མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེབ་འདི་བོད་ཀྱི་རང་སྐྱོང་ལམ་ཡིག་ཡིན་དགོས་ཀྱི་རེད་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་ཚེ་རིང་ལགས་ཀྱིས་རྒྱའི་བཙོན་འོག་གི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་དེབ་ནང་ཁྲིམས་ཟེར་བ་དེ་མི་མང་གི་ཁེ་ཕན་དང་རང་དབང་། འདྲ་མཉམ་བཅས་སྲུང་སྐྱོབ་བྱེད་ཐུབ་མཁན་དེར་ཁྲིམས་མཐུན་གྱི་ཁྲིམས་དང་དེ་ཚོ་སྲུང་སྐྱོབ་མ་བྱས་པའམ་བྱེད་མ་ཐུབ་མཁན་ཞིག་ཡིན་ཚེ་ནུས་མེད་ཀྱི་ཁྲིམས་དང་། བཙན་དབང་དང་སྡུག་གཅོང་གི་ཁྲིམས་ཤིག་ཡིན་ཚེ་ཁྲིམས་མཐུན་མིན་པའི་ཁྲིམས་ཡིན་ཞེས་སོགས་ཁ་གསལ་འགྲེལ་བརྗོད་བྱས་འདུག་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་དྷ་ས་མེག་གྷན་བདེ་དོན་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་གོ་སྒྲིག་འོག བཀག་སྡོམ་འོག་རྩོམ་འབྲིའི་ལམ་ནས་བདེན་དོན་གླེང་མཁན་བོད་ཀྱི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་༼བསྟུན་རྒོལ་ཁྲིམས་གཏུགས་༽སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་དང་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་བཅས་ཀྱིས་གཏམ་བཤད་གནང་སོང་། 

བགྲོ་གླེང་གི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བགྲོ་གླེང་ཚོགས་དགོས་དོན་ཐད་བརྗོད་དོན། ༢༠༠༨ ལོ་ནས་བཟུང་བོད་ནང་གི་རྩོམ་པ་པོ་མང་དག་ཅིག་གིས་རྒྱ་གཞུང་གིས་སོ་སོའི་ཚེ་སྲོག་ལ་འཇིགས་སྐུལ་དང་ཉེན་ཁ་བཟོ་མིན་ལ་མ་ལྟོས་པར་སྲོག་ཡན་ཆད་བློས་གཏོང་བྱས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་དང་དཀའ་ངལ་གསལ་སྟོན་བྱས་པའི་རྩོམ་ཡིག་མང་པོ་བྲིས་ཏེ་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་དངོས་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ཕྱི་ཕྱོགས་སུ་ཡང་རྩོམ་ཡིག་དང་དེབ་དེ་དག་གི་ནང་དོན་དག་ཕྱི་བསྒྲགས་བྱས་ཡོད་སྟབས། ད་ཆ་ཁོ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། ད་རེབ་སྤྱིར་བཏང་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་དེབ་སྐོར་ལ་བགྲོ་གླེང་གནང་གི་ཡོད་ཀྱང་། ད་ལྟ་བོད་ནང་གི་རྩོམ་པ་པོ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། མང་པོ་ཞིག་བཙོན་ཁང་ནང་ལྷག་བསྡད་ཡོད་པ་དང་། ད་དུང་མང་པོ་ཞིག་བཀག་ཉར་ཁང་མནར་གཅོད་དང་མྱོང་བཞིན་ཡོད་སྟབས། ང་ཚོས་ཁོ་ཚོའི་རླབས་ཆེན་བྱ་གཞག་དང་། སྐད་ཆ་ག་རེ་ཤོད་ཀྱི་ཡོད་མེད། བསམ་བློའི་འཁྱེར་ཕྱོགས་གང་འདྲ་ཡོད་མེད་ཡག་པོ་རྟོགས་ཆེད་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད། ཅེས་སོགས་བརྗོད་སོང་།

ཐེངས་འདིའི་བགྲོ་གླེང་གི་གཙོ་སྐྱོང་བ་ཤེས་རབ་འོད་ཟེར་ལགས་ཀྱིས་བོད་ནང་གི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ཁོང་གིས་བརྩམས་པའི་ ༼བསྟུན་རྒོལ་དང་ཁྲིམས་གཏུགས་༽ནང་གི་བརྗོད་དོན། “ཁྱོད་ཚོར་བདག་གི་དེབ་ཀྱི་ཁ་བྱང་འདི་ལ་དགོངས་ཚུལ་འདྲ་མིན་འབྱུང་སྲིད། འདི་ཡི་འགྲེལ་བཤད་ཕྲན་ཙམ་འོག་སྐོར་དུའང་འབྱུང་། སྤྱིར་གཞི་ལམ་གྱི་དགོངས་དོན་ལ་ནི་འཚེ་མེད་བསྟུན་མེད་ཅེས་སུ་གྲགས་ཀྱིན་ཡོད་པ་རེད། ཁོ་བོས་མི་བསྟུན་པ་ཞེས་པའི་ཚིག་གི་ལྡོག་ཟླ་སྟེ་བསྟུན་ཞེས་པའི་ཞིག་འདི་སྤྱོད་དོན་ནི་གཉིས་ཡོད་དེ། གཅིག་ནི་གཞུང་གིས་ང་ཚོའི་དམིགས་ཡུལ་དང་བྱ་ལས་ཡོད་ཚད་ཁྲིམས་ལ་མི་བསྟུན་པ་ཞིག་ཏུ་སྒྲོག་གིན་ཡོད་པས། འདིར་དེ་ལྟར་མིན་པར་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་ལ་བསྟུན་གྱིན་ཡོད་པའི་ཚུལ་ཤེས་བྱེད་དུ་ཡིན་ལ། གཉིས་པ་ནི་ཁྲིམས་ལ་དེ་ཙམ་ཆ་རྒྱུས་མེད་ཅིང་མི་ལོ་མང་པོའི་རེ་སྡུག་ཁོག་ཏུ་སོན་དཀའ་བའི་བོད་ཀྱི་མི་སེར་འགས་ཀྱང་། རྩ་ཁྲིམས་ཀྱི་དགོངས་དོན་ཀྱང་སྲུང་མི་དགོས་པ་ཞིག་ལ་ནོར་སོ་ཆེ་ན། དེ་ལྟར་མིན་པར་ང་ཚོའི་བརྩད་བྱ་དང་རྩོད་སྟངས་ཡོངས་རྫོགས་ཁྲིམས་མཐུན་དགོས་པ་ནི་འཚེ་མེད་ཞི་ལམ་གྱི་རྩ་གནད་ཡིན་པར་གོ་བའི་ཆེད་དུའང་ཡིན། འཚེ་མེད་བསྟུན་མེད་ཅེས་པའམ་ཁྲིམས་མེད་ལུགས་མེད་ཀྱི་གཏུམ་སྤྱོད་ལ་མི་བསྟུན་ པའི་དོན་ཡིན་གྱི། ཁྲིམས་ལ་ནི་ཀུན་ནས་བསྟུན་དགོས་པའི་ཚུལ་མ་ཧ་གྷན་དྷི་དང་། མར་ཐིན་ལུ་ཐིར་ཁེན་སོགས་ཀྱི་གསུང་གི་སྒྲུབ་བྱེད་དང་བཅས་འོག་ཏུ་འབྱུང་ངོ་།།”ཞེས་སོགས་སྒྲོགས་སྦྱང་བྱས་སོང་།

དེའི་རྗེས་ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་ཀྱིས་ ༼བོད་ནང་ད་ལྟའི་ཆབ་སྲིད་གནས་བབ་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་རྒྱུ།༽ ཞེས་པའི་བརྗོད་གཞིའི་ཐོག་བརྗོད་དོན། ངས་ཐོག་མར་བསྟུན་རྒོལ་ཟེར་བ་འདི་ག་རེ་མིན་འགྲོ་བསམ་བྱུང་ཡང་། དེབ་དེ་རིམ་པས་ཀློག་སྐབས་དེའི་ནང་འགྲེལ་བཤད་མང་པོ་ཞིག་འདུག དཔེར་ན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་བསྟུན་དགོས། རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་བསྟུན་ནས་ཁོ་ཚོའི་ཁྲིམས་དང་བྱེད་སྟངས་དག་རྩ་ཁྲིམས་དང་འགལ་བ་ཡིན་ན་དེ་ཚོར་ངོ་རྒོལ་བྱེད་དགོས། ང་ཚོས་རྒྱ་ནག་གཞུང་གིས་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་སྐོར་ལ་དྲིལ་བསྒྲགས་བྱེད་སྐབས་ནམ་རྒྱུན་འདྲ་ཆགས་པོ་བཤད་པ་དག་ལ་གཞི་བཞག་སྟེ། ཁོ་ཚོའི་བྱེད་སྟངས་དེར་ངོ་རྒོལ་བྱེད་དགོས་ཞེས་བརྗོད་ཡོད་པ་མ་ཟད། ཁོང་གིས་དེབ་ནང་ཁྲིམས་ལ་བསྟུན་དགོས་ཞེས་པའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་ལ་བསྟུན་དགོས་པ་མ་ཟད། རྒྱ་ནག་གཞུང་གི་རྩ་ཁྲིམས་ལའང་བསྟུན་དགོས་རེད་ཅེས་བཀོད་འདུག ཅེས་དང་།

ཁོང་གིས་མུ་མཐུད་དུ་དྷི་ལྷ་ལྡན་ལགས་ཀྱི་དེབ་ཀྱི་ནང་དོན་བརྗོད་དོན། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བསྟུན་དགོས་ཟེར་སྐབས་ཁྲིམས་ཀྱི་སྐོར་ལ་འགྲེལ་བཤད་མང་པོ་ཞིག་བརྒྱབ་འདུག སྤྱིར་བཏང་ང་ཚོས་ཁྲིམས་མཐུན་གྱི་ཁྲིམས་གང་ཡིན་སྐོར་ལ་ཤེས་ཀྱི་ཡོད་ཀྱང་། དེབ་དེའི་ནང་འགྲེལ་བཤད་བྱས་པར་གཞིགས་ན་ནང་པས་མང་པོས་བཀུར་བའི་རྒྱལ་པོར་བསྐོས་ནས་རྒྱལ་པོས་མི་མང་གི་འགྲོ་སྟངས་དང་འདོད་པར་མཐུན་པར་བཟོས་པའི་ཁྲིམས་ ལ་ཁྲིམས་མཐུན་གྱི་ཁྲིམས་དང་། ཡང་ཁ་ཤས་ཤིག་དབང་སྤྱོད་པ་སོ་སོའི་འདོད་པ་རང་བྱས་ནས་བཟོས་པའི་ཁྲིམས་ལ་ཁྲིམས་མཐུན་མིན་པའི་ཁྲིམས་ཞེས་བཀོད་ཡོད་པ་མ་ཟད། ཁྲིམས་ཟེར་བ་དེ་མི་མང་གི་ཁེ་ཕན་དང་རང་དབང་། འདྲ་མཉམ་བཅས་སྲུང་སྐྱོབ་བྱེད་ཐུབ་མཁན་དེར་ཁྲིམས་མཐུན་གྱི་ཁྲིམས་དང་དེ་ཚོ་སྲུང་སྐྱོབ་མ་བྱས་པའམ་བྱེད་མ་ཐུབ་མཁན་ཞིག་ཡིན་ཚེ་ནུས་མེད་ཀྱི་ཁྲིམས་དང་། བཙན་དབང་དང་སྡུག་གཅོང་གི་ཁྲིམས་ཤིག་ཡིན་ཚེ་ཁྲིམས་མཐུན་མིན་པའི་ཁྲིམས་ཡིན་ཞེས་སོགས་ཁ་གསལ་འགྲེལ་བརྗོད་བྱས་ཡོད་སྟབས། ངའི་ཚོར་བའི་ནང་ཁྲིམས་མཐུན་དང་ཁྲིམས་མཐུན་མིན་པའི་ཁྲིམས་ཞེས་དཀར་ནག་གཉིས་ཀྱི་ཁྲིམས་ཀྱི་དབྱེ་བ་མ་གཏོགས་མེད་ཀྱང་། ཁོང་གི་དེབ་ནང་ནུས་པ་མེད་པའི་ཁྲིམས་ཞེས་གསལ་སྟོན་བྱས་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་མི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་ཕྱོགས་ཐད་ཞིབ་ཚགས་པོ་བཤད་ཡོད་ཀྱང་། རྩ་ཁྲིམས་ནང་བཀོད་པ་ལྟར་ལག་བསྟར་ཡག་པོ་བྱེད་ཀྱི་མེད་སྟབས། རྒྱ་ནག་གི་ཁྲིམས་དེ་ནུས་མེད་ཀྱི་ཁྲིམས་ཆགས་ཡོད་པར་བརྟེན། ང་ཚོས་བསྟུན་མི་དགོས་པ་ངོ་རྒོལ་བྱེད་དགོས་ཞེས་བཀོད་ཡོད་པ་མ་ཟད། ཁོང་གི་དེབ་ནང་ངས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཕྱིན་ན་རྗེས་སུ་ཡི་རངས་དང་། རྒྱབ་སྐྱོར་ཞུ་རྒྱུ་མ་གཏོགས་དེར་ཁོང་ཁྲོ་ཟ་དགོས་དོན་མེད་ཀྱང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ཁྲིམས་ལ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་པ་མ་ཟད། ད་དུང་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སོགས། རྒྱུ་མཚན་གང་ལ་བརྟེན་ནས་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་བྱུང་རབས་དང་བཅས་པ་གསལ་བཤད་བྱས་ཡོད་སྟབས། ང་ཚོས་ཁོང་གི་དེབ་དེ་གོ་བ་མ་འཛོལ་བར་བཀླག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་ ༼ཉེ་རབས་བོད་ནང་གི་རྩོམ་པ་པོའི་བསམ་བློའི་འཕེལ་རིམ་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་རྒྱུ༽ཞེས་པའི་བརྗོད་གཞིའི་ཐོག་བརྗོད་དོན། ༢༠༠༨ ལོའི་བོད་ནང་གི་དོན་རྐྱེན་ལ་གནས་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། གནས་ཚུལ་དེའི་བྱུང་རྐྱེན་དང་ངོ་བོ། ཤུགས་རྐྱེན་དང་དམིགས་ཡུལ་གང་ཡིན་སྐོར་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་མཚོན་པའི་ཕྱི་ཕྱོགས་མི་སྣ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣའི་བསམ་བློ་གཏོང་ཕྱོགས་རྦད་དེ་འགལ་བ་ཆགས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱིས་དོན་རྐྱེན་དེས་འབྱུང་རྩ་རྒྱ་གཞུང་གི་སྲིད་ཇུས་ནོར་འཁྲུལ་ཅན་ཡིན་པ་དང་ངོ་བོ་འཚེ་བ་མེད་པ་ཡིན་པ། དམིགས་ཡུལ་རྒྱ་ནག་གཞུང་གི་ལམ་ལུགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། ཤུགས་རྐྱེན་བོད་ནང་གི་ཐོབ་ཐང་དང་དམངས་གཙོ། རང་དབང་བཅས་ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཤོད་ཀྱི་ཡོད་ཀྱང་། རྒྱ་ནག་ནང་ལོགས་ནས་དེའི་བྱུང་རྐྱེན་ཕྱི་ཕྱོགས་ནས་བརྒྱུད་སྐུལ་ཡིན་པ་དང་། དམིགས་ཡུལ་དེ་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་དང་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ། ངོ་བོ་དྲག་སྤྱོད་ཡིན་པ་བཅས་ཕྱོགས་གཉིས་ཀྱི་ལྟ་ཚུལ་ལ་འགལ་བ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། ཐ་ན་ཚིག་རྩོད་བརྒྱབ་པ་དང་འབྲེལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕྱོགས་གཉིས་ཀྱི་ལངས་ཕྱོགས་འདི་ཤུགས་ཆེན་པོ་ཡོང་སྐབས། ༢༠༠༨ ནས་བཟུང་ད་བར་གནད་དོན་དེར་བདེན་དབང་བྱེད་མཁན་རྒྱ་མི་རིགས་ཀྱི་རྩོམ་པ་པོས་རྩོམ་ཡིག་ ༢༠༠༠ ལྷག་ཙམ་ཞིག་སྤེལ་ཡོད་པ་མ་ཟད། བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་གིས་དོན་རྐྱེན་དེའི་བདེན་དཔང་དུ་ཐོན་ཡོད། དེའི་སྐབས་ཀྱི་བདེན་དཔང་གི་མཚོན་དོན་ནི་དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ།༽དང་། ཞོགས་དུང་གིས་བརྩམས་པའི་ ༼གནམ་ས་སྒོ་འབྱེད༽། ཐེའུ་རང་གི་ ༼ཁྲག་ཡིག༽བཅས་ཐོན་ཡོད་པ་མ་ཟད། དེ་ཡང་མི་གཅིག་གཉིས་ཤིག་ཐོན་པ་ཙམ་མིན་པར་ལྷག་པར་དུ་བོད་ཀྱི་ཤེས་ཡོན་ཅན་གྱི་དཔུང་སྡེ་ཞིག་ཐོན་པ་རེད། ༢༠༠༨ ལོའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་བོད་མི་རིགས་ན་གཞོན་ཤེས་ཡོན་ཅན་ཚོའི་བསམ་བློའི་སྡིངས་ཆ་ཡིན་པའི་ ༼ཤར་དུང་རི༽ཡི་བརྗོད་དོན་ཧྲིལ་པོ་ ༢༠༠༨ ལོའི་དོན་རྐྱེན་གྱི་སྐོར་ཡིན་པ་མ་ཟད། དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་ ༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ༽ཡང་བརྒྱུད་ལམ་དང་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ནས་བྲིས་པ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

ཁོང་གིས་དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་ ༼ ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ།༽ དང་ ༼བསྟུན་རྒོལ་ཁྲིམས་གཏུགས༽སྐོར་ལ་བརྗོད་དོན། ༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ༽ ཞེས་པའི་ནང་། ༢༠༠༨ ལོའི་དོན་རྐྱེན་གྱི་བྱུང་རྐྱེན་དང་། ངོ་བོ། དམིགས་ཡུལ། ཤུགས་རྐྱེན་གང་ཡིན་པ་སོགས་ཕྱི་ཕྱོགས་དང་རྒྱ་ནག་གཞུང་གི་གླེང་ཕྱོགས་ཡོང་ སྐབས། ཁོང་གིས་མི་མང་དཀྱུས་མ་དང་རྩོམ་པ་པོ་ཚོར་བདེན་དཔང་བྱས་ནས་བོད་ནང་གི་ད་ལྟའི་དཀའ་ངལ་དང་བྱུང་རྐྱེན་གང་ཡིན་གསལ་སྟོན་བྱས་ནས་བྲིས་པ་ཞིག་ཆགས་ཡོད། ༼བསྟུན་རྒོལ་ཁྲིམས་གཏུགས༽ཞེས་པར་ཁྱད་ཆོས་མང་པོ་ཞིག་འདུག ཁོང་གིས་ང་ཚོར་དཀའ་ངལ་འདུག དཀའ་ངལ་དེ་རྒྱ་ནག་གཞུང་གིས་བཟོས་པ་རེད་ཟེར་བ་ཙམ་མིན་པར། ང་ཚོའི་དཀའ་ངལ་དེ་གང་འདྲ་བྱས་ནས་སེལ་དགོས་པ་རེད་ཅེས་གཙོ་བོ་ཐབས་ལམ་ཐོག་ལ་བཤད་ཡོད་པ་མ་ཟད། མ་འོངས་པར་ཐབས་ལམ་གྱི་ཚད་གཞི་གང་འདྲ་ཞིག་ལ་འཇོག་དགོས་མིན་སྐོར་ལ་བྲིས་འདུག་ཀྱང་། དང་པོ། ང་ཚོས་༼བསྟུན་རྒོལ་ཁྲིམས་གཏུགས༽ཞེས་པ་འདི་རིན་པོ་ཆེ་དང་སྙན་ཞུ་ཞིག་མིན་ཡང་ཐབས་ཇུས་ཤིག་རེད། ཐབས་ཇུས་དེ་ཡང་སྲིད་གཞུང་གི་ཐབས་ཇུས་ཤིག་མ་རེད། མི་མང་དང་སྤྱི་ཚོགས། མི་རེ་ངོ་རེས་རང་དབང་དང་ཐོབ་ཐང་། དམངས་གཙོ། འདྲ་མཉམ་རྩོད་རྒྱུར་མི་རིགས་དང་སྤྱི་ཚོགས་ཧྲིལ་པོས་ལམ་ཀ་གང་འདྲ་ཞིག་ཐོག་བསྐྱོད་དགོས་མིན་གྱི་ཐབས་ཇུས་རང་བཞིན་ཀྱི་སྐད་ཆ་ཞིག་རེད། གཉིས་པ། ཁོང་གི་རྩོམ་གྱི་ཁྱད་ཆོས་གལ་ཆེན་ཞིག་ག་རེ་རེད་ཅེས་ན། བཙན་བྱོལ་དང་བོད་ནང་། རྒྱལ་སྤྱིའི་གནས་ཚུལ། ཆབ་སྲིད་གནད་དོན་སོགས་ཚུད་པའི་བརྗོད་བྱ་ཧ་ཅང་གི་རྒྱ་ཆེན་པོ་ཡོད་པ་མ་ཟད། ལྷག་པར་དུ་ང་ཚོས་མི་རིགས་ཀྱི་བདེན་དོན་རྩོད་དགོས་ཀྱི་འདུག་ཅེས་བརྗོད་པ་མ་ཙམ་མིན་པར། མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དམངས་གཙོ་དང་རང་དབང་། ཐོབ་ཐང་བཅས་གལ་ཆེན་པ་ཡིན་པ་མ་ཟད། ང་ཚོའི་འཐབ་རྩོད་དེ་ཡང་གང་འདྲ་ཞིག་ཐོག་ཕྱོགས་དགོས་མིན་སོགས་ཀྱི་ཐབས་ལམ་གསལ་སྟོན་བྱས་ཡོད། ཅེས་བརྗོད་སོང་། 

ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་དང་འབྲེལ་བའི་ཐོག་བརྗོད་དོན། དབུ་མའི་ལམ་གྱི་སྲིད་ཇུས་དེ་༧གོང་ས་མཆོག་གིས་ཐེངས་དང་པོར་སི་ཌ་སེ་བྷག་གི་གྲོས་འཆར་དང་། བཙན་བྱོལ་སྒྲིག་འཛུགས་ངོས་ནས་གཏན་འབེབས་བྱས་པའི་ཡིག་ཆ་ལའང་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽ཞེས་གྲོས་བསྡུར་དང་འབྲེལ་བ་བྱ་རྒྱུའི་ཡིག་ཆ་དང་། མ་འོངས་པར་སྲིད་གཞུང་དང་འབྲེལ་ཡོད་མིས་གྲོས་བསྡུར་བྱ་རྒྱུའི་ལམ་ཀ་ཞིག་ཡོད་པ་མ་གཏོགས། མི་རིགས་དང་མི་མང་ཞིག་གིས་འཐབ་རྩོད་བྱེད་སྟངས་ཀྱི་ལམ་ཀ་མེད་སྟབས། ང་ཚོས་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ནས་འདིར་གང་འདྲ་ཞིག་ལྟ་དགོས་རེད་ལབ་ན། ང་རང་གིས་ལྟ་ཚུལ་བྱས་ན་ད་བར་ང་ཚོར་འཐབ་རྩོད་བྱེད་སྟངས་ཐོག་༧གོང་ས་མཆོག་གི་དགོངས་འཆར་དང་། བཀའ་ཤག་གི་གྲོས་འཆར་ཡོད་ཀྱང་། ང་ཚོར་དགོངས་འཆར་དང་བསམ་འཆར་དག་སྲིད་ཇུས་ཀྱི་རིམ་པ་ཞིག་གི་ཐོག་ནས་མ་ཡིན་པར། མི་མང་དང་བོད་མི་རིགས་ཧྲིལ་པོས་ང་ཚོའི་རྩ་དོན་དེ་གཞིར་བཟུང་ནས་འཐབ་རྩོད་བྱེད་སྟངས་ཀྱི་ལམ་ཡིག་དང་ལག་ལེན་འཁྱོལ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་སོགས་མེད་སྟབས། ༢༠༠༨ ལོའི་རྗེས་ཝང་ལི་ཞུང་གིས་༼བོད་ཀྱི་རང་བཙན་གྱི་ལམ་ཡིག༽ཅེས་པ་ཞིག་བྲིས་ཡོད་ཀྱང་། དེ་གང་འདྲ་ཞིག་བྲིས་ཡོད་དམ་ཞེ་ན། བོད་ལ་རང་བཙན་ཐོབ་སྲིད་པའི་ཉེན་ཁའི་བསམ་བློ་གཞིར་བཞག་བྱས་ནས་བྲིས་པ་ཞིག་ཆགས་ཡོད་སྟབས། ངས་དྷི་ལྷ་ལྡན་གྱིས་བརྩམས་པའི་ ༼བསྟུན་རྒོལ་ཁྲིམས་གཏུགས༽ ཞེས་པ་འདི་བོད་ཀྱི་རང་སྐྱོང་ལམ་ཡིག་འདི་ཡིན་དགོས་པ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་། 

མཇུག་ཏུ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་ ༼ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་རྒྱུ།༽ཞེས་པའི་བརྗོད་གཞིའི་ཐོག་བརྗོད་དོན། དྷི་ལྷ་ལྡན་ལགས་ཀྱིས་ ༼བསྟུན་རྒོལ་ཁྲིམས་གཏུགས།༽ ནང་ང་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་ཁྲིམས་དང་ཐོབ་ཐང་། རང་དབང་མ་ཐོབ་པ་དག་ལ་གླེང་སློང་བྱེད་དགོས་པ་མ་ཟད། ཁྲིམས་བཤད་པ་ཙམ་མིན་པར་ང་ཚོས་ངོ་རྒོལ་བྱེད་དགོས་པ་གསལ་སྟོན་བྱས་འདུག ཁོང་གིས་གྷེར་སི་ཡི་ལྟ་གྲུབ་སྨྲ་བ་སཱོ་ཁར་ཋི་དང་། རྒྱ་གར་གྱི་བདག་ཉིད་ཆེན་མོ་གྷན་དྷི་མཆོག ཨ་རིའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མར་ཌིན་ལུ་ཋར་ཁཱིན་བཅས་ཀྱི་དཔེ་མཚོན་བཞག་ནས་འགྲེལ་བརྗོད་བྱས་འདུག རྣམ་པ་ཚོས་སཱོ་ཁར་ཋི་ཡི་ལོ་རྒྱུས་བལྟས་པ་ཡིན་ན། ཁོང་གིས་གྷེར་སི་ཡི་དམངས་གཙོ་རྩོད་ཆེད་ཁྲིམས་བརྩད་ནས་རྒྱལ་ཁ་བླངས་ཡོད་ཀྱང་། དབང་ཆེན་མིས་ཁོང་བཙོན་འཇུག་དང་འབྲེལ་དུག་འཐུང་བཅུག་སྟེ་བསད་ཡོད་པ་མ་ཟད། གྷན་དྷི་དང་མར་ཌིན་ལུ་ཋར་ཁཱིན་རྣམ་གཉིས་ཀྱིས་དྲང་བདེན་དང་བདེན་དོན་རྩོད་གནང་ཡོད་ཀྱང་། མཐའ་མ་ཁོང་རྣམ་གཉིས་སྲོག་ཐོག་ཕྱིན་ཡོད་སྟབས། ཁོང་གིས་ང་ཚོས་ཁྲིམས་ཐོག་ནས་སོ་སོའི་རང་དབང་དང་ཐོབ་ཐང་རྩོད་དགོས་ཀྱང་། ཉེན་ཁ་དེ་ང་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་ལྟར། ཁོང་གིས་རྒྱ་གཞུང་གི་འཇིགས་སྣང་དང་ཉེན་ཁར་མ་འཛེམས་པར་དེབ་འདི་འདྲ་བྲིས་ཡོད། ཅེས་སོགས་བརྗོད་སོང་།

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་ཆོས་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་གྲུབ་ཡིན་ཞིང་། ༡༩༨༠ ལོར་ཨ་མདོ་མགོ་ལོག་པདྨ་རྫོང་ནས་སྐྱེས་ཤིང་། ཆུང་དུས་ནས་ཆོས་སྒོར་བཞུགས་ནས་གསེར་རྟ་དང་བོད་ནང་གི་གདན་ས་སེ་འབྲས་དགའ་གསུམ་དུ་ནང་ཆོས་སློབ་གཉེར་གནང་ཡོད་པ་དང་། ༢༠༠༨ ལོར་ཁོང་གིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་རྩོམ་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ།>> ཞེས་པ་དེ། ༢༠༡༢ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པར་འགྲེམས་བྱས་ཡོད་ཅིང་། ད་ལྟའི་ཆར་ཁོང་རྒྱ་གཞུང་གི་སུན་གཙེར་ལྟ་རྟོག་འོག་བྲོས་ཡིབ་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese