མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཁེ་ཆིང་གི་གོ་གནས་ཕབ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་འཇར་མན་མེན་ཅིན་གསར་ཁང་གིས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གི་ལུས་ཁམས་བདེ་ཐང་མིན་པ་དང་ཤེས་འཇོན་གཉིས་ཀྱིས་འདང་གི་མེད་སྟབས་གོ་གནས་ཕབ་ཉེན་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་འཇར་མན་མེན་ཅིན་གསར་ཁང་གི་དཔལ་འབྱོར་དུས་དེབ་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་ཤུགས་གཅིག་སྡུད་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ་སྲིད་བློན་ལི་ཁེ་ཆིང་ཟུར་ཕུད་བཏང་ཡོད་པ་མ་ཟད། ཁོ་བོའི་ལུས་ཁམས་བདེ་ཐང་མིན་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་སྒྲུབ་ནུས་པ་ཞན་པོ་ཡིན་པ་སོགས་ཀྱིས། ལི་ཁེ་ཆིང་སྲིད་བློན་ནས་ཕབ་སྟེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་མགོ་ཁྲིད་ཅིག་ཏུ་བསྐོ་བཞག་བྱེད་པའི་ཉེན་ཁ་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་མ་ཟད། ཁོང་གི་ཚབ་ཏུ་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་སུན་ཀྲིན་ཚེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཡཱང་། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིན་བཅས་ཀྱི་ནང་ནས་གཅིག་བསྐོ་བཞག་བྱེད་སྲིད་སྐོར་བརྗོད་ཡོད་སྟབས། སྤྱི་ཚོགས་ཐོག་ནས་གནས་ཚུལ་དེར་དོགས་སློང་སྣ་ཚོགས་དང་གླེང་གཞི་ཆེན་པོར་གྱུར་འདུག

གནས་ཚུལ་དེ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས། རྒྱ་ནག་ཤིན་ཧྭ་གསར་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་ཉིན་གྲངས་ ༧ རིང་སྲིད་བློན་ལི་ཁེ་ཆིང་གིས་ཡ་གླིང་གི་རྒྱལ་ཁབ་གསུམ་དུ་རྒྱལ་དོན་སྐོར་སྐྱོད་མགོ་བཙུགས་བྱས་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་སྐབས་རྒྱལ་སྤྱིའི་ཚོགས་ཆེན་ཐོག་མཉམ་ཞུགས་ཀྱིས་རྒྱལ་ཁབ་ ༢༢ ཀྱི་མགོ་ཁྲིད་དང་མཇལ་འཕྲད་གནང་རྒྱུ་དང་། ཕྱི་འབྲེལ་གྱི་བྱེད་སྒོ་ཁག་ ༧༠ ཉེ་བ་ཡོད་སྐོར་དང་། ལི་ཡི་མངོན་གསལ་གྱི་སྤྱོད་ཚུལ་དང་དབང་ཤུགས་ཀྱིས་སྔར་ལས་འཛམ་གླིང་གི་སྐྱེས་བུ་མང་པོའི་ཡིད་དབང་འགུག་རྒྱུ་ཡིན་ལུགས་བསྒྲགས་འདུག

ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་མེན་ཅིན་གསར་ཁང་གི་སྤྱི་གཉེར་བ་ཧེ་ཕིན་ལགས་སུ་གནས་ཚུལ་དེའི་སྐོར་བཅར་འདྲི་བྱེད་སྐབས་ཁོང་གིས། གནས་ཚུལ་དེས་ལི་ཁེ་ཆིང་ད་ལྟ་སྲིད་སྟེགས་ནས་ཕབ་རྒྱུ་རེད་ཟེར་གྱི་ཡོད་པ་མ་རེད། ཐེངས་རྗེས་མའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་འཕོ་འགྱུར་སྐབས་ལི་ཁེ་ཆིང་སྔར་བཞིན་སྲིད་བློན་དུ་འདུག་མི་ཐུབ་པ་མ་ཟད། ཁོ་བོའི་གོ་གནས་མངོན་གསལ་གྱིས་མར་ཆག་སྟེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་དབང་ཆ་ཅི་ཡང་མེད་པའི་མགོ་ཁྲིད་རིམ་པ་གཉིས་པ་ཞིག་ཏུ་བསྐོ་བཞག་བྱེད་སྲིད་པ་དང་། དེ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནས་ཁོ་བོའི་དཔལ་འབྱོར་རིག་པའི་ཤེས་ཚད་ཀྱིས་འདང་གི་མེད་པ་དང་། དཔལ་འབྱོར་དོ་དམ་ནུས་པ་ཧ་ཅང་ཞན་པ། གཉིས་ནས་ཁོ་བོའི་གཟུགས་པོའི་གནས་སྟངས་ཀྱིས་ཡོང་གི་མེད་པ་རེད། གནས་ཚུལ་དེ་སྔ་ས་ནས་རྒྱ་ནག་གི་མཐོ་རིམ་སྤྱི་ཚོགས་དང་དཔོན་རིགས་ནང་ཁུལ་དུ་ཁྱབ་ཟིན་པ་རེད། ཅེས་བརྗོད་འདུག

པེ་ཅིན་གྲོང་ཁྱེར་གྱི་སྲིད་གཞུང་ལྟེ་གནས་ཀྲུང་ནན་ཧེ་རུ་གནས་སྡོད་བྱེད་མཁན་ཞིག་གིས་གསར་འགོད་པར། སྲིད་བློན་ལི་ཁེ་ཆིང་ལ་དེ་སྔོན་ནས་གཅིན་པ་མངར་འགྱུར་གྱི་ན་ཚ་ཡོད་པ་དང་། སྲིད་བློན་དུ་བསྐོ་བཞག་བྱས་རྗེས་ཕྱི་ནང་གི་ལས་ཀའི་གནོན་ཤུགས་ཀྱིས་ཁོ་བོའི་ན་ཚ་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། འདས་པའི་ལོ་ ༢ ནང་ལི་ཡི་ལུས་ཁམས་གནད་དོན་ཐད་ཀྲུང་ནན་ཧེ་རུ་ལབ་གླེང་མང་པོ་བྱུང་བཞིན་ཡོད་པ་དང་། ཡོངས་ཁྱབ་ཀྱི་བྱེད་སྒོ་མ་གཏོགས་རྒྱུན་དུ་སྒོ་ཕྱི་རུ་འགྲོ་བའང་ཧ་ཅང་ཉུང་ཉུང་ཡིན་སྐོར་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཆེད་མཁས་པ་ཀོ་ཝིན་ཆན་གྱིས། ལི་ཁེ་ཆིང་གི་སྲིད་བློན་གྱི་གོ་གནས་དེ། ཏང་གི་ཚོགས་ཆེན་ ༡༨ པར་ཧུའུ་ཅིན་ཐའོ་དང་ཅང་ཙེ་མེན་ཚོགས་པས་བསྟུན་ཐབས་ལ་བརྟེན་ནས་བྱུང་ཞིང་། དེ་ལ་བརྟེན་ནས་ཞི་དང་ལི་སྒྲིག་གཞི་ཟེར་བའང་ཆགས་པ་རེད། ཡིན་ནའང་། ལོ་ ༢ ཡང་མ་འགོར་བར་ཞི་ཅིན་ཕིན་གྱིས་འཆར་བཀོད་དེ་མགོ་གཏིང་བསློགས་པ་མ་ཟད། ཁོ་རང་གཅིག་པུས་དབུས་གཞུང་གི་ལས་དོན་ཚོགས་ཆུང་ ༩ ཡི་འགན་དབང་བདག་ཏུ་བཟུང་སྟེ། ཐ་ན་ནོར་དོན་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཡང་ཁོ་རང་བྱས་ནས་ནོར་དོན་འགན་འཁུར་བ་སྲིད་བློན་ལི་ཁེ་ཆིང་ཟུར་མཐར་དེད་དེ། ཚོགས་ཆུང་དེའི་རྒྱུན་ལས་དཀྱུས་མ་ཙམ་ལས་དཔལ་འབྱོར་སྲིད་བྱུས་ལག་བསྟར་ཐད་ཐག་གཅོད་བྱེད་པའི་དབང་ཆ་ཅི་ཡང་མེད་པར་གྱུར་བ་རེད། ཅེས་བརྗོད་འདུག

གནད་དོན་དཔྱད་ཞིབ་པ་ཚོས། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་ཡོད་ཚད་ཞི་ཅིན་ཕིན་གྱིས་བདག་བཟུང་བྱས་ཏེ། ལི་ཁེ་ཆིང་ལ་དམག་དོན་དང་དཔལ་འབྱོར་སོགས་ལ་དོ་དམ་གྱི་དབང་ཆ་ཅི་ཡང་མེད་སྟབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གྱི་མིང་དེ་དགོས་མཁོ་མེད་པ་ཞིག་ཏུ་གྱུར་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་ཁོ་རང་གི་སྒྲིག་འཛུགས་དེ་སྲ་བརྟན་དུ་གཏོང་བར་ཐབས་ཇུས་ཡོད་རྒུ་འདོན་བཞིན་ཡོད་སྟབས། ལི་ཁེ་ཆིང་སྲིད་བློན་ནས་འཕོ་འགྱུར་བཏང་བ་ཡིན་ན། སྒྲིག་འཛུགས་ནང་ཁུལ་དུ་གཡོ་སྐྱོམ་ཆེན་པོ་བྱུང་རྒྱུ་ཡིན་པས། ད་ལྟ་ཁོ་བོ་སྲིད་བློན་ནས་འཕོ་འགྱུར་གཏོང་མི་སྲིད་ཀྱང་། སྲིད་བློན་ལས་འཁུར་གྱི་དུས་ཡུན་རྫོགས་རྒྱུར་ད་དུང་ལོ་ ༣ ཙམ་ཡོད་པས་ཉེན་ཁ་ཆེན་པོ་ཡོད་སྐོར་དང་། མ་འོངས་རྒྱུན་ལས་འཕོ་འགྱུར་སྐབས་སྲིད་བློན་འོས་མིར་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་སུན་ཀྲིན་ཚེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཡཱང་། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིན་བཅས་བསླེབ་སྲིད་པ་དང་། གལ་སྲིད་ཞི་ཅིན་ཕིན་གྱིས་རང་ཕྱོགས་ཀྱི་མི་ཞིག་དམིགས་འབེན་དུ་བཟུང་ཡོད་ན། ཧན་ཀྲིན་ཟེར་བ་སྔོན་ཆད་ཁོ་རང་གི་ལག་རོགས་ཤིག་ཡིན་པས་སྲིད་བློན་གྱི་རྐུབ་སྟེགས་ཁོ་བོར་སྤྲོད་སྲིད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese