མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་ཆོས་རྟཊ་ ༤༠༠ ལྷག་གཏོར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་ནས་ད་ལོར་རྒྱ་གཞུང་གིས་ཁྱོན་ཡེ་ཤུའི་ལྷ་ཁང་བརྒྱ་ལྷག་དང་ཆོས་རྟགས་ ༤༠༠ ལྷག་གཏོར་བཤིག་བཏང་ཡོད་སྐོར་བསྒྲགས་འདུག

ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ཁ་སང་ཨ་རིའི་ཊི་ཨེ་སི་མངའ་སྡེ་ནང་ཡོད་པའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་(China Aid)ཀྱི་དྲ་བའི་ཐོག རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ལ་སྔར་ལས་བཀག་སྡོམ་ཆེན་པོ་བྱེད་ཀྱིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། ལོ་ ༢༠༡༣ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཡོངས་སུ་༼ཁྲིམས་འགལ་གྱིས་ལྷ་ཁང་འཛུགས་སྐྲུན་བྱས་པ་ལེགས་སྒྲིག༽་ཅེས་པའི་ལས་འགུལ་འོག ད་ལོ་གཅིག་པུར་ཁྱོན་ཡེ་ཤུའི་ལྷ་ཁང་བརྒྱ་ལྷག་དང་། ཡེ་ཤུའི་ཆོས་རྟགས་ ༤༠༠ ལྷག་བཙན་གཏོར་བཏང་ཡོད་སྟབས། ད་ལོར་རྒྱ་ནག་ནང་གི་ཡེ་ཤུ་བ་ཚོས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྔོན་ཆད་བཞིན་སྲུང་གཙི་བྱེད་ཐུབ་ཀྱི་མེད་སྐོར་བསྒྲགས་འདུག

ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་དེའི་མགོ་ཁྲིད་བྷོ་ཤི་ཆོ་ཡིས་གསར་འགོད་པར། གཏོར་བཤིག་བཏང་བའི་ནང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་འགའ་ཤས་ཡོད་པ་དང་། མང་ཆེ་བ་ཡེ་ཤུའི་ཆོས་ལུགས་གསར་པའི་ལྷ་ཁང་ཡིན་ལ། གཏོར་བཤིག་གཏོང་མཁན་གྱི་གྲས་སུ་སྲིད་གཞུང་ཆོས་ལུགས་ལྷན་ཁང་དང་གསང་བའི་ཆོས་ལུགས་མཐུན་ཚོགས་སོགས་ཡོད་པ་དང་། ལྷ་ཁང་གཏོར་བཤིག་ཡོང་བའི་ལས་འགུལ་དེ་ས་གནས་ཡེ་ཤུའི་ཆོས་ལུགས་ཀྱི་མྱུར་ཚད་མཐོ་བའི་འཕེལ་རྒྱས་ལ་སྟངས་འཛིན་བྱེད་པའི་ཆེད་དུ་རེད། སྲིད་གཞུང་གི་ཡིག་ཆའི་ནང་དུའང་ག་རེ་བྱས་ནས་ཡེ་ཤུའི་ཆོས་ལུགས་ལ་བཀག་སྡོམ་བྱེད་པའི་ལས་འགུལ་ཀྲེ་ཅང་དུ་སྤེལ་བ་དང་། ལྷག་པར་དུ་ཝིན་ཀྲུའུ་གྲོང་ཁྱེར་དུ་ཅིའི་ཕྱིར་སྤེལ་བ་རེད་ཟེར་ན། ཝིན་ཀྲུའུ་ནི་རྒྱ་ནག་གི་ཡེ་ཤུའི་ཆོས་པ་ཆེས་མང་ཞིང་། རྒྱལ་ཡོངས་ནང་ཡེ་ཤུའི་ཆོས་ལུགས་འཕེལ་རྒྱས་ཧ་ཅང་མགྱོགས་པའི་སྔོན་ཐོན་ས་ཁུལ་ཞིག་ཡིན་པའི་རྐྱེན་གྱིས་རེད་ཅེས་བཀོད་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་སྲིད་གཞུང་གིས་བྱེད་ཐབས་གསུམ་གྱི་ཐོག་ནས་ཡེ་ཤུའི་ཆོས་ལུགས་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་བརྗོད་དོན། ཀྲེ་ཅང་ཞིང་ཆེན་གྱི་མགོ་ཁྲིད་ཤཱ་པོ་ལུང་གིས་གཏན་འབེབས་བྱས་པའི་གཅིག་གཏོར་གསུམ་བཅོས་ཀྱི་སྲིད་ཇུས་ལ་དབུས་གཞུང་གིས་ཆོག་མཆན་སྤྲད་ཡོད་པར་འདོད་པ་དང་། སྲིད་གཞུང་གིས་ཡེ་ཤུའི་ལྷ་ཁང་གཏོར་བཤིག་བཏང་བ་ཁོ་ན་མ་ཡིན་པར་གཅིག་ནས་ཆོས་ལོག་སྤེལ་བའི་ཉེས་མིང་འོག གཞུང་འབྲེལ་མ་ཡིན་པའི་ཆོས་ཚོགས་ཁག་ལ་དམ་དྲག་དང་། གཉིས་ནས་ཆོས་ཚོགས་ཆེ་གྲས་ཀྱི་དབུ་ཁྲིད་ལ་གནོན་ཤུགས་སྤྲོད་པ་དང་འཛིན་བཟུང་བྱས་པའི་གནས་སྟངས་ན་ནིང་ལས་ཚབས་ཆེ་རུ་ཕྱིན་ཡོད། གསུམ་ནས་གཞོན་སྐྱེས་ཚོས་དད་མོས་ལ་དམ་དྲག་བྱས་ཏེ་ལོ་ན་ ༡༨ མན་གྱི་ན་གཞོན་ཚོར་ཆོས་འཆད་ཁྲིད་མི་ཆོག་པ་མ་ཟད། ས་གནས་སྲིད་གཞུང་དང་སློབ་གྲྭ་ཁག་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཆོས་མེད་སྨྲ་བའི་ལྟ་གྲུབ་དྲིལ་བསྒྲགས་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཝིན་ཀྲུའུ་གྲོང་ཁྱེར་ནི་ཡེ་ཤུའི་ལྷ་ཁང་ཆེས་མང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། ས་གནས་ཀྱི་ཚོང་པ་མང་པོ་ཡང་ཡེ་ཤུ་ཆོས་པ་ཡིན་པས་ལྷ་ཁང་འཛུགས་སྐྲུན་གྱི་མ་དངུལ་ཕོན་ཆེན་གཏོང་བཞིན་ཡོད་སྟབས། སན་ཅང་ལྷ་ཁང་སོགས་ལྷ་ཁང་ཁག་ཅིག་གི་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་ཡོད་འདུག ཕྱི་ལོ་ ༢༠༡༣ ལོར་གསར་དུ་ལེགས་འགྲུབ་བྱུང་བའི་སན་ཅང་ལྷ་ཁང་ལ་ཁྱོན་ཡུ་སྒོར་ཁྲི་ ༣༥༠ ལྷག་གི་འགྲོ་གྲོན་བཏང་ཡོད་པ་དང་། ས་གནས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་ལྷ་ཁང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཡིན་ནའང་། ལེགས་འགྲུབ་བྱུང་མ་ཐག་སྲིད་གཞུང་གིས་གཞུང་གི་ཆོག་མཆན་ཐོབ་མེད་པའི་ཉེས་འཛུགས་འོག འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་བཙན་དབང་གིས་ལྷ་ཁང་གཏོར་བཤིག་བཏང་བ་མ་ཟད། ས་གནས་ཀྱི་ཡེ་ཤུའི་ལྷ་ཁང་གཞན་མང་པོར་ཡང་བསྟུད་མར་གཏོར་བཤིག་བཏང་སྟེ་ཡེ་ཤུའི་ཆོས་པ་མང་པོར་ཕོག་ཐུག་ཆེན་པོ་བཟོས་བར་བརྟེན། ཡེ་ཤུའི་ཆོས་ཚོགས་མང་པོ་མཉམ་རུབ་ཀྱིས་སྲིད་གཞུང་གི་ལས་འགུལ་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། ཉེན་རྟོག་པ་དང་མི་མང་བར་ཟིང་འཁྲུག་ཐེངས་མང་བྱུང་ཡོད་པ་མ་ཟད། ས་གནས་ཀྱི་ཆོས་པ་མང་པོ་འདུ་འཛོམས་ཀྱིས་ཉིན་མཚན་གཉིས་སུ་ལྷ་ཁང་སྐོར་སྲུང་བྱེད་པ་སོགས་ཀྱི་བྱ་འགུལ་ཡང་སྤེལ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese