མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡ་མི་གཅིག་དབང་འཛིན་ཆཊ་སྲིད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་མཁན་ལྷོ་ཀོ་རི་ཡའི་ཆབ་སྲིད་ཚོགས་པ་ཞིག་མེད་པ་བཟོ་རྒྱུ་ཐག་གཅོད་བྱས་ཡོད་འདུག

དེ་རིང་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གཅིག་སྒྲིལ་ཡར་རྒྱས་ཚོགས་པས་བྱང་ཀོ་རི་ཡར་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ནང་གི་དམངས་གཙོའི་ཁེ་དབང་ལ་རྡོག་རོལ་དང་། རྒྱལ་ཁབ་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་ནག་ཉེས་བཙུགས་ཏེ་ཁྲིམས་གཏུགས་བྱས་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་དཔོན་ ༩ ཡོད་པ་ལས་ ༨ ཀྱིས་ཆབ་སྲིད་ཚོགས་པ་དེ་བཀག་སྡོམ་བྱེད་དགོས་པར་མང་མོས་བྱུང་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་ཚོགས་པ་དེའི་འཐུས་མི་ ༥ ཡོད་པ་དེའང་ཕྱིར་བསྡུ་བྱས་ཡོད་འདུག

དེ་རིང་ཉིན་རྒྱབ་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གཅིག་སྒྲིལ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་ ༢༠༠༠ ལྷག་གིས་ལག་ཏུ་བརྗོད་ཚིག་འདྲ་མིན་བཟུང་སྟེ། ཁྲིམས་ཁང་མདུན་དུ་གཞུང་གི་ཐག་གཅོད་ལ་ངོ་རྒོལ་རྔམ་སྟོན་བྱས་ཡོད་འདུག

འདིའི་ཐད་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོས། “འདས་པའི་ལོ་ཤས་ནས་བཟུང་ཆབ་སྲིད་ཚོགས་པ་འདིས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཕྱོགས་ལ་ཉེན་ཁ་བཟོ་བཞིན་ཡོད་སྟབས། ད་རེབ་ཛ་དྲག་ཁྲིམས་རྭ་ཚོགས་ནས་ཆབ་སྲིད་ཚོགས་པ་དེ་བཀག་སྡོམ་བྱེད་དགོས་བྱུང་བ་རེད”ཅེས་བརྗོད་འདུག རྒྱལ་ཡོངས་གཅིག་སྒྲིལ་ཡར་རྒྱས་ཚོགས་པའི་མགོ་ཁྲིད་ལི་ཇུང་ཧེ་ (Lee Jung-hee) ཡིས་རོའུ་ཌར་གསར་ལམ་ཐོག “ཁྲིམས་ཁང་གི་ཐག་གཅོད་དེ་ནི་གཞི་མེད་རྫུན་བཟོ་དང་ཚོད་དཔག་གི་སྐད་ཆ་ཞིག་ཡིན་སྟབས། དེས་ལྷོ་ཀོ་རི་ཡར་གཅིག་སྡུད་རིང་ལུགས་ཀྱི་སྒོ་མོ་ཕྱེ་བ་ལྟ་བུ་ཞིག་ཆགས་ཡོད་སྟབས། མ་འོངས་པར་ལྷོ་ཀོ་རི་ཡ་འདི་མི་གཅིག་དབང་སྒྱུར་རིང་ལུགས་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་སྲིད་པ་ཞིག་རེད”ཅེས་བརྗོད་འདུག

གཅིག་སྒྲིལ་ཡར་རྒྱས་ཚོགས་པ་དེ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ལས་བཟོ་བ་དང་ཉམ་ཐག་ཚོའི་བདེ་སྡུག་ཆེད་བཙུགས་ཡོད་ཅིང་། ཚོགས་པ་འདི་དང་མཉམ་དུ་ལྷོ་ཀོ་རི་ཡའི་ངལ་རྩོལ་དམངས་གཙོ་ཚོགས་པ་དང་། མང་ཚོགས་མངོན་འདོད་ཚོགས་པ་ཟླ་སྒྲིལ་བཏང་སྟེ། ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༢ བར་རེ་ཡུ་སི་མིན་དང་ལི་ཇུང་ཧེ། སེམ་སང་ཇུན་བཅས་མགོ་ཁྲིད་གསུམ་གྱིས་ཐུན་མོང་ཐོག་བསྐྱངས་ཡོད་སྟབས། ༢༠༡༣ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་གྲོས་ཚོགས་འཐུས་མི་ ༨ ཀྱི་རྐུབ་སྟེགས་ཐོབ་ཡོད་ཀྱང་། གྲོས་ཚོགས་འཐུས་མི་ཞིག་གིས་དངུལ་གྱི་འགྲོ་གྲོན་བཏང་ནས་འོས་ཤོག་ཉོས་ཡོད་པ་ལྷོ་ཀོ་རི་ཡའི་འོས་བསྡུ་ལྷན་ཁང་གིས་ར་སྤྲོད་བྱུང་ཡོད་སྟབས། ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༢ ཉིན་ཚོགས་པའི་མགོ་ཁྲིད་ཚོས་དགོངས་ཞུ་བྱེད་བཅུག་ཡོད་འདུག

༢༠༡༣ ལོའི་ཟླ་ ༩ ཚེས་ ༥ ཉིན་གྲོས་ཚོགས་འཐུས་མི་ལི་སུག་ཀེ་ (Lee Seok-ki) ཡིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱས་ཏེ། ལྷོ་ཀོ་རི་ཡའི་གཞུང་མགོ་རྟིང་སློག་རྩིས་བྱས་ཡོད་སྟབས། ༢༠༡༣ ལོའི་ཟླ་ ༡༡ ནང་ལྷོ་ཀོ་རི་ཡའི་གཞུང་གིས་ཆེས་མཐོའི་ཁྲིམས་ཁང་ལ་ཆབ་སྲིད་ཚོགས་པ་དེ་མེད་པ་བཟོ་དགོས་པའི་ཞུ་གཏུགས་སྙན་ཞུ་ཕུལ་ཡོད་པ་དང་། འདི་ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་ཡིས་སྣེ་ཁྲིད་པའི་གཞུང་འཛིན་ཚོགས་པས་རྒྱལ་ཡོངས་གཅིག་སྒྲིལ་ཡར་རྒྱས་ཚོགས་པ་ཞེས་པས་བྱང་ཀོ་རི་ཡར་རོགས་པ་བྱས་ཏེ། ལྷོ་ཀོ་རི་ཡའི་གཅིག་སྒྲིལ་དང་དམངས་གཙོ། ཆབ་སྲིད་ཚོགས་པའི་བར་གྱི་མཐུན་སྒྲིལ་དང་ཐུན་མོང་དམིགས་ཡུལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་དང་འབྲེལ་ཟླ་ ༡༡ ནང་དངོས་སུ་ཁྲིམས་གཏུགས་བྱས་ཡོད་སྟབས། དེ་རིང་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ཆབ་སྲིད་ཚོགས་པ་དེ་དང་དེའི་གྲོས་ཚོགས་འཐུས་མི་མེད་པ་བཟོས་འདུག

ལྷོ་ཀོ་རི་ཡའི་ཁྲིམས་འཛིན་བློན་ཆེན་ཝང་ཀེ་ཡུ་ཨང་གིས་སིང་གྷ་པུར་གྱི་དེ་རིང་ཞེས་པའི་བརྒྱུད་ལམ་ཐོག་བརྗོད་དོན། “རྒྱལ་ཡོངས་གཅིག་སྒྲིལ་ཡར་རྒྱས་ཚོགས་པ་ཞེས་པ་འདིས་ལྷོ་ཀོ་རི་ཡར་དམར་པོའི་གཞུང་འཛུགས་རྒྱུར་རྩོད་ལེན་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་ནང་བྱང་ཀོ་རི་ཡའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤིག་དར་སྤེལ་གཏོང་གི་ཡོད་སྟབས། ང་ཚོས་ལྷོ་ཀོ་རི་ཡའི་མང་ཚོགས་དང་ཁེ་ཕན་ཆེད་ཚོགས་པ་དེ་མེད་པ་བཟོས་པ་ཡིན”ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist