མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པའི་ཁྲོད་གང་བྱུང་བྱེད་མཁན་བྱུང་ན་གནས་དབྱུང་ཐོངས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ལམ་རིམ་གསུང་ཆོས་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་དང་མཁན་པོ་ཚོས་མེད་པ་གཅིག་ལ་ཡོད་མདོག་མདོག་བྱས་ནས་བསྡད་ན། བླུན་པོས་བླུན་པོར་མགོ་སྐོར་ཟེར་བ་ལྟར་དང་བསྟན་པ་སྤྱི་ལ་གནོད་ཀྱིན་ཡོད་སྟབས་དགེ་འདུན་པའི་ནང་གང་བྱུང་བྱེད་མཁན་བྱུང་ན་གནས་དབྱུང་གཏོང་དགོས་ཞེས་གསུངས།

ཁ་སང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་༧གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་པ་ལྟར། ༢༠༡༢ ལོ་ནས་དབུ་འཛུགས་གནང་བའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཤད་ལུང་ཁྲིད་གསུམ་གྱི་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་གནང་ཡོད་ཅིང་། དེར་གདན་ས་ཁག་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་པོ་དང་དགེ་བཙུན་གཙོས། རྒྱལ་སྤྱིའི་རྒྱལ་ཁབ་ ༦༠ ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་དང་བོད་རིགས་ཆོས་ཞུ་བ་བཅས་ཁྱོན་མི་ཁྲི་གསུམ་ ༣༠༠༠༠ ལྷག་འདུ་འཛོམས་གནང་ཡོད་པ་མ་ཟད། ཨུ་རུ་སུའི་སྐད་དང་། དབྱིན་སྐད། རྒྱ་ནག་སྐད། ཧིན་རྡི། ཝེ་ཏུ་ནམ་གྱི་སྐད། སོག་སྐད་བཅས་སུ་གསུང་བསྒྱུར་གནང་བཞིན་ཡོད་འདུག

གསུང་ཆོས་ཀྱི་ཐོག་མར་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཤར་རྩེ་ཆོས་རྗེ་རྣམ་གཉིས་ཀྱིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་སྔོན་འགྲོའི་བཀའ་ཆོས་བསྩལ་དོན། ཧ་ལམ་ལོ་གཉིས་གསུམ་གོང་ནས་མགོ་བཙུགས་ནས་དེ་རིང་འཕྲོ་སྐྱོང་བྱེད་རྒྱུ་དེ་དག་ཞྭ་དམར་ལམ་རིམ་རེད། ཞྭ་དམར་ལམ་རིམ་བདེ་ལམ་གྱི་ཟིན་བྲིས་དེ་རེད། དེ་དང་ཞྭ་དམར་རིན་པོ་ཆེས་མཛད་པའི་རྗེའི་ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་མཆན་འགྲེལ་ཞིག་ཡོད། དེ་གཉིས་པོ་ངོས་ལ་ཨ་མདོའི་བླ་མ་ཞིག་གི་མདུན་ནས་ཐོབ། དེ་ནས་སྐྱབས་རྗེ་བདེ་བར་གཤེགས་པའི་གསུང་རྒྱུན་དྲི་མ་མེད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལྗགས་ཁྲིད་གནང་བ་ལམ་རིམ་རྣམ་གྲོལ་ལག་བཅངས་རེད། སྐྱབས་རྗེ་རང་གི་དྲུང་ནས་ཐོབ་བྱུང་། དེ་རིང་འདི་གར་ཁྲིད་རྒྱུ་རེད། དེར་བསྡོམས་ན་ཕལ་ཆེར་ཤོག་གྲངས་ ༧༠༠ ཙམ་འདུག ཉིན་དྲུག་ལ་ཚར་རྒྱུ་ཕལ་ཆེར་ཁག་པོ་བྱེད་ས་རེད། གང་ཐུབ་ཐུབ་ཚར་བ་བྱས་ནས་མ་ཚར་བ་དེ་དག་ལོ་རྗེས་མ་མུ་མཐུད་རྒྱུ་བྱ། ལོ་རྗེས་མ་ཏན་ཏན་ཚར་བ་བྱ་རྒྱུ་ཡིན།

དེ་རིང་དགེ་འདུན་པ་ཧ་ཅང་ཕོན་ཆེན་པོ་ཡོད་ས་འདིར་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་འདི་འདྲ་ཞིག་ངོས་ལ་ཐོབ་པར་ཧ་ཅང་བསྐལ་པ་བཟང་པོ་ཡིན། ཆོས་འབྲེལ་དང་བཤད་ལུང་གི་རྒྱུན་ཐོབ་སོང་ཟེར་བ་ཙམ་གྱིས་འགྲིག་གི་མེད། ལམ་རིམ་ནང་གི་ཁྲིད་ཡིག་གཙོ་བོ་དེ་ལམ་རིམ་ཆེན་མོ་འདི་རེད། ལམ་རིམ་ཆེན་མོ་དེ་བཀའ་སྡེ་སྣོད་གསུམ་གྱི་དོན་ཆ་ཚང་བསྡུས་ནས་བསམ་གྱི་མི་ཁྱབ་པ་རེད། ལམ་རིམ་ཆེན་མོ་རྩ་བར་བཞག་ནས་དེའི་ཟིན་བྲིས་ཁག་དེ་དག་ཁ་སྣོན་རྒྱག་རྒྱུ་ཡོད། ལམ་རིམ་ཆེན་མོ་གཞི་མ་ཡག་པོ་ཞིག་ཚུགས་མེད་ན། ལམ་རིམ་ཟིན་བྲིས་ཐུང་ངུ་ཐུང་ངུ་དེ་ཚོས་དེ་ཙམ་གྱི་ས་ཆོད་ཆེན་པོ་ཞིག་ཡོང་རྒྱུ་ཁག་པོ་ཡིན་སྟབས། རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོ་ཡག་པོ་ཤེས་པར་ཕར་ཕྱིན་ཡག་པོ་ཤེས་དགོས་པ་མ་ཟད། ལྷག་མཐོང་ཆེན་མོ་ཡག་པོ་ཤེས་པར་དབུ་མ་རྩ་འཇུག་གཞུང་ཡག་པོ་ཤེས་དགོས་སྟབས་དགེ་འདུན་པ་ཚོས་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་འདུག

དགེ་འདུན་པའི་ནང་དུ་གང་བྱུང་བྱེད་མཁན་ཡོད་ན་གནས་བྱུང་གཏོང་དགོས་སྐོར་བཀའ་སྩལ་དོན། འཛམ་གླིང་ནང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་ཁོངས་ནས་དུང་ཕྱུར་བཅུ་ཙམ་ཆོས་ཁས་མི་ལེན་མཁན་དང་ཆོས་ལ་ངོ་རྒོལ་བྱེད་མཁན་ཆགས་ཡོད་པ་མ་ཟད། ཆོས་བྱེད་མཁན་ནང་ལའང་ཆོས་འབག་ལ་གྱོན་ནས་དོན་དག་ཚེ་འདིའི་ལྟོ་གོས་སྒྲུབ་མཁན་ཆོས་པ་མང་པོ་ཡོད་པ་རེད། ན་ནིང་ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི་མཆོག་ཡེ་ཤུའི་དབུ་བླར་བསྐོ་གཞག་གནང་རྗེས། ཁོང་གིས་ཇར་མན་གྱི་ཡེ་ཤུའི་བླ་མ་ཞིག་གིས་སྡོད་ཁང་ནང་རྒྱས་སྤྲོས་ཧ་ཅང་བྱེད་བཞིན་ཡོད་པ་ཤེས་འཕྲལ་གནས་དབྱུང་བཏང་བ་རེད། དེ་ནི་ཡེ་ཤུའི་ཆོས་པ་ཚོས་ལྷ་ཁང་ནང་ཆོས་འཆད་སྐབས་འདོད་ཆུང་ཆོག་ཤེས་དགོས་སྐོར་གསུང་གི་ཡོད་ཀྱང་།  ཇར་མན་བླ་མ་དེས་རྒྱས་སྤྲོས་བྱས་པར་བརྟེན་བླ་ཆེན་པོབ་མཆོག་གིས་གནས་དབྱུང་བཏང་བ་རེད། དེ་རིང་འདིར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་གདན་སའི་མཁན་པོ་ཚོ་ཡོད་སྟབས། ཁྱེད་ཚོས་ཡེ་ཤུའི་བླ་ཆེན་ལ་དཔེ་བལྟས་ནས་ཁུར་ཆེ་ཙམ་བླངས་ཏེ། ཁ་ཡོད་ལག་ཡོད་གཅིག་བྱེད་དགོས་པ་རེད་མ་གཏོགས། མེད་པ་གཅིག་ལ་ཡོད་མདོག་མདོག་བྱས་ནས་བསྡད་ན། བླུན་པོས་བླུན་པོར་མགོ་སྐོར་ཟེར་བ་དེ་ཆགས་རྒྱུ་ཡིན་པ་མ་ཟད། བསྟན་པ་སྤྱི་ལ་གནོད་རྒྱུ་ཡིན་སྟབས་དགེ་འདུན་པའི་ནང་གང་བྱུང་བྱེད་མཁན་འདུག་ན་ཐུགས་རྗེ་ཆེ་ཟེར་ནས་གནས་དབྱུང་གཏོང་དགོས། ཞེས་སོགས་གསུངས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 2

  1. ལྷག་པ་ཚེ་རིང༌། says:
    ལོ་ 12 སྔོན།

    རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོ་ཡག་པོ་ཤེས་པར་ཕར་ཕྱིན་ཡག་པོ་ཤེས་དགོས་པ་མ་ཟད། ལྷག་མཐོང་ཆེན་མོ་ཡག་པོ་ཤེས་པར་དབུ་མ་རྩ་འཇུག་གཞུང་ཡག་པོ་ཤེས་དགོས་སྟབས་དགེ་འདུན་པ་ཚོས་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

    Reply
  2. ཤིང་ལོ། says:
    ལོ་ 12 སྔོན།

    ཁྱེད་ཚོས་ཡེ་ཤུའི་བླ་ཅེན་ལ་དཔེ་བལྟས་ནས་ཁུར་ཆེ་ཙམ་བླངས་ཏེ། ཁ་ཡོད་ལག་ཡོད་གཅིག་བྱེད་དགོས་པ་མ་གཏོགས། མེད་པ་གཅིག་ལ་ཡོད་མདོག་མདོག་བྱས་ནས་བསྡད་ན། བླུན་པོས་བླུན་པོར་མགོ་སྐོར་ཟེར་བ་དེ་ཆགས་རྒྱུ་ཡིན་པ་མ་ཟད། བསྟན་པ་སྤྱི་ལ་གནོད་རྒྱུ་ཡིན་སྟབས་དགེ་འདུན་པའི་ནང་གང་བྱུང་བྱེད་མཁན་འདུག་ན་ཐུགས་རྗེ་ཆེ་ཟེར་ནས་གནས་དབྱུང་གཏོང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese