མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུང་རྒྱས་ཨ་གྲགས་ལགས་བཙོན་འོག་ནས་ལོ་བརྒྱད་འཁོར་གྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་རྒྱལ་འཛུགས་དམག་མིའི་དུས་ཆེན་ཟེར་བའི་ཉིན་མོར་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་སྡིངས་ཆའི་སྟེང་བོད་པའི་བདེན་དོན་དང་རང་དབང་ཆེད་འབོད་སྒྲ་བསྒྲགས་སྟབས། རྒྱ་གཞུང་གིས་ཁོང་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་ད་ཆར་བཙོན་འཇུག་དུས་ཡུན་རྫོགས་གྲབས་ཡོད།

རྒྱ་དམག་བཅིངས་འགྲོལ་དམག་མི་བཙུགས་པའི་དུས་ཆེན་ཏེ། ༢༠༠༧ ལོའི་ ༨ ཚེས་ ༡ ཉིན་གྱི་དཀར་མཛེས་ལི་ཐང་རྟ་རྒྱུགས་མཛད་སྒོའི་སྟེང་། རུང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་དང་མི་མང་སྟོང་ཕྲག་མང་པོ་འཛོམས་པའི་མདུན་གྱི་སྡིངས་ཆའི་སྟེང་ཐོན་ཏེ། ༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་དང་། ཁོང་མགྱོགས་མྱུར་བོད་ལ་གདན་འདྲེན་ཞུ་དགོས་པ། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་ཀློད་གྲོལ་གཏོང་དགོས་པ། བོད་ནང་རྒྱ་གཞུང་གི་དྲག་གནོན་འོག་རང་དབང་མེད་པའི་དངོས་ཡོད་གནས་སྟངས་སྐོར་གྱི་གཏམ་བཤད་སྤེལ་ཡོད་སྟབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། ལོ་དེའི་ཟླ་ ༡༡ པའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས། ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག་ལོ་ ༨ ཀྱི་ཁྲིམས་ཐག་བཅད་དེ་སི་ཁྲོན་མཱེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད།

ད་ཆར་བཙོན་འཇུག་དུས་ཡུན་རྫོགས་གྲབས་ཡོད་པ་དང་བསྟུན་ཏེ་ཁོང་གི་ཚ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་སུ། རུང་རྒྱས་ཨ་གྲགས་དང་ཁོང་གི་ནང་མི་སྤུན་མཆེད། ཁོང་དང་མཉམ་དུ་བཙོན་འཇུག་བྱས་པའི་གཉེན་ཚན་དག་གི་གནས་སྟངས་སྐོར་བཅར་འདྲི་ཞུས་པར། ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འདི་ལྟར་བརྗོད་བྱུང་། རྒྱ་ནག་གཞུང་གིས་ནམ་རྒྱུན་དམ་དྲག་དང་གསང་བ་ཆེན་པོ་བྱེད་ཀྱི་ཡོད་སྟབས། རུང་རྒྱས་ཨ་གྲགས་ལགས་ཀྱི་སྐུ་གཟུགས་གནས་སྟངས་རྟོགས་དཀའ་བ་ཆགས་ཡོད་ཀྱང་། ཐོག་མར་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱེད་སྐབས་ཉེས་རྡུང་ཚབས་ཆེན་བཏང་བ་མ་ཟད། ༢༠༡༠ ལོར་སླར་ཡང་ཁོང་ལ་རྡུང་རྡེག་ཚད་མེད་བཏང་ཡོད་སྟབས། ད་ཆར་ཁོང་གི་མིག་ཡ་གཅིག་དང་རྣ་བ། རྐང་པ་ཡ་གཅིག་བཅས་ལ་རྨས་ཕོག་ཡོད་པ་དང་། སྐེད་པ་ཡང་ནད་པ་ཆགས་ཡོད་པ་ཞིག་གོ་སོང་། ༢༠༡༣ ལོའི་ཟླ་ ༣ ནང་ཁོང་གིས་ཉིན་གྲངས་ ༣༣ རིང་ཟས་བཅད་ངོ་རྒོལ་གནང་འདུག ཅེས་བརྗོད་བྱུང་།

རུང་རྒྱས་ཨ་གྲགས་ལགས་ཀྱི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་ཐུབ་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྔོན་མ་རྒྱ་གཞུང་གིས་ལོ་གཅིག་ནང་ཐེངས་གཅིག་ཐུག་ཆོག་ཚུལ་བཤད་ཡོད་ཀྱང་། འདས་པའི་ལོ་འགའི་རིང་ནང་མི་ཚོ་ཁོང་ལ་ཐུག་ཐུབ་པ་དང་མ་ཐུབ་དཀའ་ངལ་མང་པོ་བྱུང་འདུག ཕྲན་ཙམ་རེར་ཐུག་བཅུག་སྐབས་ཀྱང་བཙོན་ཁང་གི་ཤེལ་སྒྲོམ་ར་བ་བརྒྱུད་ཕན་ཚུན་མིག་གིས་མཐོང་ཐུབ་པ་ཙམ་དང་། ཁ་པར་བརྒྱུད་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཙམ་ལས་མེད་པ་དང་། ཐུག་འཕྲད་སྐབས་བཙོན་པ་གཞན་དང་མ་འདྲ་བར། ཁོའི་གཡས་གཡོན་དུ་ཉེན་རྟོག་པ་རེ་ལངས་ཏེ་ལྟ་རྟོག་བྱེད་ཀྱིན་ཡོད་པ་དང་། ནང་མི་ཚོས་ཁོ་ལ་ཁ་པར་ནང་སྐད་ཆ་ཤོད་སྐབས། ཁོང་གིས་ང་ལ་སྐད་ཆ་བཤད་རྒྱུའི་ཆོག་མཆན་མེད་སྟབས། ཁྱེད་རང་ཚོས་སྐད་ཆ་ཤོད་ཤོག ངས་ཉན་ནས་སྡོད་རྒྱུ་ལས་ཐབས་ཡོད་པ་མ་རེད་ཅེས་བཤད་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་ལ་རུང་རྒྱས་ཨ་གྲགས་ལགས་ཀྱི་ནང་མི་གཉེན་འབྲེལ་ཚོར་སུན་གཙེར་རིགས་བཟོ་བཞིན་ཡོད་མེད་དྲིས་པར། རུང་རྒྱས་ཨ་གྲགས་ཀྱི་བཟའ་ཟླ་དང་ཕྲུ་གུ། གཉེན་འབྲེལ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུན་དུ་སོ་ལྟ་བྱེད་ཀྱིན་ཡོད་ས་རེད། སྡུག་ཤོས་ཤིག་ལ། ཁོང་གི་གཉེན་འབྲེལ་སློབ་ཆེན་ཐོན་པ་ཚོར་ལས་ཀ་སྤྲོད་ཀྱི་མེད་པ་མ་ཟད། ལས་ཀ་ཐོབ་ཐབས་འབད་བརྩོན་བྱེད་མཁན་ཚོར་ཡང་གནོན་ཤུགས་སྤྲོད་ཀྱིན་འདུག་ཟེར། སྔོན་མ་ཁོ་རང་ཚོ་ངོ་ཤེས་མཁན་བོད་རིགས་ལས་བྱེད་ཚོས་ཁོང་ཚང་ལ་དགའ་བོ་དང་སྒོ་གང་ས་ནས་རོགས་རམ་བྱེད་ཀྱིན་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཚང་ལ་རོགས་རམ་བྱེད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་མྱུལ་ཞིབ་བྱེད་ཀྱིན་ཡོད་སྟབས། ད་ཆར་ཁོ་ཚོར་རོགས་རམ་བྱེད་རྒྱུར་ཡང་དོགས་ཟོན་བྱེད་དགོས་པ་ཆགས་འདུག ཅེས་བརྗོད་བྱུང་།

རྒྱ་གར་ནང་ཡོད་པའི་རུང་རྒྱས་ཨ་གྲགས་ལགས་ཀྱི་བུ་མོ་གཉིས་ཀྱི་སྐོར་དྲིས་པར། ཁོང་གིས་འདི་ལྟར་བརྗོད་བྱུང་། རུང་རྒྱས་ཨ་གྲགས་ལགས་ཀྱི་བུ་མོ་གཉིས་རྒྱ་གར་ནང་སྐྱབས་བཅོལ་དུ་བསླེབས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་བདག་སྐྱོང་འོག་ད་ལྟ་སཱ་ར་མཐོ་སློབ་ནང་སློབ་སྦྱོང་བྱེད་ཀྱིན་ཡོད་པ་རེད། དེ་ནི་ནམ་རྒྱུན་ཕ་རྒན་གྱི་རེ་བར་བོད་ཡིག་བོད་སྐད་སྦྱང་ནས་༧གོང་ས་མཆོག་དང་བོད་གཞུང་ལ་ཞབས་ཕྱི་ཞུ་ཐུབ་པ་ཅིག་བྱུང་ན་དགོངས་ཀྱི་ཡོད་སྟབས། ཕ་རྒན་གྱི་རེ་བ་ལྟར་བོད་པའི་སྐད་ཡིག་རིག་གཞུང་གཙོ་བོར་བཟུང་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་ཡང་རྒྱ་གར་ནང་དང་ཕྱི་རྒྱལ་སོགས་ནས་སློབ་སྦྱོང་གང་ཐུབ་ཐུབ་བྱས་རྗེས། བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་བསྒྲུབས་ཏེ་བོད་པ་རང་གི་སྤྱི་ཚོགས་ལ་ལས་ཀ་བྱེད་རྒྱུའི་འདུན་པ་ཡོད་པ་རེད། ཅེས་བརྗོད་བྱུང་།

ལོ་རྗེས་མའི་ཕྱི་ཟླ་ ༨ ཚེས་ ༡ ཉིན། རུང་རྒྱས་ཨ་གྲགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཀྱི་ཡོད་སྟབས། དེའི་ཐད་ནང་མི་ཚོར་སེམས་འཚབ་འདྲ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ང་ཚོར་སེམས་འཚབ་ག་རེ་འདུག་ཟེར་ན། ཁོང་དུས་ཐོག་ཀློད་གྲོལ་ཐོབ་ཨེ་ཡོང་སྙམ་པ་དང་། གལ་ཏེ་ཀློད་གྲོལ་ཐོབ་པ་ཡིན་ན་ཡང་། དེ་སྔོན་ཆབ་སྲིད་བཙོན་པ་མང་པོ་ཞིག་མིང་ཙམ་གྱི་ཀློད་གྲོལ་ཙམ་ལས། ནང་ལ་བསླེབས་རྗེས་སྐུ་འཚོ་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་སྟབས། གནས་ཚུལ་གང་འདྲ་ཆགས་ཡོང་ན་བསམས་ནས་སེམས་འཁྲལ་བྱེད་བསྡད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཨ་ཀྲུག་ཚེ་བརྟན་ལགས་སུ་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་དང་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་སོགས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་དང་རྒྱལ་ཁབ་མགོ་བརྟིང་བསློགས་པའི་ཉེས་མིང་འོག་ལོ་ ༡༠ དང་། སྒྱུ་རྩལ་པ་ཀུན་མཁྱེན་ལགས་ལ་ལོ་ ༩ ཡི་ཁྲིམས་ཐག་བཅད་དེ། རུང་རྒྱས་ཨ་གྲགས་ལགས་ཡོད་སའི་བཙོན་ཁང་དེར་བཅུག་ཡོད་པ་རེད། ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལགས་ལ་གཞུང་གི་སློབ་གསོའི་འདུ་འཛོམས་གཏོར་བརླག་དང་རྒྱལ་ཁབ་མགོ་བརྟིང་བསློགས་པའི་ཉེས་མིང་འོག ལོ་ ༥ ཁྲིམས་ཐག་བཅད་དེ་ལོ་དུས་ཚང་ནས་ཀློད་གྲོལ་ཐོབ་ཟིན་ཡང་། ད་ལྟ་རྒྱ་གཞུང་གིས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་ཀྱིན་ཡོད་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་རེ་བ་འདྲ་བཤད་རྒྱུ་ཡོད་མེད་དྲིས་པར། རུང་རྒྱས་ཨ་གྲགས་ལགས་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པ། གང་ཟག་མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་ཐུགས་ཁུར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ལོ་རྗེས་མའི་ཟླ་ ༨ ཚེས་ ༡ ཉིན། བཙོན་འཇུག་དུས་ཡུན་རྫོགས་ཏེ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་དང་། གཟུགས་པོ་བདེ་ཐང་ཡོང་རྒྱུ་སོགས་ལ་ད་དུང་མུ་མཐུད་དེ་ཐུགས་འཁུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། སྤྱིར་བཏང་ཆབ་སྲིད་དང་འབྲེལ་བའི་མི་ཞིག་ཐོག་མར་འཛིན་བཟུང་བྱེད་པའི་ཁ་ཐུག་ལ་ས་བསྒྲགས་གནམ་བསྒྲགས་ཆགས་པ་དང་། དེ་དང་འབྲེལ་བའི་ལས་འགུལ་ཡང་ཚ་ཚ་འུར་འུར་གྱིས་སྤེལ་གྱིན་ཡོད་ཀྱང་། རྒྱ་གཞུང་གིས་བཙོན་པ་དེར་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་པ་ནས་བཟུང་གྲགས་འགུལ་གང་ཡང་མེད་པར་གོ་མེད་ཚོར་མེད་ངང་བརླག་འགྲོ་བ་ཞིག་འདུག དེ་ཁྱོན་ནས་ཡག་པོ་མི་འདུག ཁོའི་གནས་སྟངས་ག་འདྲ་ཡོད་མེད་དང་མ་འོངས་པར་ག་འདྲ་ཆགས་མིན་སོགས་མགོ་བརྩམས་པ་ནས་མཇུག་མ་བསྡུས་པར་འགན་འཁྱེར་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 4

  1. ཐུབ་དགའ། says:
    ལོ་ 12 སྔོན།

    ང་རྒྱས་ཨ་གྲགས་ལ་གསར་འགྱུར་ཁག་དང་ཆབ་སྲིད་པ་ཚོས་དོ་སྣང་གནང་དགོས།
    བོད་ཀྱི་དུས་བབ་ལ་དམིགས་བསལ་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་དེ་མི་ཚང་མའི་དྲན་ཡུལ་ནས་བརྗེད་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིག་ལ་བསྐྱར་དུ་དྲན་སྐུལ་བྱས་པ་དེས་དོ་སྣང་དང་ཁྱབ་སྤེལ་གྱི་ནུས་པ་ཆེན་པོ་ཞིག་ཐོན་ཏེ་སྤྱི་ཚོགས་ལ་སད་རྟོགས་ཆེན་པོ་ཞིག་བཟོ་ཐུབ་ཀྱིན་འདུག དེ་ཧ་ཅང་གལ་ཆེན་པོ་དང་གསར་ཁང་དེའི་བསམ་བློའི་ནུས་པ་ཚད་མཐོན་པོར་སླེབས་ཡོད་པའི་རྟགས་མཚན་ཞིག་རེད།
    སྤྱི་ཚོགས་ནང་ག་རེ་མོ་ག་རེ་ཤོད་ཀྱང་རུང་། གསར་འགྱུར་བརྒྱུད་ལམ་དང་བརྡ་འཕྲིན་ག་རེ་མོ་ག་རེ་ཐོན་ཡང་ཆོག་བོད་ཀྱི་དུས་བབ་ཀྱི་གསར་འགྱུར་འབྲི་སྟངས་དང་ནང་དོན་འགོད་སྟངས། གསར་འགོད་པའི་བསམ་བློ་གཏོང་ཕྱོགས་སོགས་ལ་འགྲན་ཟླ་ཡོང་བ་ཞིག་མི་འདུག

    Reply
  2. ཐུབ་དགའ། says:
    ལོ་ 12 སྔོན།

    རུང་རྒྱས་ཨ་གྲགས་ལ་གསར་འགྱུར་ཁག་དང་ཆབ་སྲིད་པ་ཚོས་དོ་སྣང་གནང་དགོས།
    བོད་ཀྱི་དུས་བབ་ལ་དམིགས་བསལ་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་དེ་མི་ཚང་མའི་དྲན་ཡུལ་ནས་བརྗེད་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིག་ལ་བསྐྱར་དུ་དྲན་སྐུལ་བྱས་པ་དེས་དོ་སྣང་དང་ཁྱབ་སྤེལ་གྱི་ནུས་པ་ཆེན་པོ་ཞིག་ཐོན་ཏེ་སྤྱི་ཚོགས་ལ་སད་རྟོགས་ཆེན་པོ་ཞིག་བཟོ་ཐུབ་ཀྱིན་འདུག དེ་ཧ་ཅང་གལ་ཆེན་པོ་དང་གསར་ཁང་དེའི་བསམ་བློའི་ནུས་པ་ཚད་མཐོན་པོར་སླེབས་ཡོད་པའི་རྟགས་མཚན་ཞིག་རེད།
    སྤྱི་ཚོགས་ནང་ག་རེ་མོ་ག་རེ་ཤོད་ཀྱང་རུང་། གསར་འགྱུར་བརྒྱུད་ལམ་དང་བརྡ་འཕྲིན་ག་རེ་མོ་ག་རེ་ཐོན་ཡང་ཆོག་བོད་ཀྱི་དུས་བབ་ལ་འགྲན་ཟླ་ཡོང་བ་ཞིག་མི་འདུག

    Reply
  3. དབང་གྲགས། says:
    ལོ་ 12 སྔོན།

    ༢༠༡༠ ལོར་སླར་ཡང་ཁོང་ལ་རྡུང་རྡེག་ཚད་མེད་བཏང་ཡོད་སྟབས། ད་ཆར་ཁོང་གི་མིག་ཡ་གཅིག་དང་རྣ་བ། རྐང་པ་ཡ་གཅིག་བཅས་ལ་རྨས་ཕོག་ཡོད་པ་དང་། སྐེད་པ་ཡང་ནད་པ་ཆགས་ཡོད་པ་ཞིག་གོ་སོང་། ༢༠༡༣ ལོའི་ཟླ་ ༣ ནང་ཁོང་གིས་ཉིན་གྲངས་ ༣༣ རིང་ཟས་བཅད་ངོ་རྒོལ་གནང་འདུག

    Reply
  4. སྟོབས་ཆེན། says:
    ལོ་ 12 སྔོན།

    ངེས་པ་དོན་གྱི་རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་སུ་སྔགས་བརྗོད་དང་། ནང་མི་ཉེ་འབྲེལ་ཡོད་ལ་སེམས་གསོ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད། ལྷག་པར་དུ་སྐུ་ཞོག་བོད་མི་དམངས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་ལ་སྙིང་ཐག་པ་ནས་བསྟོད་སྔགས་ཞུ་བཞིན་ཡོད། གཞིས་སྡོད་བོད་མི་ཚོས་བོད་ནང་གི་འགན་འཁྲི་བསྒྲུབས་བཞིན་ཡོད་པ་དང་། ཕྱི་ལོག་ན་ཡོད་པ་ཚོས་ཕྱི་ལོག་གི་ལས་འགན་ཆད་ལུས་མེད་པར་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese