མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་རིའི་འདབས་ཀྱི་སྣང་གསལ་སྒྲོན་མེ་ཞུ་འོས་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་དུ་ཉེ་ལམ་སྐུ་གཤེགས་པའི་བཀྲ་ཤིས་ཚེ་རིང་ལགས་སུ་རྗེས་དྲན་གྱི་བགྲོ་གླེང་ཚོགས་པའི་སྟེང་། ཁོང་གི་མི་ཚེའི་ལོ་རྒྱུས་དང་བོད་ནང་གི་ཤེས་ཡོན་སློབ་གསོའི་ཐོག་བྱས་རྗེས་བཞག་པ། དེ་བཞིན་ཁོང་གིས་རྩོམ་སྒྲིག་གནང་བའི་ཚིག་མཛོད་བཅས་ཀྱི་ཐོག་བགྲོ་གླེང་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དང་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག མཁས་དབང་བཀྲ་ཤིས་ཚེ་རིང་ལགས་རྗེས་དྲན་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཤེས་རིག་ལས་ཁུངས་བརྡ་ཆད་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཀརྨ་སྨོན་ལམ་ལགས། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཟུར་པ་བསོད་ནམས་རྡོ་རྗེ་ལགས། གཞན་ཡང་། བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཁག་ཅིག་དང་། བོད་ཀྱི་རྩོམ་པ་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ། ཚོགས་པ་ཁག་གི་མི་སྣ་བཅས་འཛོམས་སོང་།  

བགྲོ་གླེང་གི་ཐོག་མར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་གྱིས་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་གནང་རྗེས། བསོད་ནམས་རྡོ་རྗེ་ལགས་ཀྱིས་བཀྲ་ཤིས་ཚེ་རིང་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་སྐབས། ཁོང་དང་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་གཉིས་གྲོང་པ་གཅིག་པ་དང་། ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་སློབ་སྦྱོང་གནང་སྐབས། བཀྲ་ཤིས་ཚེ་རིང་ལགས་ཀྱིས་སློབ་ཆེན་དེར་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་པ་དང་། ཁོང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ལྷག་པར་དུ་དབྱིན་ཡིག་མཁས་པ་ཡིན་སྟབས། མི་ཚང་མས་ཁོང་ལ་དཔལ་འབྱོར་ཡག་པོ་ཡོད་པ་རེད་བསམ་གྱི་ཡོད་ཀྱང་། ཁོང་གི་སྐུ་ཟླ་ཨ་ཅག་སངས་རྒྱས་ལགས་ཀྱིས་ལྷ་སའི་ནང་ཆང་བཙོང་སྟེ་ཡོང་སྒོ་འཚོལ་གྱིན་ཡོད་པས་མི་རྣམས་ལ་མཐོང་སྣང་མི་ལེགས་པ་ཡོང་ཡོད་ཀྱང་། ཕྱིས་སུ་ཁོང་གིས་བརྩམས་པའི་༼ཕ་ཡུལ་གྱི་ཕན་བདེའི་ཆེད་དུ༽ཞེས་པའི་དཔེ་དེབ་འགྲེམས་སྤེལ་གནང་རྗེས། ཁོང་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་ཁོང་གི་སྐུ་ཟླས་ཆང་བཙོང་བའི་དངུལ་རྣམས་ཀྱང་བོད་ཀྱི་ཤེས་ཡོན་སློབ་གསོའི་ཆེད་གཏོང་གི་ཡོད་པའི་གནས་ཚུལ་ར་འཕྲོད་བྱུང་ཡོད། བཀྲ་ཤིས་ཚེ་རིང་ལགས་ཀྱིས་བརྩམས་པའི་༼ཕ་ཡུལ་གྱི་ཕན་བདེའི་ཆེད་དུ༽ཞེས་པའི་དེབ་དེ། རྒྱ་ནག་བོད་རིག་པ་ཞིབ་འཇུག་ཁང་དང་ཧོང་ཀོང་ནས་རྒྱ་ཡིག་ཐོག་པར་སྐྲུན་བྱས་ཡོད་ཀྱང་། རྒྱ་ནག་གིས་པར་སྐྲུན་བྱས་པ་དེའི་ནང་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དང་། རིག་གནས་གསར་བརྗེ་སྐབས་ཀྱི་གནས་སྟངས་དང་བཙོན་ཁང་གི་དཀའ་སྡུག་སོགས་ཀྱི་གནས་ཚུལ་རྣམས་མེད་པ་བཟོས་ཡོད་པ་དང་། དེ་བཞིན། ཁོང་གིས་ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་གྲངས་ཉུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི་མི་རིགས་ས་གནས་རང་སྐྱོང་སྐོར་གྱི་སྙན་ཞུ་དོན་ཚན་ ༡༩ ཅན་དེ་ལའང་རྒྱ་གཞུང་གིས་བཅད་གཏུབ་དང་བཟོ་བཅོས་མང་པོ་བྱས་ཡོད་སྐོར་སོགས་བརྗོད་སོང་།

ཀརྨ་སྨོན་ལམ་ལགས་ཀྱིས་བཀྲ་ཤིས་ཚེ་རིང་ལགས་ཀྱི་ཚིག་མཛོད་རྩོམ་སྒྲིག་དང་སྐད་ཡིག་གི་མཛད་རྗེས་སྐོར་བརྗོད་སྐབས། བཀྲ་ཤིས་ཚེ་རིང་ལགས་ཀྱི་ཚིག་མཛོད་དང་པོ་ཐོན་པ་དེས་བྱ་བ་རླབས་པོ་ཆེ་ཞིག་བྱུང་ཡོད་པ་རེད། གང་ཡིན་ཟེར་ན། སྐབས་དེ་དུས་བོད་ནང་དུ་དབྱིན་ཡིག་ཤེས་མཁན་ཉུང་ཉུང་ཞེ་དྲག་རེད། རྒྱ་ནག་དང་བོད་ནང་དུ་སྐབས་དེར་དེང་སང་ལྟར་དབྱིན་ཡིག་ལ་སྤྲོ་སྣང་འཕེལ་མེད་པ་དང་། ཕྱི་ལོགས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་ཤེས་ཀྱི་མེད་སྟབས། སྐབས་དེར་བོད་ནང་དོ་སྣང་བྱུང་མེད་ཀྱང་། ལོ་འགའི་རྗེས་སུ་གཞི་ནས་དབྱིན་ཡིག་ལ་སྤྲོ་སྣང་འཕེལ་ཏེ་ཕྱི་ལོགས་ཀྱི་གནས་ཚུལ་ལ་ཏོག་ཙམ་མིག་ཕྱེ་སྐབས། སློབ་སྦྱོང་བྱེད་མཁན་དང་ཕྱག་ལས་གནང་མཁན་ཚོས་ཚིག་མཛོད་དེ་བེད་སྤྱོད་

གཏོང་གི་ཡོད་པ་དཔོག་ཐུབ་པ་ཞིག་རེད། ཡིན་ནའང་། སྐུ་ཞབས་གདོང་ཐོག་གི་ཚིག་མཛོད་དང་བཀྲ་ཤིས་ཚེ་རིང་གི་ཚིག་མཛོད་སོགས་ཀྱི་ནང་དཀའ་ངལ་ཏོག་ཙམ་ཡོད་པ་དེ་གཅིག་གྱུར་རེད། དེ་ག་རེ་རེད་ཟེར་ན། བཀྲ་ཤིས་ཚེ་རིང་གིས་བོད་ཡིག་དང་རྒྱ་ཡིག་བྱས་ནས་སྐབས་ཐོག་གི་ཚིག་མ་འདྲ་བ་མ་འདྲ་བ་དུམ་བུ་བྱས་ནས་ཡོད་སྟབས། དབྱིན་ཡིག་ཞེ་དྲག་མི་ཤེས་མཁན་དང་བོད་ཡིག་ཚད་མཐོ་མེད་མཁན་ཚོར་ཏོག་ཙམ་ལྟ་བདེ་བོ་ཡོད་པ་རེད། སྐུ་ཞབས་གདོང་ཐོག་གི་ཚིག་མཛོད་ལྟ་བུ་ཡིན་ན། རིན་པོ་ཆེ་མཁྱེན་པ་རྒྱས་པོ་ཞེ་དྲག་རེད། བོད་པའི་ཐ་སྙད་དང་བཀའ་བསྟན་བཅོས་སོགས་ག་འདྲ་ཞིག་སྣམ་ཕེབས་པ་ཡིན་ནའང་འཕྱུག་པ་མེད་ཀྱང་། འབྲི་སྟངས་དེ་དབྱིན་ཡིག་གི་མ་གཟུགས་གཅིག་ཡིན་པ་དང་མིང་གི་རྣམ་གྲངས་མིན་ནམ་བསམ་པའི་མར་ནར་ནར་བྲིས་ཡོད་སྟབས། བོད་ཡིག་གི་ཆུ་ཚད་མཐོ་བོ་མེད་པ་དང་རིག་གནས་ཀྱི་རྒྱབ་ལྗོངས་ཕྱུག་པོ་ཞེ་དྲག་མེད་པའི་གཞོན་སྐྱེས་ཚོ་ཡིན་ན། ཁོ་རང་ལ་དགོས་པའི་ཚིག་དེ་སྒྲུག་མི་ཐུབ་པ་དེ་དཀའ་ངལ་རེད་འདུག དཀའ་ངལ་དེ་ཚོ་མཐོང་ཡོང་དུས་ད་ལྟ་ང་ཚོ་ཤེས་རིག་གི་ཚིག་མཛོད་ལྟ་བུ་ཡིན་ན། གཞན་པ་མེད་ནའང་དོན་དག་དང་པོ་དང་གཉིས་པ། གསུམ་པ་བཞི་པ་ཟེར་ནས་བྲིས་ཡོད་པ་དང་། ཡང་མཚམས་རེར་དེ་སྨན་གྱི་སྐད་ཆ་རེད། དེ་རྫས་འགྱུར་གྱི་སྐད་ཆ་རེད་ཟེར་ནས་ཁ་གསལ་ཅི་ཐུབ་བྱས་ཏེ། ཚིག་མང་པོ་ཡིན་ནའང་སྐབས་ཐོག་དགོས་པའི་ཚིག་དེ་སྒྲུག་ཐུབ་ན། ཚིག་དེ་བེད་སྤྱོད་བཏང་བ་བརྒྱུད་ནས་ཐ་སྙད་ཁྱབ་སྤེལ་དང་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་པ་རེད། ཅེས་བརྗོད་སོང་།

མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་ནས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་ཤེས་ཡོན་སློབ་གསོའི་མཛད་རྗེས་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཁོང་ལ་དེ་ཙམ་རྒྱུས་ཆེན་པོ་མེད། ཡིན་ནའང་། དྲ་ཐོག་ཏུ་བརྙན་པར་ཞིག་གི་ནང་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་བཀོད་འདུག དེའི་ནང་༼གངས་རིའི་འདབས་ཀྱི་སྣང་གསལ་སྒྲོན་མེ།༽ཞེས་མིང་དེ་ཁོང་ལ་གོ་དགོས་ཀྱི་ཡོད་ས་རེད། ངས་དེ་ལ་བསམ་བློ་ཞིག་བཏང་བ་ཡིན་ཏེ་མ་འོས་པ་མི་འདུག་བསམ་བྱུང་། གང་ཡིན་ཟེར་ན། བོད་ནང་གི་གནས་ཚུལ་ཚང་མ་ང་ཚོས་ཤེས་ཀྱི་ཡོད་པ་རེད། བཙན་བྱོལ་ནང་༧གོང་ས་མཆོག་གིས་དབུ་ཁྲིད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤེས་ཡོན་ཐོག་ལ་ཉི་མ་ཤར་བ་ལྟ་བུའི་གོ་སྐབས་ཤིག་བྱུང་བསྡད་ཡོད་པ་རེད། གོ་སྐབས་དེ་ང་ཚོས་ག་ཚོད་ཅིག་བེད་སྤྱོད་གཏོང་ཐུབ་ཡོད་དང་མེད་གནས་ཚུལ་ལོགས་ཀ་རེད་མ་གཏོགས། ང་ཚོ་བཙན་བྱོལ་ནང་ནར་སོན་པ་སློབ་གྲྭ་མ་ཐོན་པ་ཧ་ལམ་ལུས་ཡོད་པ་མ་རེད་ཅེས་ལབ་ ཐུབ་ཀྱི་འདུག བོད་ནང་ལྟ་བུ་ཡིན་ན། གོ་ཐོས་སུ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སློབ་གྲྭ་ ༡༠༠ བཙུགས་པ་རེད་ཟེར་གྱི་འདུག་ཀྱང་། གོང་དུ་ཞུས་པའི་བརྙན་པར་དེའི་ནང་དུ་གཟིགས་ན། སློབ་གྲྭ་ ༧༧ བཙུགས་པ་དང་འཛིན་སྐྱོང་། འགྲོ་གྲོན་ཚང་མ་ཁོང་གིས་གནང་བའི་ལོ་རྒྱུས་ཆ་ཚང་འདུག སློབ་གྲྭ་དེ་ཚོར་ལྟ་ཡོང་སྐབས་གྲོང་གསེབ་པའི་སློབ་གྲྭ་ལྟ་བུ་རེད་མི་འདུག ཁང་པ་སོགས་མཐུན་རྐྱེན་གང་ཐད་ནས་དངོས་གནས་དྲང་གནས་སློབ་གྲྭ་ཚད་ལྡན་བརྒྱབ་འདུག ང་ཚོས་དངོས་གནས་མིག་དཔེ་ལྟ་དགོས་པ་ཞིག་རེད། ཅེས་གསུངས་སོང་།

ཁོང་གིས་བཙན་བྱོལ་དུ་ཡོད་པ་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་གཙོ་བོར་བཟུང་སྟེ་ཤེས་ཡོན་ཐོག་དོ་ཁུར་དགོས་པ་དེ་དམིགས་བསལ་གྱི་འགན་འཁུར་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་དོན། བོད་མིའི་ངོ་བོ་སྟོན་ཐུབ་པ་དང་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་མཁན་དེ་ཁག་འདྲ་བོ་བཞི་ཆགས་ཀྱི་འདུག ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་ཀྱི་ནང་ཆོས་དང་སྐད་ཡིག་བཅས་རེད། དེའི་ནང་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་བཙན་བྱོལ་དུ་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་ནང་ཆོས་བོད་ཕྱི་ནང་གཉིས་སུ་ཡོད་པ་རེད། ཡིན་ནའང་། བོད་ནང་ལ་ཡོད་པའི་ནང་ཆོས་དང་སྐད་ཡིག་གཉིས་ཀྱི་ཐོག་རྒྱ་ནག་གཞུང་གིས་རྡུང་རྡེག་གཏོང་གི་འདུག ཁོ་ཚོས་བོད་རྒྱ་ཡུལ་དུ་བསྒྱུར་ཐབས་དང་བོད་མི་རིགས་འདི་རྒྱ་རིགས་ལ་བསྒྱུར་རྒྱུ། བོད་ཀྱི་རིག་གནས་དེ་རྒྱ་མི་རིགས་ཀྱི་རིག་གནས་ནང་བཅུག་པའི་དམིགས་ཡུལ་བཟུང་འདུག་གཱ། དེར་བརྟེན་རྒྱ་གཞུང་གི་དབང་བསྒྱུར་འོག་བོད་ནང་རང་དབང་མེད་ཀྱང་མཁས་དབང་བཀྲ་ཤིས་ཚེ་རིང་ལྟ་བུ་ཡིས་འགན་འཁུར་བླངས་ཏེ་ཧུར་ཐག་གིས་ཕྱག་ལས་དེ་འདྲ་ཞིག་གནང་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོའི་ངོས་ནས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོ་བོར་བྱས་པའི་ཐོག་ནས་ཤེས་ཡོན་ཐོག་དོ་སྣང་བྱེད་དགོས་པ་དེ་ང་ཚོའི་དམིགས་བསལ་གྱི་འགན་འཁུར་ཞིག་ཆགས་ཀྱི་འདུག ཅེས་དང་།

ཡང་ཁོང་གིས་མུ་མཐུད་དུ། བར་ལམ་ནས་ཕྱོགས་སྐྱོད་དུ་འགྲོ་སྐབས་ང་ཚོ་བོད་པའི་སྐད་ཡིག་འཐུས་ཤོར་དུ་འགྲོ་རུ་མི་འཇུག་པར་མི་ཉམས་གོང་འཕེལ་ཡོང་ཐབས་དགོས་ཀྱི་འདུག་ཟེར་ནས་ངས་གང་སར་ཤོད་ཀྱི་ཡོད། རྣམ་པ་ཚོ་ཡིན་ནའང་དེ་འདྲའི་ཐུགས་འཁུར་བཞེས་ཏེ་འདི་འདྲའི་བགྲོ་གླེང་ཚོགས་ཀྱི་ཡོད་པ་རེད་ལ། ཚོགས་པ་གཞན་ཁ་ཤས་ཀྱིས་ཀྱང་དེ་འདྲ་གནང་གི་འདུག་པས་ཞེ་དྲག་ཡག་པོ་འདུག ང་ཚོས་འདི་འདྲ་མ་བྱས་པ་ཡིན་ན། སངས་རྒྱས་པའི་ཆོས་དེ་༧གོང་ས་མཆོག་གི་དབུས་སྐྱེས་ཆེན་དམ་པ་དང་བླ་ཆེན་མང་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་སྔར་ལྷག་དར་ཁྱབ་འགྲོ་གི་འདུག་མ་གཏོགས་མེད་པར་འགྲོ་གི་མི་འདུག ཡིན་ནའང་། ག་རེ་མེད་པར་འགྲོ་ཉེན་འདུག་ཟེར་ན། བོད་ཀྱི་སྐད་ཡིག་མེད་པར་འགྲོ་ས་རེད། ཕྱི་རྒྱལ་ཁག་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཀྱང་། སོ་སོའི་སྐད་ཡིག་ཐོག་ནང་ཆོས་སྦྱོང་གི་འདུག་མ་གཏོགས་བོད་སྐད་ཡིག་ཐོག་སྦྱོང་གི་མི་འདུག དེའི་ཕྱིར་བོད་ཀྱི་སྐད་ཡིག་སྦྱོང་མཁན་དེ་བོད་པ་རང་གཙོ་བོ་བྱེད་དགོས་ཀྱི་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༡༩ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese