཁས་དབང་ཚོའི་བར་མཁྱེན་ཡོན་བརྗེ་ལེན་གྱི་གོ་སྐབས་བཟང་པོ་ཞིག་སྐྲུན་ཐབས་བྱ་རྒྱུ་དེ་ཡིན། ལོ་ལྟར་ཉམས་ཞིབ་སློབ་གཉེར་པ་བཞི་ནས་དྲུག་བར་འཛམ་གླིང་ཡུལ་གྲུ་ཁག་ནས་འདེམ་སྒྲུག་གནང་སྟེ། སློབ་ཡོན་གྱི་འཆར་གཞི་དུས་ཡུན་ཟླ་བ་བཞི་ནས་ལོ་གཅིག་གི་བར་ཡིན་ལ། སློབ་ཡོན་གྱི་འཆར་གཞི་འདིའི་ཁོངས་ཕྱོགས་རིས་མེད་པར་རྒྱལ་ཁབ་དང་ཤེས་ཡོན་གྱི་རྣམ་པ་གང་མང་མཚོན་ཐབས་ཀྱི་འབད་བརྩོན་ཞུ་བཞིིན་ཡོད་དོ། །

    བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པའི་རྒྱུ་རྐྱེན་ལ་དཔྱད་པ།

    དེ་ཡང་ཇི་སྐད་དུ། བློ་སྦྱོང་མཚོན་ཆ་འཁོར་ལོ་ལས།
    གང་ལྟར་བྱས་ཀྱང་ཆགས་སྡང་འཁྲུགས་པའི་ཚེ། །མ་རུང་རྒྱུད་ངན་རེངས་སུ་བཅུག་པ་ཡིས། །
    ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ང་ཁྱོད་དྲུངས་ནས་དབྱུང་བར་བྱ། །ཞེས་གསུངས་པ་ལྟར། རང་རེའི་སེམས་འདི་ཚེ་རབས་གྲངས་མེད་པ་ནས་ཆགས་སྡང་སོགས་ཉོན་མོངས་པས་རེངས་པར་གྱུར་བའི་རྐྱེན་གྱིས། རྟག་ཏུ་དགྲ་འདུལ་གཉེན་སྐྱོང་དང༌། རང་རྒྱལ་གཞན་ཕམ་གྱི་ལས་ངན་འཁོར་བའི་བྱ་བཞག་ཁོ་ནར་རྨོངས་ཤིང་བརྩོན་ལ། ད་དུང་ཡང་མུ་མཐུད་ཤེས་བཞིན་དུ་རང་རྒྱུད་རེངས་སུ་བཅུག་པའི་རྐྱེན་གྱིས། ཀུན་གྱིས་བསྔགས་ཤིང་གཟེངས་སུ་བསྟོད་པའི་ནོ་བྷེལ་གཟེངས་རྟགས་ཁག་གནང་ཕྱོགས་ཀྱི་ཐོག་ལའང་ཀླན་ཀ་མི་ཉུང་བ་ཞིག་བྱུང་ཡོད་པའི་ཁོངས། ད་རེས་འདིར་ཁོ་བོས་དམིགས་བསལ་རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷཱི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པའི་རྒྱུ་རྐྱེན་ལ་ཅུང་ཙམ་དཔྱད་ཐབས་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན། དེ་ཡང༌། ནོ་བྷེལ་ཞི་བདེའི་ཚོགས་ཆུང་ནས་ད་བར་ཇེན་ཨ་ཌམ་སེ་(Jane Addams)དང༌། མར་ཊིན་ལུ་ཐར་ཀིང།(Martin Luther King Jr.) མཱ་ཐར་ཊི་རེ་ས།(Mother Teresa) ཨར་ཅི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་(Archbishop Desmond Tutu) མཆོག་དང༌། ཕྱི་ལོ་ ༡༩༨༩ ལོར་ྋསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོགས་འོས་ཤིང་འཚམ་པའི་འཛམ་གླིང་སྐྱེས་ཆེན་མཛད་རྗེས་ཅན་མང་དག་ཅིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་གནང་མཛད་ཐུབ་པ་དེ་ནི་ཨལ་ཕེཌ་ནོ་བྷེལ་དམ་པ་དེ་ཉིད་ཀྱི་ཞལ་ཆེམས་ལ་ཆེ་མཐོང་བརྩི་བཀུར་དང༌། ནོ་བྷེལ་ཚོགས་ཆུང་གིས་འདས་པའི་འཐུས་ཤོར་གྱི་གནས་ཚུལ་རྣམས་ལ་དྲང་བདེན་གྱི་ཡོ་བསྲང་བྱ་རྒྱུའི་འབད་བརྩོན་གྱི་མཛད་རྗེས་བཟང་པོ་ཞིག་ཡིན་པས་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ནང་ཡོངས་སུ་གྲགས་པའི་ཞི་བདེའི་དེད་དཔོན་ཆེན་པོ་གཱནྡྷཱི་དམ་པ་མཆོག་སྐུ་འཚོ་བཞུགས་རིང་དང༌། སྐུ་གཤེགས་པའི་རྗེས་ལོ་མང་པོ་འདས་ཟིན་ནའང་དམ་པ་འདི་ཉིད་ཀྱི་མཚན་ཐོག་ཏུ་ནོ་བྷེལ་ཞི་བདེའི་གཟེགས་རྟགས་ད་བར་གནང་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་མིན་ལ་ཅུང་ཙམ་དཔྱད་ཐབས་ཀྱི་འབད་བརྩོན་ཞུས་ན།
    དོགས་གཞི་འདིར་ཕྱོགས་གཉིས་ནས་གསལ་བཤད་ཞུས་ན་མི་འགྲིག་པ་མེད། དེ་ལ་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཆ་དང༌། སྤྱིར་བཏང་སྤྱི་ཚོགས་ནང་མི་སོ་སོའི་ཚོད་དཔག་འོག་རྒྱུ་རྐྱེན་འདི་འདྲ་ཞིག་མིན་ནམ་སྙམ་པའི་འོལ་ཚོད་ཀྱི་བསམ་ཚུལ་གཉིས་པོ་དེ་རེད།
    ལོ་རྒྱུས་ཀྱི་ཆ་ནས་ཞུས་ན་ནོ་བྷེལ་གཟེངས་རྟགས་ཕྱི་ལོ་ ༡༩༠༡ ལོར་ཨལ་ཕེཌ་ཞིང་གཤེགས་དམ་པ་མཆོག་གིས་ཐོག་མར་དབུ་བཙུགས་སྲོལ་བཏོད་ནས་བཟུང༌། ཕྱི་ལོ་ ༡༩༡༣ ལོར་རྒྱ་གར་གྱི་རྩོམ་རིག་པ་མཁས་དབང་རཱཝིནྡར་ནཱཐ་ཊེགྷོར་མཆོག་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ། ལོ་ངོ་ཧྲིལ་པོ་བཅུ་གཉིས་ཀྱི་རིང་ཨེ་ཤི་ཡའི་གླིང་ཆེན་གྱི་མི་རིགས་ཤིག་ལ་ནོ་བྷེལ་གཟེངས་རྟགས་ཐོབ་པ་ལོ་རྒྱུས་ན་ཐོག་མ་དེ་ཆགས་ཡོད། སྤྱིར་བཏང་ནོ་བྷེལ་གཟེངས་རྟགས་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། གཟེངས་རྟགས་འདིའི་ཐོབ་ཐང་དང་འོས་བབ་རྣམས། སྐབས་དེ་དུས་ཕལ་ཆེར་ཨ་རི་བ་དང༌། ཨིན་ཡུལ་གཙོས་པའི་ཡུ་རོབ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་འབའ་ཞིག་གི་མཁས་དབང་རྣམ་པ་ཚོར་མ་གཏོགས། དེ་མིན་ཨེ་ཤི་ཡ་དང༌། ཨཕ་རི་ཀ གཞན་ཡང་ལ་ཊིན་ཨ་མེ་རི་ཀའི་མི་རིགས་སོགས་ཀྱི་མཁས་དབང་རྣམ་པར་ཕལ་ཆེར་གནང་ཆོག་གི་མེད་པ་ལྟ་བུ་ཞིག་ཡོད། ནོ་བྷེལ་ཚོགས་ཆུང་གཉིས་ཀའི་ངོས་ནས་ཀྱང་གླིང་ཕྲན་འདི་དག་གི་རྨད་བྱུང་མཛད་རྗེས་ཅན་གྱི་མཁས་དབང་རྣམས་ལ་བར་སྐབས་ཤིག་རིང་ཁོང་ཚོའི་དོ་སྣང་ཙམ་ཡང་ཡེ་ནས་བསླེབས་ཐུབ་མེད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་ཕྱིས་སུ་ནོ་བྷེལ་ཚོགས་ཆུང་ཁག་གིས་འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ལམ་འཐུས་ཤོར་དེ་དག་ལ་དྲང་བདེན་གྱི་ཡོ་བསྲང་དང་གུན་གསབ་ཅིག་བྱ་རྒྱུའི་ཀུན་སློང་བཟང་པོ་ཞིག་གི་ཐོག ཨེ་ཤེ་ཡ་དང་གླིང་ཕྲན་གཞན་གྱི་མཁས་དབང་མཛད་རྗེས་ཅན་གང་མང༌། ནོ་བྷེལ་གཟེངས་རྟགས་ཁག་གི་འོས་གཞིའི་ཁོངས་སུ་སླེབས་ཐབས་ཀྱི་དོ་སྣང་སྔར་བས་ཆེ་རུ་གཏོང་རྒྱུའི་དགོངས་བཞེས་འབད་བརྩོན་ཞུས་ཡོད་ཀྱང༌། ད་དུང་ཕྱི་ལོ་ ༡༩༠༡ ནས་ ༡༩༩༡ བར་གྱི་གཟེངས་རྟགས་ཕུལ་བའི་རེའུ་མིག་རྣམས་ལ་གཟིགས་ཞིབ་གནང་ཚེ། མི་ལོ་ཧྲིལ་པོ་ ༩༠ ཐམ་པ་དེའི་རིང་ཨེ་ཤེ་ཡ་ལ་སོགས་པའི་གླིང་ཕྲན་གཞན་གྱི་མཁས་དབང་ཁོངས་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་བཅུ་ཙམ་ལས་བྱུང་མེད་པ་དེ་ནི་ཧ་ཅང་ཡིད་མི་ཆེས་ཞིང་ཡ་མཚན་བྱ་འོས་པའི་གནས་ཚུལ་ཞིག་ཡིན་པར་ཐེ་ཚོམ་ཅི། ཨེ་ཤེ་ཡ་དང༌། ཨ་ཕི་རི་ཀ ལ་ཊིན་ཨ་མི་རི་ཀ་བཅས་འཛམ་གླིང་མི་འབོར་གྱི་ཆ་ཤས་ཤིན་ཏུ་ཆེ་བའི་གླིང་ཆེན་དེ་དག་གི་ནང་གཟེངས་རྟགས་ཆེད་འོས་ཤིང་འཚམ་པའི་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་གཞན་དྲིང་མི་འཇོག་པའི་ཞི་བདེའི་འཐབ་རྩོད་པ་དང༌། རྩོམ་རིག་མཁས་པ། ཚན་རིག་གི་གསར་འཚོལ་རིག་པ་བཅས་ཀྱི་མཁས་པ་རྩེར་ཐོན་ཞིག་ལོ་ངོ་དགུ་བཅུ་ཐམ་པ་སྟེ། ལོ་ཡུན་རིང་པོ་དེའི་ནང་བཅུ་ཙམ་ལས་བྱུང་མེད་པ་ག་ལ་སྲིད་དེ། མི་སྲིད་པ་ཞིག་རེད། ཡིན་ནའང༌། ཕྱོགས་གཞན་ནས་བལྟས་ཚེ་ད་བར་གཟེངས་རྟགས་བཅུ་ཙམ་ཞིག་ཐོབ་པ་དེར་ཡང་ང་ཚོས་དགའ་སྒོམ་ཆོག་ཤེས་བྱ་རྒྱུ་ཙམ་ལས་ཐབས་གཞན་འགའ་ཡང་ཕལ་ཆེར་ཁོ་བོའི་ཡིད་ངོར་མི་འཆར། དྲང་པོར་ཞུས་ན་གཱནྡྷཱི་དམ་པར་ད་བར་ཞི་བདེའི་གཟེངས་རྟགས་ཕུལ་མ་ཐུབ་པ་ནི་ནོ་བྷེལ་ཞི་བདེའི་ཚོགས་ཆུང་གི་འཐུས་མི་རྣམས་རང་བཞིན་གྱིས་ཁ་སྐྱེངས་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྐད། དཔེར་ན། རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷཱི་མཆོག་ལ་ཐོག་མར་ཕྱི་ལོ་ ༡༩༣༧ དང༌། དེ་རྗེས་ཡང་བསྐྱར་ཕྱི་ལོ་ ༡༩༤༧ ལོར་ཞི་བདེའི་གཟེངས་རྟགས་ཀྱི་མཐའ་མའི་འོས་གཞིའི་མཚན་གཞུང་ནང་ཐེངས་གཉིས་བསླེབས་ཐུབ་པ་ཁོ་ན་གཟི་བརྗིད་རེད་སྙམ། དེ་ནི་གཙོ་བོར་ཁོང་གིས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་མི་གསོད་ཁྲག་སྦྱོར་གྱི་དྲག་པོའི་ལྟ་བ་དུག་ལྟར་སྤངས་ཏེ། འཚེ་མེད་ཞི་བ་དང༌། བདེན་པའི་ཨུ་ཚུགས་ལྟ་བུའི་གཟི་བརྗིད་ལྡན་པའི་ཐབས་ལམ་གྱི་ནུས་ཤུགས་ཁོ་ནར་བརྟེན་ནས་མཐར་རྒྱ་གར་རང་བཙན་གྱི་རྒྱལ་ཁའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཐུབ་པ་དེར། འཛམ་གླིང་སྐྱེ་རྒུ་ཡོངས་ཀྱིས་ཁོང་གི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མཛད་རྗེས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང༌། ངོས་ལེན་གཙང་མ་ཞུས་པའི་རྟགས་མཚན་གསལ་པོ་ཞིག་རེད་བསམ་གྱི་འདུག དེར་མ་ཟད། སྐབས་དེ་དུས་ཡུ་རོབ་དང་ཤར་ཨེ་ཤི་ཡའི་ཁུལ་དུ་ཨིན་ཇུའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་བཞིན་དུའང༌། ད་དུང་རྒྱབ་སྐྱོར་དེ་ཙམ་ཐོབ་པ་དེས་གདོན་མི་ཟ་བར་འཛམ་གླིང་མི་མང་གི་བསམ་བློའི་ནང་འཚེ་མེད་ཞི་བ་དང༌། བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་འདིར་རྒྱབ་སྐྱོར་དང་དགའ་ཞེན་ཆེ་ཆུང་ཅི་ཙམ་ཡོད་མེད་ཀྱང་ཚོད་དཔག་གསལ་པོ་བྱེད་ཐུབ་པ་ཞིག་རེད། གཱནྡྷཱིའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཐབས་ལམ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཁག་གི་རང་བཙན་འཐབ་རྩོད་པ་ཚོས་ཀྱང་ཆེས་ནུས་ཤུགས་ལྡན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ཏུ་མཐོང་བ་མ་ཟད། ཕྱིས་སུ་གཱནྡྷཱི་མཆོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese