མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་མང་མཉམ་རུབ་ཀྱིས་མྱོས་རྫས་ངན་གོམས་རྩ་མེད་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་གཞོན་སྐྱེས་དང་བླངས་པ་ཁག་ཅིག་གིས་དྷ་རམ་ས་ལ་ཁུལ་གྱི་མྱོས་རྫས་ངན་གོམས་ཅན་ཅག་ལ་སྨན་བཅོས་ལྟ་སྐྱོང་བྱེད་སའི་ཁང་པ་འཛུགས་སྐྲུན་བྱེད་ཆེད། དྷ་ས་ཟློས་གར་ཚོགས་ཁང་དུ་གླུ་གཞས་འཁྲབ་སྟོན་སོགས་ཀྱི་ལས་འགུལ་སྤེལ་ཏེ་མ་དངུལ་འཚོལ་སྒྲུབ་བྱེད་ཀྱིན་ཡོད་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་དྷ་ས་ཁུལ་གྱི་མྱོས་རྫས་ངན་གོམས་ཀྱི་ད་ལྟའི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། དགུ་བཅུ་གོ་གྲངས་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད། ཐ་མ་ནག་པོ་དང་སྨན་རྫས་ངན་གོམས་ཅན་མང་དུ་སོང་ཡོད་སྟབས། ༢༠༠༠ ལོའི་ཟླ་ ༡༢ པའི་ནང་ཀུན་ཕན་ལས་ཁུངས་གསར་འཛུགས་གནང་སྟེ། མྱོས་རྫས་ངན་གོམས་ཅན་ག་ལ་སྨན་བཅོས་དང་མི་མང་ནང་གོ་རྟོགས་ལས་འགུལ་གང་འཚམ་ཞིག་སྤེལ་ཡོད་འདུག ཀུན་ཕན་ལས་ཁུངས་ཀྱི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཀུན་ཕན་ལས་ཁུངས་བཙུགས་ནས་ལོ་བཅུ་ལྷག་ཕྱིན་པའི་རིང་། འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་སྦྱོར་འོག་ཐ་མ་ནག་པོ་དང་། སྨན་རྫས་རིགས་ཀྱི་ངན་གོམས་ཆགས་པའི་གཞོན་སྐྱེས་ ༡༥༠ ལྷག་ལ་སྨན་བཅོས་བྱས་ཡོད་ཅིང་། ༢༠༡༣ ལོར་ཁོང་གིས་ཀུན་ཕན་ལས་ཁུངས་ཀྱི་འགན་འཁུར་བའི་ཚུན་ལ་ད་ལྟ་ཀུན་ཕན་གྱི་ལྟ་སྐྱོང་འོག་གཞོན་སྐྱེས་ ༨ ཡོད་ཅིང་། ཁོང་ཚོའི་ཁྲོད་མྱོས་རྫས་ངན་གོམས་ཤུགས་ཆེན་ཕྱིན་ཏེ་སྤོང་མ་ཐུབ་པའི་རིགས་དང་། ཅུང་ཙམ་དྲག་སྐྱེད་བྱུང་ཡང་ནད་ལོག་ཐེབས་སྲིད་ཉེན་ཡོད་པ། རྦད་དེ་སྤངས་ཏེ་བདེ་ཐང་ཆགས་ཡོད་པ་བཅས་རིགས་བཅས་གསུམ་ཡོད་འདུག ངན་གོམས་སྡུག་ཤོས་ཀྱི་རིགས་མིན་ཞིང་དྲག་ཙམ་ཡོད་མཁན་ཚོར་ལས་ཀ་དང་ཞལ་ལག སྡོད་གནས་སོགས་ཀྱི་མཐུན་སྦྱོར་སྤྲོད་བཞིན་ཡོད་འདུག

བཙན་བྱོལ་སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ཀྱི་བྱུང་རྐྱེན་དྲིས་པར་ཁོང་གིས། བོད་པའི་སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ཀྱི་འབྱུང་ཁུངས་དང་བྱུང་སྟངས་རིགས་ཁ་ཤས་འདུག དང་པོ། ང་ཚོའི་སྤྱི་ཚོགས་ནང་ཐ་མ་ནག་པོ་དང་སྨན་རྫས་སྤྱོད་མཁན་རིགས་མང་ཤོས་སློབ་གྲྭ་ཁག་ནང་ཡོང་གི་འདུག ཁོ་ཚོས་མཚར་སྣང་དང་སྣང་བ་སྐྱིད་པོའི་ཐོག་ནས་མྱོས་རྫས་ལ་ཚོད་ལྟ་འདྲ་བོ་བྱས་ཏེ་ངན་གོམས་ཕྱིན་པ་རེད། གཉིས་པ། དམག་སྒར་ནང་དམག་མི་ཚོ་སྨན་རྫས་འཐུང་མཁན་མང་ཤོས་རེད། ཁོ་ཚོས་སྨན་རྫས་འདྲ་འཐུང་ཚེ་བློ་ཁོག་སྐྱེས་པའི་བསམ་བློའི་འོག་སྨན་རྫས་དང་ཐ་མ་ནག་པོའི་རིགས་འཐུང་གི་ཡོད་ས་རེད། གསུམ་པ། ཕ་མ་ཚོས་ཕྲུ་གུའི་མདུན་ནས་ཆང་རག་དང་ཐ་མ་འཐེན་འཐུང་རིགས་བྱས་ཏེ་ཕྲུ་གུ་ཚོར་ངན་གོམས་སུ་འགྲོ་བཞིན་འདུག བཞི་པ། ཕ་མ་ཚོས་སོ་སོའི་ཕྲུ་གུར་བརྩེ་བ་ཡིན་མདོག་གིས་དངུལ་མང་པོ་སྤྲད་དེ་ཕྲུ་གུས་དངུལ་བེད་སྤྱོད་ལོག་པར་བཏང་སྟེ་མྱོས་རྫས་རིགས་ངན་གོམས་སུ་འགྲོ་བཞིན་འདུག ལྔ་པ། ཁྱིམ་ཚང་གི་དཀའ་ངལ་དང་སོ་སོའི་གྲོགས་ངན་པའི་ཤུགས་རྐྱེན། ཕོ་མོ་ཕན་ཚུན་དགའ་བོ་འགྲིག་དང་མ་འགྲིག་གིས་སེམས་པ་མ་སྐྱིད་སོགས་ལ་བརྟེན་ཏེ་ངན་གོམས་སུ་འགྲོ་བཞིན་འདུག ཅེས་བརྗོད་བྱུང་།

ཟླ་བ་ཚེ་རིང་ལགས་ཀྱིས་མྱོས་རྫས་ངན་གོམས་ལ་སྤྱི་ཚོགས་ཀྱིས་མཐུན་འགྱུར་ཐུབ་ཀྱི་མེད་ཚུལ་བརྗོད་དོན། དཀའ་ངལ་གཙོ་བོ་གཅིག་ང་ཚོའི་སྤྱི་ཚོགས་ཀྱིས་ཁོ་ཚོར་བདག་སྐྱོང་མ་བྱས་པའི་སྐྱོན་རེད། དཔེར་ན། ཀུན་ཕན་ལས་ཁུངས་ཀྱིས་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་ཚར་བའི་རྗེས་ལ། ཁོ་ཚོར་ལས་ཀ་མེད་པ་དང་འགྲོ་ས་མེད་པའི་དབང་གིས་སྔོན་མའི་ངོ་ཤེས་གྲོགས་པོ་ཚོའི་སར་ཕྱིན་ཏེ། ངན་གོམས་བསྐྱར་ལོག་བརྒྱབ་པ་དེ་འདྲ་ཡོང་གི་འདུག འདི་རིགས་སྤྱི་ཚོགས་ཀྱིས་དེ་ན་ཚ་ཞིག་ལ་ངོས་འཛིན་མ་བྱས་པར་གང་ཟག་གཉིས་ཤིག་གི་སྤྱོད་པ་ལོག་པ་རེད་བསམ་པའི་ནོར་འཁྲུལ་གྱི་དབང་གིས་བྱུང་བ་རེད། དེ་ན་ཚ་ཞིག་ལ་ངོས་འཛིན་བྱས་ཏེ་སྨན་བཅོས་ལྟ་སྐྱོང་དང་། བརྩེ་བ་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག གཉིས་པ། སྤྱི་ཚོགས་ནང་ཉལ་ཐ་དང་སྨན་རྫས་སྐོར་ལ་གོ་རྟོགས་དང་སློབ་གསོ་ཡག་པོ་མ་བརྒྱབ་པ་དང་། དེའི་སྐོར་གྱི་ལས་དོན་རིགས་རྒྱུན་བསྲིངས་མ་ཐུབ་པའི་དཀའ་ངལ་རེད། ཅེས་བརྗོད་བྱུང་།

ཟླ་བ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། ང་ཚོའི་སྤྱི་ཚོགས་ནང་གི་ཕ་མ་ལ་ལ་ཞིག་གིས་སོ་སོའི་བུ་ཕྲུག་གིས་མྱོས་རྫས་རིགས་སྤྱོད་ཀྱི་ཡོད་པ་ཧ་གོ་ཡི་མེད་པའི་སྟེང་ལ། མི་གཞན་གྱིས་གསལ་བོར་ལབ་ཀྱང་ཁྱོན་ནས་ངོས་ལེན་མི་བྱེད་པར། གྲོང་པ་ཁྱིམ་མཚེས་ཀྱི་ཕྲུ་གུ་ཡག་པོ་མེད་པ་དང་། དེ་ཚོས་སྤྱོད་པ་སྡུག་ཅག་སྟོན་གྱི་ཡོད་པ་ལས་སོ་སོའི་ཕྲུ་གུར་གནས་ཚུལ་དེ་འདྲ་ཡོད་པ་ཁྱོན་ནས་ཡིད་ཆེས་བྱེད་ཀྱིན་ཡོད་པ་མ་རེད། དེ་ནས་གལ་སྲིད་སོ་སོའི་ཕྲུ་གུ་དང་མི་གཞན་གྱི་ཕྲུ་གུ་ཚོས་མྱོས་རྫས་རིགས་བེད་སྤྱོད་གཏོང་གི་ཡོད་པ་ཧ་གོ་ཡང་། བདེ་དོན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ཁག དེ་བཞིན་ང་ཚོའི་འཕྲོད་བསྟེན་ལས་ཁུངས་སོགས་ལ་ཞུ་མཁན་ཡོད་པ་མ་རེད། འདི་དག་སྤྱི་ཚོགས་ཀྱི་སྐྱིན་གནས་ཆེ་ཤོས་རེད། ཅེས་བརྗོད་བྱུང་།

ད་ལྟའི་ཆར་དྷ་རམ་ས་ལར་ཐ་མ་ཉལ་ཐ་སྨན་རྫས་འཐེན་མཁན་གཞོན་སྐྱེས་ག་ཚོད་ཡོད་མེད་དྲིས་པར་ཁོང་གིས། དྷ་རམ་ས་ལའི་ནང་གི་ངན་གོམས་ཕྱིན་པའི་གཞོན་སྐྱེས་ཚོ་དྷ་རམ་ས་ལ་རང་གི་གཞོན་སྐྱེས་གཅིག་པུ་མིན་པར་ས་གནས་གཞིས་ཆགས་ཁག་མང་པོ་ནས་ཡོང་བ་ཞིག་ཆགས་འདུག གང་ཡིན་ཟེར་ན། དྷ་རམ་ས་ལ་འདིར་ཐ་མ་ནག་པོ་དང་སྨན་རྫས་རིགས་ཀྱི་མཐུན་རྐྱེན་འཛོམས་པོ་ཡོད་སྟབས་མང་པོ་ཡོང་གི་ཡོད་ས་རེད། གང་ལྟར་ངན་གོམས་ཤུགས་ཆེན་པོ་ཆགས་པ་བརྒྱ་ལྷག་ཡོད་མེད་མི་ཤེས་ཀྱང་། ངན་གོམས་ཀྱི་སྔོན་འགྲོའི་ནང་འཛུལ་ཞུགས་བྱེད་མཁན་བརྒྱ་ལས་ཚད་ཀྱི་མ་རེད་ལ། དྷ་ས་རམ་ལར་ངན་གོམས་སྡུག་ཤོས་ཆགས་མཁན་སུམ་ཅུ་ནས་བཞི་བཅུ་ཞིག་འདུག ཅེས་བརྗོད་བྱུང་།

དྷ་ས་ཁུལ་གྱི་མྱོས་རྫས་ངན་གོམས་ཤུགས་ཆེན་པོ་ཆགས་ཡོད་པ་དག་གི་ཆེད་དུ་སྨན་བཅོས་ལྟ་སྐྱོང་ཁང་ཞིག་གསར་རྒྱག་བྱེད་འཆར་ཡོད་པའི་སྐོར་ངོ་སྤྲོད་གནང་དོན། ༢༠༠༠ ལོར་ཀུན་ཕན་ལས་གཞི་མགོ་འཛུགས་དུས་སྐབས་དེའི་ཚོགས་གཙོ་སྐུ་ངོ་བསྟན་འཛིན་དགེ་བྱེད་ལགས་བརྒྱུད་ནས་ཉལ་ཐའི་ངན་གོམས་ཐེབས་པའི་བློ་བཟང་ཞུ་པ་ཞིག་གིས་འགན་བླངས་ཏེ། བོད་པའི་གཞོན་སྐྱེས་ནང་ཉལ་ཐའི་ངན་གོམས་ནང་འགྲོ་མཁན་མང་པོ་ཆགས་ཀྱི་ཡོད་སྟབས། བོད་པ་རང་གི་གོམས་སྲོལ་དང་མཐུན་པའི་ནད་གསོ་ཁང་ཅིག་འཛུགས་དགོས་པའི་སྐོར་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཏེ་ཧིན་སྒོར་འབུམ་ ༢༥ ཙམ་གནང་འདུག ༢༠༡༠ ལོར་སྣེ་ལེན་ཁང་གསར་པའི་འགྲམ་ནས་ཀཱ་ནེལ་ (Kanal) ༧ ཅན་གྱི་ས་ཆ་ཞིག་ཉོས་ཡོད་ཀྱང་། འཛུགས་སྐྲུན་བྱེད་པའི་དངུལ་མེད་སྟབས་ད་ལྟའི་ཆར་ས་ཆ་སྟོང་པར་ལྷག་བསྡད་ཡོད་པ་རེད། དཔེར་ན། ང་རང་གིས་འགན་བླངས་པ་ནས་བཟུང་ཁང་གླའི་བུ་ལོན་འབུམ་གཉིས་གསུམ་ཙམ་ལྷག་ཡོད་པ་འཇལ་བ་ཡིན། ཞེས་དང་། ཁོང་གིས་མུ་མཐུད་དུ་བརྗོད་དོན། ད་དུང་ནད་གསོ་ཁང་འཛུགས་སྐྲུན་བྱེད་པར་ཧིན་སྒོར་འབུམ་ ༡༡ ཙམ་འགྲོ་ཡི་ཡོད་སྟབས། ང་ཚོས་ ༧གོང་ས་མཆོག་གི་གསུང་ཆོས་དང་ས་ག་ཟླ་བ་སོགས་དུས་ཆེན་ཁག་དང་བསྟུན་ཏེ་གཙུག་ལག་ཁང་གི་གཡས་གཡོན་དུ་ཚོང་ཙག་ཙིག་བརྒྱབ་པ་དང་ཞལ་འདེབས་སློང་བ་སོགས་བྱེད་ཀྱིན་ཡོད། རིམ་པས་གཞུང་དང་ཚོགས་པ་ཁག་གི་རོགས་སྐྱོར་ཐོབ་པ་ཡིན་ན་མགོ་འཛུགས་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད། བཀའ་ལྡན་ཕོ་བྲང་ནས་ཕྱག་དངུལ་ཐོབ་པ་གོང་དུ་ཞུས་པ་དེ་རེད། དེ་མ་གཏོགས་ད་ལྟ་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གིས་རོགས་དངུལ་གང་ཡང་གནང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཟླ་བ་ཚེ་རིང་ལགས་ཀྱིས་ཀུན་ཕན་གྱི་ལས་གཞི་ཐད་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཚང་མས་མཉམ་རུབ་གནང་གལ་ཆེ་སྐོར་བརྗོད་དོན། སྤྱིར་བཏང་ང་ཚོའི་ལས་གཞི་འདིའི་ཁྲོད། མྱོས་རྫས་ངན་གོམས་ཅན་ཕ་མ་སྤུན་ཆེད་ཡོད་མཁན་ཡིན་ན། ཁོང་ཚོས་ང་ཚོར་དཔལ་འབྱོར་གྱི་རོགས་རམ་བྱས་པ་ཡིན་ན་ལས་ཀ་ག་རེ་བྱས་དགོས་ཀྱང་ག་ཚོས་བྱེད་ཆོག་གི་རེད། བདག་པོ་མེད་མཁན་ཚོར་ང་ཚོས་ཐབས་ཤེས་བྱེད་ཆོག་གི་རེད། དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་ང་ཚོར་མཐུན་འགྱུར་ཞུ་དགོས་པ་གལ་ཆེན་པོ་རེད། དཔེར་ན། མདོ་སྨད་ཚོགས་པའི་ས་གནས་ཀྱིས་འདིར་ནད་པ་གཉིས་བཏང་སོང་། དེ་ལ་ཁོ་རང་ཚོའི་ཚོགས་པ་དང་སྤུན་མཆེད་ཀྱིས་འགྲོ་གྲོན་བཏང་སོང་། ང་ཚོར་དངུལ་དང་མིའི་མཐུན་རྐྱེན་གྱིས་འདང་ན། བོད་མིའི་ས་གནས་གཞིས་ཆགས་ཁག་ནང་ཀུན་ཕན་ལས་ཁུངས་ཀྱི་ཡན་ལག་འཛུགས་པའི་འཆར་གཞི་ཡོད། དཔེར་ན། སྤེལ་ཀོབ་གཞིས་ཆགས་རང་དུ་སྡོད་མཁན་ཞིག་གིས་འགན་འཁུར་ཐུབ་ཀྱི་ཡོད་ན། ང་ཚོས་དགའ་མོས་ངང་མཐུན་སྦྱོར་དང་མཉམ་རུབ་བྱེད་འདོད་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་ངན་གོམས་ཕྱིན་པའི་ནད་པ་ཚོར་སེམས་ཁམས་རིག་པའི་ཐོག་ནས་སློབ་གསོ་གལ་ཆེན་ཡིན་སྐོར་བརྗོད་དོན། ཟླ་གཅིག་གོང་ང་ཚོའི་ཀུན་ཕན་ལས་ཁུངས་ནང་ཤེས་ཡོན་སློབ་སྟོན་པ་བུ་མོ་རྣམ་ཤེས་ཞུ་བས་ཟླ་གཉིས་རིང་དང་བླངས་ལས་ཀ་བྱས་པ་རེད། མོ་རང་གིས་ནད་པ་ཚོར་འབྲེལ་བ་དང་སློབ་གསོ་བྱེད་སྟངས་དེ་ང་ཚོའི་སློབ་གསོ་བྱེད་སྟངས་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ནད་པ་ཚོས་ཀྱང་དགའ་མོས་དང་ཡིད་ཆེས་ཆེན་པོ་བྱེད་ཀྱིན་འདུག ཁོ་ཚོར་སེམས་ཁམས་རིག་པའི་སློབ་གསོ་དང་ལམ་སྟོན་གནང་མཁན་སྨན་པ་དགོས་པ་གལ་ཆེན་པོ་ཆགས་འདུག ཉེ་ལམ་ང་ཚོས་དྷ་ཤོད་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་ལ་འདི་འདྲའི་ནད་པ་རིགས་ལ་སེམས་ཁམས་རིག་པའི་སྨན་པའི་མཐུན་སྦྱོར་གནང་ཐུབ་ཀྱི་ཡོད་མེད་ཀྱི་འབྲེལ་བ་བྱས་པར། ཁོ་ཚོས་གང་ཐུབ་རོགས་རམ་བྱ་ངེས་ཡིན་ཚུལ་བརྗོད་སོང་ཡང་ག་ཚོད་ཅིག་བྱེད་ཐུབ་མིན་ཤེས་ཀྱི་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese