མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

པེ་རུའི་རྒྱལ་སར་ཚོགས་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ལོ་རྗེས་མའི་ལྷན་ཚོགས་མ་ཚུགས་སྔོན་ལ་རྒྱལ་ཁབ་སོ་སོས་ལག་བསྟར་དང་ཁས་ལེན་བྱེད་དགོས་པའི་གནད་དོན་ཁག་ཅིག་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་ནས་བཟུང་བྱང་ཨ་མི་རི་ཀའི་རྒྱལ་ཁབ་པེ་རུའི་རྒྱལ་ས་ལཱི་མཱ་ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༡༩༤ ཡི་སྐུ་ཚབ་འཛོམས་ཏེ། འདས་པའི་བདུན་ཕྲག་གཉིས་ཙམ་རིང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཚོགས་འདུ་ཞིག་ཚོགས་ཏེ། ཁ་སང་ཚོགས་ཐོག་ཏུ་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་ཚོས་ ༢༠༡༥ ལོའི་ལོ་མཇུག་ཏུ་ཧྥ་རན་སིའི་རྒྱལ་སར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་མགོ་འཛུགས་མ་བྱས་སྔོན་ལ། ཡར་རྒྱས་ཕྱིན་པ་དང་ད་ལྟ་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་རང་བྱས་རང་འཁུར་བྱས་ཏེ། ལོ་རྗེས་མའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་མངོན་འདོད་ཅན་གྱི་གྲོས་མཐུན་ཞིག་འཇོག་ཐུབ་པར་འབད་བརྩོན་དང་། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་གིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རོགས་དངུལ་སྤྲོད་དགོས་པ་མ་ཟད། ༢༠༡༥ ལོའི་ལོ་དཀྱིལ་དུ་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་ཁས་ལེན་དམ་བཅའ་རེ་བཞག་སྟེ་རྒྱལ་ཚོགས་ལ་འབུལ་དགོས་པ། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་མཁའ་རླུང་འབགས་བཙོག་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དམིགས་ཚད་གསར་པ་རེ་བཞག་ནས་གང་མགྱོགས་བསྒྲུབ་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚན་པས་ལོ་རྗེས་མའི་ཟླ་ ༡༡ ནང་རྒྱལ་ཁབ་སོ་སོས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁས་ལེན་དམ་བཅའ་ཕུལ་བ་དག་ལ་ལན་འདེབས་བྱ་རྒྱུ་བཅས་ཀྱི་རྩ་འཛིན་ཡིག་ཆ་ཞིག་གཏན་འབེབས་བྱས་ཡོད་འདུག

འདིའི་ཐད་ལྷན་ཚོགས་གཙོ་སྐྱོང་གནང་མཁན་པེ་རུའི་ཁོར་ཡུག་བློན་ཆེན་པོལ་གྷར་ (Pulgar-Vidal) ལགས་ཀྱིས། ད་རེབ་ཀྱི་རྩ་འཛིན་ཡིག་ཆ་འདི་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་གཞན་ལྟར་ཡང་དག་དོན་ལྡན་ཞིག་ཆགས་མེད་ཀྱང་། རྒྱལ་སྤྱིའི་དཀའ་རྙོག་སེལ་ཐབས་ཀྱི་མ་དཔེ་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དུས་ཐོག་ལག་བསྟར་བྱེད་ཐུབ་ཚེ། མ་འོངས་པར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་མཆོག་གིས། “ལོ་རྗེས་མའི་ནང་ཧྥ་རན་སིའི་རྒྱལ་སར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་མ་ཚུགས་སྔོན་ལ་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་གིས་ད་རེབ་ལྷན་ཚོགས་ཐོག་ཐག་གཅོད་བྱུང་བའི་གྲོས་དོན་ཁག་ལག་བསྟར་བྱེད་ཐུབ་པ་བྱས་ཏེ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་མིག་དཔེ་ལྟ་ས་ཞིག་ཆགས་ཐུབ་པ་བྱེད་དགོས།”ཞེས་བརྗོད་འདུག 

འདི་ལོའི་ཟླ་ ༡༡ ནང་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཚོགས་སྐབས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་སྟེ། ཚོང་དོན་དང་རྒྱལ་སྤྱིའི་དཀའ་རྙོག་སེལ་ཐབས་ཐོག་གྲོས་མོལ་བྱས་ཏེ། ལོ་རྗེས་མའི་ནང་ཧྥ་རན་སིའི་རྒྱལ་སར་ཨ་རྒྱ་གཉིས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་ འགྱུར་ལྡོག་སྐོར་ལ་གྲོས་མོལ་དང་འབྲེལ། རྒྱལ་ཁབ་གཉིས་པོས་ནག་རླངས་ཉིས་འགྱུར་གྱི་རྫས་འགྱུར་ཉུང་དུ་བཏང་སྟེ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུར་མཉམ་ལས་བྱ་རྒྱུ་ཐག་གཅོད་བྱས་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་པེ་རུའི་རྒྱལ་སར་ཚོགས་པའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འདིས། ལོ་རྗེས་མའི་ནང་ཧྥ་རན་སིའི་རྒྱལ་སར་ཚོགས་གཏན་འཁེལ་བའི་ལྷན་ཚོགས་ལ་གལ་ཆེའི་ནུས་པ་འཐོན་ཐུབ་པའི་རེ་བ་བཅངས་ཡོད་ཀྱང་། ཟླ་འདིའི་ཚེས་ ༡༣ ཉིན་ལྷན་ཚོགས་ཐོག་ཡར་རྒྱས་ཕྱིན་པ་དང་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐུ་ཚབ་བར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་འགན་འཁུར་ལེན་ཕྱོགས་ཐད་ལངས་ཕྱོགས་མ་མཐུན་པ་བྱུང་སྟེ། ལྷན་ཚོགས་འདི་གྲུབ་འབྲས་གང་ཡང་མེད་པར་མཇུག་བསྡུ་དགོས་པ་ཆགས་གྲབས་བྱས་ཡོད་འདུག

ཝེ་ནེ་ཛུ་ལའི་སྐུ་ཚབ་སཱ་ལེར་ནཱོ་ (Claudia Salerno) ཡིས་ལྷན་ཚོགས་ཐོག་ད་རེབ་ལྷན་ཚོགས་འདི་ནི་ ༢༠༠༩ ལོའི་ཀོ་བྷན་ཧེ་གྷན་གྱི་ལྷན་ཚོགས་ལྟར་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་ལ་ཁེ་ཕན་འཐོབ་རྒྱུ་ཙམ་ལས། རྒྱལ་ཁབ་བྱིངས་ལ་ཁེ་ཕན་འཐོབ་རྒྱུ་ཁག་པོ་ཆགས་ཡོད་སྟབས། ང་ཚོས་རྩ་འཛིན་ཡིག་ཆ་དེར་ཁས་ལེན་བྱ་མི་སྲིད་ཅེས་དང་། བྷར་ཛིལ་གྱི་སྐུ་ཚབ་ཨན་ཌི་ནེ་ (Antonio Marconde) ཡིས། ང་ཚོ་ད་དུང་དབྱེ་འབྱེད་ཤུགས་ཆེ་ཡོད་པའི་འཛམ་གླིང་ནང་བསྡད་ཡོད་སྟབས། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཡར་རྒྱས་ཕྱིན་པ་དང་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཁག་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་སྲིད་ཇུས་མི་འདྲ་བ་རེ་ཡོད་པར་བརྟེན། རྒྱལ་ཁབ་ཡོངས་ཀྱིས་རྩ་འཛིན་ཡིག་ཆ་འདི་ལག་བསྟར་མ་བྱས་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ལྟ་སྟངས་ཡག་པོ་འཛིན་རྒྱུ་ཁག་པོ་ཆགས་ཡོད་ཅེས་བརྗོད་ཅིང་། མཱ་ལེ་ཤི་ཡའི་སྐུ་ཚབ་ཎི་ཇར་ (Gurdial Singh Nijar) གྱིས། ཁྱེད་ཚོ་མང་ཆེ་བས་ང་ཚོ་དབང་སྒྱུར་བྱས་ཡོད་སྟབས། ང་ཚོས་ལས་དོན་གང་བྱས་ཀྱང་ཁྱེད་ཚོ་དང་བསྡུར་ན་རྗེས་ལུས་ཐེབས་ཡོད་སྟབས། ཁྱེད་ཚོས་ང་ཚོར་བསམ་ཤེས་བྱས་ནས་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་བསྐྲུན་དགོས་པ་ལས། ང་ཚོས་ལག་བསྟར་བྱེད་དགོས་པ་དང་ཁྱེད་ཚོས་བྱེད་དགོས་པ་ཞིག་ཆགས་ན་རང་གཞན་གཉིས་ཀར་ཕན་ལས་གནོད་ཆེ་བ་ཡོད་སྟབས། ད་རེབ་ཀྱི་རྩ་འཛིན་ཡིག་ཆ་འདི་ཡང་རྒྱལ་ཁབ་ཚང་མས་ལག་བསྟར་ཐུབ་པའི་ཡིག་ཆ་ཞིག་ཆགས་ཐུབ་པ་བྱེད་དགོས་ཞེས་སོགས་སྐྱོན་བརྗོད་བྱས་ཡོད་སྟབས། ཁ་སང་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་གིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རོགས་དངུལ་སྤྲོད་དགོས་པ་མ་ཟད།  ༢༠༡༥ ལོའི་ལོ་དཀྱིལ་དུ་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་ཁས་ལེན་དམ་བཅའ་རེ་བཞག་སྟེ་རྒྱལ་ཚོགས་ལ་འབུལ་དགོས་པའི་ཐུན་མོང་ཐག་གཅོད་བྱས་ཡོད་འདུག

རྒྱ་གར་གྱི་ཁོར་ཡུག་བློན་ཆེན་པཱར་ཀཱ་ཤི་ (Prakash Javadekar) ཡིས། ད་རེབ་ལྷན་ཚོགས་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་སེམས་འཚབ་དག་གླེང་སློང་བྱེད་ཐུབ་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་དེ་དག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ནུས་པ་འདོན་རྒྱུ་མ་ཟད། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་གིས་ཀྱང་འཕྲུལ་ཆས་དང་བཟོ་གྲྭས་རྐྱེན་པས་འཁའ་རླུང་འབགས་བཙོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཚོད་འཛིན་བྱ་དགོས། ཞེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རའོ་བྷིན་སང་ (Mary Robinson) གིས་ཨཱ་རེ་ཤི་དུས་བབ་ཐོག་བརྗོད་དོན། ད་རེབ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འདིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྐོར་གྱི་གྲོས་ཆོད་མང་པོ་ཞིག་སོར་གནས་ཐུབ་པ་བྱས་ཡོད་ ཀྱང་། ལོ་རྗེས་མའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་རྗེས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ལྷན་ཚོགས་ཐོག་གྲོས་མཐུན་བཞག་པ་དག་འདྲ་མཉམ་ཐོག་ལག་བསྟར་བྱེད་རྒྱུ་ཁག་པོ་ཡིན། ཞེས་བརྗོད་འདུག

 གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese