མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡོང་ཁང་གི་ཉེས་ཆད་རིམ་པ་དང་པོ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཀྲུའུ་ཡོང་ཁང་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད་སྲིད་ཁྲིམས་ལྷན་ཁང་ལ་ཁྲིམས་ཐག་གཅོད་རྒྱུའི་དབང་ཆ་སྤྲད་ཡོད་འདུག

ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་ཤས་རིང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་ལ་རྟོག་ཞིབ་བྱས་པ་བརྒྱུད། ཁོས་དབང་ཆ་སྒེར་དཔྱོད་བྱས་ཏེ་ལྐོག་རྔན་ལྐོག་ཟ་བླངས་ཡོད་པ་མ་ཟད། བུད་མེད་མང་པོ་དང་གབ་མཐུན་གྱིས་འདོད་སྲེད་ཀྱི་ཉོ་ཚོང་བྱས་པ་དང་། ནང་མི་སྤུན་མཆེད་དང་གྲོགས་པོར་གཞུང་གི་ལས་ཀ་དང་ཚོང་གི་འགན་རྒྱ་སྤྲད་པ་དང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་བརྩི་མེད་བཏང་བ་སོགས་ར་སྤྲོད་བྱུང་སྟེ། ཁོ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འཕུད་བྱས་ཡོད་པ་མ་ཟད། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཁྲིམས་ཐག་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་ཐོག་བཀོད་དོན། ཀྲུའུ་ཡོང་ཁང་གིས་དབང་ཆ་བེད་སྤྱོད་ལོགས་པ་བཏང་ནས་ཁྲིམས་འགལ་གྱི་ཁེ་ཕན་བསྒྲུབས་པ་མ་ཟད། ནང་མི་སྤུན་མཆེད་བརྒྱུད་མི་གཞན་གྱི་ས་ནས་ལྐོག་རྔན་བླངས་པ་དང་། ལུས་འབྲེལ་བྱེད་ཡུལ་གྱི་བུད་མེད་དང་གྲོགས་པོ་ཉེ་འདུ་བཅས་ལ་ཚོང་གཉེར་རོགས་སྐྱོར་བྱས་ཏེ་རྒྱུ་ནོར་ཕོན་ཆེན་བླངས་པ་དང་། དེ་བཞིན་འདོད་སྲེད་ཀྱི་ཉོ་ཚོང་བྱས་པ་སོགས་ཀྱི་ནག་ཉེས་བསགས་ཡོད་པ་ཤེས་རྟོགས་བྱུང་སྟེ། དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད། ཅེས་སོགས་བཀོད་འདུག

༢༠༡༤ ལོའི་ཟླ་ ༧ ཚེས་ ༢༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་ཞིག་ཐོག་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྲུའུ་ཡོང་ཁང་གིས་དབང་ཆ་སྒེར་གཅོད་བྱས་ཏེ་ལྐོག་རྔན་ལྐོག་ཟ་བྱས་ཡོད་པའི་ནག་ཉེས་ཕྱིར་བསྒྲགས་དང་འབྲེལ། ཁོ་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་པ་ལྟར། འདས་པའི་ཟླ་ཤས་རིང་ཞིབ་བཤེར་བྱས་ཏེ་ཟླ་ ༡༠ ནང་ཚོགས་པའི་སྐབས་བཅོ་བརྒྱད་པའི་རྒྱ་ནག་དབུས་དམར་ཤོག་ཀྲུང་ཨུ་ཚང་འཛོམས་ཚོགས་ཆེན་ཐེངས་བཞི་པའི་སྟེང་། རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོས་ཀྲུའུ་ཡོང་ཁང་གཙོས་ཁོའི་ངན་རོགས་མཐོ་རིམ་དཔོན་རིགས་དྲུག་དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མེད་ཀྱང་། དེའི་རྗེས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྲུའུ་ཡོང་ཁང་གིས་ངན་རོགས་དག་རེ་རེ་བཞིན་འཇུ་བཟུང་བྱས་ནས་ཁྲིམས་ཐག་བཅད་ཡོད་སྟབས། ཁ་སང་རྒྱ་ནག་གཞུང་གིས་ཀྲུའུ་ཡོང་ཁང་གིས་ནག་ཉེས་གང་ཡིན་གཞུང་འབྲེལ་གསལ་ བསྒྲགས་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུའི་སྲིད་ཇུས་བཟུང་སྟེ། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་ལ་འཇུ་བཟུང་བྱས་ཡོད་ཀྱང་། དུས་རྒྱུན་གང་ཙམ་རིང་ཁོར་ཁྲིམས་ཐོག་ནས་ཐག་གཅོད་གང་ཡང་བྱེད་ཐུབ་ཀྱང་། ད་རེབ་ཞི་ཅིན་ཕིན་གྱིས་དཔོན་རིགས་གཞན་གྱིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཁོའི་ནག་ཉེས་གསལ་སྟོན་བྱས་པ་དེས། ཞི་ཅིན་ཕིན་ལ་རྒྱ་ནག་གི་སྔར་གྱི་མགོ་ཁྲིད་ཚོ་ལས་དབང་ཆ་ཆེ་བ་ཡོད་པ་གསལ་བཤད་བྱས་པ་རེད་སྐོར་བརྗོད་འདུག

༢༠༡༤ ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྲུའུ་ཡོང་ཁང་ལ་འབྲེལ་བ་ཡོད་པའི་པའོ་ཞི་ལེ་ལ་ཚེ་བཙོན་དང་ལའོ་ཧན་ལ་སྲོག་ཁྲིམས་བཅད་རྗེས། ཟླ་ ༧ པའི་ནང་ཀྲུའུ་ཡོང་ཁང་འཛིན་བཟུང་འོག་རྟོག་ཞིབ་བྱེད་མགོ་བརྩམས་པ་མ་ཟད། ཀྲུའུ་ཡོང་ཁང་གི་བུ་ཀྲུའུ་བེན་ (Zhou Bin) དང་རྒྱ་ནག་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་ལེ་ཏུང་ཧྲིན་ (Li Donsheng)། རྒྱ་ནག་རྡོ་སྣུམ་ལས་ཁུངས་ཀྱི་མགོ་ཁྲིད་ཟུར་པ་ལེ་ཧྭ་ལིན་ (Li Hualin)དང་། ཅང་ཙེ་མིན་ (Jiang Jiemin)། རྒྱ་ནག་ཧེད་ནན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཅེ་ཝེན་ལིན་ (Ji Wenlin) དང་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མགོ་ཁྲིད་ཀོའོ་ཡོང་ཞང་ (Gou Yongxiang) དང་ལེ་ཁྲུང་ཁྲིན་ (  Li Chuncheng)བཅས་ལའང་དབང་ཆ་སྒེར་གཅོད་དང་ལྐོག་ཟ་རུལ་སུངས་ལ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༡༢ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese