མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་གཉིས་དང་ཆོས་ལུགས་གཉིས་ཀྱི་མཐུན་སྒྲིལ་མཚོན་རྟཊ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནོར་ཝེ་རྒྱལ་སར་ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་པའི་སྟེང་། ཞི་བདེ་གཟེངས་རྟགས་བཞེས་མཁན་རྒྱ་གར་གྱི་སྐུ་ཞབས་སཱ་ཊི་ཡཱར་ཐི་དང་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་རྣམ་གཉིས་ཀྱིས་གཏམ་བཤད་སྤེལ་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་ཡུ་རོབ་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གྲོང་ཁྱེར་ཚོམས་ཁང་དུ། ༢༠༡༤ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཆེན་པོ་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ནོར་ཝེའི་རྒྱལ་པོ་དང་རྒྱལ་མོ་རྣམ་གཉིས་དབུས་ནོར་ཝེ་ནང་གི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་བ་རྣམ་པ་དང་། རྒྱ་གར་གྱི་གཞུང་འབྲེལ་སྐུ་ཚབ་དང་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་གྷེ་ལཱ་ནེ། ནོ་བྷེལ་ཐེབས་རྩ་ཚོགས་པའི་ཚོགས་མི་དང་། ནོ་བྷེལ་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇཱ་གྷུ་ལན་ཌི་ (Thorbjorn Jagland)། འཛམ་གླིང་གི་གྲགས་ཆེན་རྩོམ་པ་པོ་དང་། གཞས་པ་གཞས་མ་བཅས་མི་ཆིག་སྟོང་ལྷག་འཛོམས་ཡོད་འདུག

ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་སཱ་ཊི་ཡཱར་ཐི་ (Kailash Satyarthi)མཆོག་དང་། པ་ཀི་སི་ཐན་གྱི་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་ལས་འགུལ་བ་མཱ་ལཱ་ལཱ་ (Malala Yousafzai)མཆོག་རྣམ་གཉིས་ལ་འབུལ་གཏན་འཁེལ་བ་དེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཟིན་པ་ལྟར། ཁ་སང་གི་མཛད་སྒོའི་སྟེང་ནོ་བྷེལ་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇཱ་གྷུ་ལན་ཌི་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། དམ་པ་ཨཱ་ཧྥེར་ཌི་ནོ་བྷེལ་ (Alfred Noble) མཆོག་གི་དགོངས་དོན་ལྟར། རྒྱ་གར་གྱི་སྐུ་ཞབས་སཱ་ཊི་ཡཱར་ཐི་དང་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་གཉིས་རྣམ་བརྒྱུད་དེ། རྒྱལ་ཁབ་དེ་གཉིས་བར་གྱི་དཀའ་རྙོག་ཁག་མཛའ་བརྩེའི་ཐོག་ནས་སེལ་ཐུབ་པའི་རེ་བ་རྒྱག་གི་ཡོད། ཁྱེད་གཉིས་ཀྱིས་བྱིས་པའི་ཐོབ་ཐང་དང་ཤེས་ཡོན་ཡར་རྒྱས་གཏོང་གི་ཡོད་སྟབས། ཤེས་ཡོན་གྱིས་དམངས་གཙོ་དང་རང་དབང་གི་ལམ་ཁ་ཡངས་བོར་འབྱེད་ཐུབ་ཀྱི་ཡོད། འཛམ་གླིང་གི་ཆོས་ལུགས་ཁ་ཆེ་དང་ཡེ་ཤུ། ཧིན་རྡི། ཇེའུ། ནང་པ་གང་གིས་ཀྱང་མིའི་ཚེ་སྲོག་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་ལས་འཚེ་བ་དང་གཉའ་གནོན་ངོས་ལེན་གཏན་ནས་བྱེད་ཀྱི་མེད། དེར་བརྟེན། ཁྱེད་གཉིས་ནི་ཨཱ་ཧྥིར་ཌི་ནོ་བྷེལ་མཆོག་གི་ཞལ་ཆེམས་དགོངས་དོན་ལྟར་ཞི་བདེ་དེད་དཔོན་ཆགས་ཡོད། ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། ཐེངས་འདིའི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་གཅིག་ནི་བུ་མོ་ལོ་ཆུང་ཞིག་དང་། གཞན་དེ་ནི་སྐྱེས་པ་རྒན་པ་ཞིག་རེད། གཅིག་ནི་པ་ཀི་སི་ཐན་དང་གཞན་དེ་ནི་རྒྱ་གར་རེད། གཅིག་ནི་ཁ་ཆེ་དང་གཞན་དེ་ནི་ཧིན་རྡི་རེད། ཡིན་ནའང་ཁོང་རྣམ་པ་གཉིས་ནི་ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་མངོན་འདོད་དེ་ཆིག་སྒྲིལ་དང་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་མཚོན་རྟགས་ཤིག་ཆགས་ཡོད་སྟབས། ནོ་བྷེལ་གཟེངས་རྟགས་འདིས་རྒྱ་གར་དང་པ་ཀི་སི་ཐན་མི་རིགས་གཉིས་བར་བློ་ཐག་ཉེ་བོ་བཟོ་རྒྱུར་རམ་འདེགས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ལ། ད་ལྟའི་ཆར་ང་ཚོ་ལ་ཁོང་གཉིས་ལྟ་བུའི་བྱིས་པའི་ཐོབ་ཐོང་དང་ཤེས་ཡོན་ལ་རྩོད་ལེན་བྱེད་མཁན་གང་མང་མང་དགོས་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

དེའི་རྗེས་ནོར་ཝེ་རྒྱལ་པོ་མཆོག་གིས་ཁོང་རྣམ་པ་གཉིས་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་རེ་རེ་དང་ཐུན་མོང་ལ་ཨ་སྒོར་ས་ཡ་ ༡།༡ བཅས་ཕུལ་རྗེས། བུ་མོ་མཱ་ལཱ་ལཱ་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་དག་གི་ཁྲོད་ནས་ལོ་ཆུང་ཤོས་དང་པ་ཀི་སི་ཐན་གྱི་མི་ཞིག་ལ་གཟེངས་རྟགས་འདི་ཐོབ་པ་དང་པོ་དེ་ཡིན། ལྷག་པར་དུ་སྐུ་ཞབས་སཱ་ཊི་ཡཱར་ཐི་དང་ངེད་གཉིས་ཐུན་མོང་ལ་ཆེ་བསྟོད་གཟེངས་རྟགས་འདི་ཐོབ་པར་ང་རང་ཧ་ཅང་དགའ་བོ་བྱུང་སོང་། སཱ་ཊི་ཡཱར་ཐི་ལགས་ནི་ལོ་མང་རིང་བྱིས་པའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་སྟབས། ངེད་གཉིས་མཉམ་དུ་ཡར་ལངས་ཏེ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་ཞི་མཐུན་མཉམ་འབྲེལ་ཐོག་ནས་བྱིས་པའི་ཐོབ་ཐང་ཆེད་ལས་ཀ་བྱེད་པ་འཛམ་གླིང་མི་མང་ལ་སྟོན་ངེས་ཡིན་ཞེས་བརྗོད་འདུག

ཁོ་མོས་མུ་མཐུད་དུ། འཛམ་གླིང་ནང་གི་ལོ་ཆུང་བུ་མོ་ཚོའི་གནས་སྟངས་སྐོར་ལ། དེང་སང་འཛམ་གླིང་ནང་ཡུལ་གྲུ་གང་སར་བྱུང་བའི་ཟིང་འཁྲུག་ཁྲོད་ཉམས་ཆུང་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་དང་ཤོར་བཞིན་ཡོད་ཅིང་། སེ་རི་ཡ་དང་གྷ་ཛ། ཨི་རག་ནང་གི་ཁྱིམ་ཚང་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་འགྲོ་དགོས་ཆགས་སྟབས། བྱིས་པ་མང་པོ་ཞིག་སློབ་གྲྭར་འགྲོ་བའི་གོ་སྐབས་ཤོར་གྱིན་ཡོད། རྒྱ་གར་དང་པ་ཀི་སི་ཐན་ནང་མཚོན་ནའང་བྱིས་པ་སྟོང་ཕྲག་མང་པོར་ཤེས་ཡོན་གྱི་གོ་སྐབས་རག་གི་མེད་པ་མ་ཟད། ཁོ་ཚོར་བཙན་སྐུལ་གྱིས་ངལ་རྩོལ་དང་ཆང་ས་རྒྱག་གི་འཇུག་པ་སོགས་བྱེད་ཀྱིན་ཡོད་སྟབས། ངེད་གཉིས་ཀྱིས་ལས་འགུལ་སྤེལ་ཏེ་བྱིས་པ་ཡོད་ཚད་གཅིག་མཚུངས་ཀྱི་ཤེས་ཡོན་གོ་སྐབས་འཐོབ་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་རྒྱ་གར་བ་སཱ་ཊི་ཡཱར་ཐི་ལགས་ཀྱིས་བརྗོད་དོན། སངས་རྒྱས་བཅོམ་ལྡན་འདས་དང་གུ་རུ་སྣ་ནག་ (Guru Nanak)། སྐྱེས་མཆོག་དམ་པ་གྷན་དྷི་བཅས་འཁྲུངས་ཡུལ་ནས་ངའི་འགྲུལ་བཞུད་མགོ་འཛུགས་བྱས་ཤིང་། རྒྱ་གར་དང་ནོར་ཝེ་གཉིས་བར་འཛམ་གླིང་ཞི་བདེ་དང་གཅེན་གཅུང་གི་མཛའ་བརྩེ་གཉིས་ཀྱི་འབྲེལ་བ་གནའ་སྔ་མོ་ནས་ད་ལྟ་བའི་བར་རྒྱུན་གནས་ཐུབ་ཡོད། དེ་རིང་ང་བྱིས་པ་མགོན་མེད་སྐྱབས་མེད་ཚོའི་འབོད་སྒྲ་དང་རྨི་ལམ་བཤད་དུ་ཡོང་བ་ཡིན། ངས་བྱིས་པ་ཚོར་རང་དབང་འཐོབ་པར་བྱས་ཏེ་ཁོང་ཚོ་རང་དབང་ངང་འཚར་ལོངས་བྱེད་པ་དང་ཟ་མ་ཟ་བ། གཉིད་ཉལ་པ་དང་རྩེད་མོ་རྩེ་བ། སློབ་གྲྭར་འགྲོ་བ། ཐ་ན་དགོད་པ་དང་ངུ་བའང་རང་དབང་གིས་བྱེད་ཆོག་པའི་ཐོབ་ཐང་དེ་ངའི་མི་ཚེའི་དམིགས་ཡུལ་དང་རེ་སྙེགས་གཙོ་བོ་དེ་ཡིན། འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་བྱིས་པར་བྱམས་བརྩེ་ཡིས་སྐྱོང་དགོས་པ་གསུང་གི་ཡོད། དཔེར་ན། ཡེ་ཤུ་སྟོན་པས་བྱིས་པ་ཚོ་ནི་ལྷ་ཡུལ་གྱི་ཡིན་སྟབས་ཁོང་ཚོ་ངའི་འཁྲིས་སུ་ཡོང་བར་བཀག་འགོག་མ་བྱེད་ཅེས་གསུངས་ཡོད་པ་དང་། ཁ་ཆེའི་གསུང་རབ་ནང་དུའང་དབུལ་ཞིང་ཕོངས་པའི་རྒྱུ་མཚན་ལ་བརྟེན་ནས་རང་ཉིད་ཀྱི་བྱིས་པ་མ་གསོད་རོགས་ཞེས་གསུངས་ཡོད། བྱིས་པའི་དཀའ་ངལ་ཚོགས་འདུ་ཚོགས་པ་དང་ཐག་རིང་ནས་བསྡད་དེ་འགྲེལ་བཤད་རྒྱག་པ་སོགས་ཀྱིས་སེལ་ཐུབ་ཀྱི་མེད། མི་སྒེར་སོ་སོ་དང་ཚོགས་པ་ཆུང་ཆུང་ནས་མགོ་བཙུགས་ཏེ་ཉིན་རེའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། ཅེས་གསུངས་འདུག 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤

མཆན། 2

  1. ཤིང་ལོ། says:
    ལོ་ 12 སྔོན།

    དེ་རིང་ང་བྱིས་པ་མགོན་མེད་སྐྱབས་མེད་ཚོའི་འབོད་སྒྲ་དང་རྨི་ལམ་བཤད་དུ་ཡོང་བ་ཡིན། ངས་བྱིས་པ་ཚོར་རང་དབང་འཐོབ་པར་བྱས་ཏེ་ཁོང་ཚོ་རང་དབང་ངང་འཚར་ལོངས་བྱེད་པ་དང་ཟ་མ་ཟ་བ། གཉིད་ཉལ་པ་དང་རྩེད་མོ་རྩེ་བ། སློབ་གྲྭར་འགྲོ་བ། ཐ་ན་དགོད་པ་དང་ངུ་བའང་རང་དབང་གིས་བྱེད་ཆོག་པའི་ཐོབ་ཐང་དེ་ངའི་མི་ཚེའི་དམིགས་ཡུལ་དང་རེ་སྙེགས་གཙོ་བོ་དེ་ཡིན། འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་བྱིས་པར་བྱམས་བརྩེ་ཡིས་སྐྱོང་དགོས་པ་གསུང་གི་ཡོད། དཔེར་ན། ཡེ་ཤུ་སྟོན་པས་བྱིས་པ་ཚོ་ནི་ལྷ་ཡུལ་གྱི་ཡིན་སྟབས་ཁོང་ཚོ་ངའི་འཁྲིས་སུ་ཡོང་བར་བཀག་འགོག་མ་བྱེད!

    Reply
  2. ཐུབ་བསྟན། says:
    ལོ་ 12 སྔོན།

    གསར་འགྱུར་འདི་ཡིད་འགུལ་ཐེབས་པ་ཞིག་རེད། གསར་འགོད་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁོང་རྣམས་གཉིས་ཀྱི་གསུང་བཤད་ད་དུང་རིང་ཙམ་ཡོད་ན་ཅི་མ་རུང་བསམ་པ་ཞིག་འདུག ཁ་སང་དེ་རིང་ཁོང་གཉིས་གསུང་བཤད་དེ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཆེ་ཤོས་ཆགས་འདུག གཏིང་ཟབ་ཅིང་རྒྱ་ཆེ་བའི་གནད་འགག་མང་པོ་ཞིག་གསུངས་འདུག མ་འོངས་པར་ཁོང་རྣམས་གཉིས་ཀྱི་གསུངས་བཤད་ཚང་མ་བོད་ཡིག་ཐོག་ཕབ་བསྒྱུར་བྱེད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese