མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨར་ཚང་བཀའ་བརྒྱུད་བསྐྱར་གསོ་གནང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ་ཞེས་པ་དབུ་འབྱེད་གནང་བའི་ཐོག སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཆོས་བརྒྱུད་སླར་གསོ་ཡོང་མིན་དེའི་དབང་ལུང་མན་ངག་གི་བརྒྱུད་པ་ཏག་ཏག་བསྡད་ཡོད་མེད་ལ་འབྲེལ་ཡོད་ལས་ཁུངས་སོགས་ནས་ཞིབ་འཇུག་བྱེད་དགོས་སྐོར་གསུངས་སོང་།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨར་ཚང་རྒྱལ་ཡོངས་ཚོགས་པའི་གོ་སྒྲིག་འོག བོད་རྒྱ་དབྱིན་གསུམ་ཐོག་ཡོད་པའི་༼སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ༽ཞེས་པ་དབུ་འབྱེད་དང་སྦྲགས། སྨར་ཚང་བཀའ་བརྒྱུད་ཕྱག་བཏབ་ནས་ལོ་ངོ་ ༨༤༨ དང་ཉམས་གུད་སོང་ནས་ལོ་ ༣༧༠ ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ཐའེ་ཝན་སྨར་ཚང་ཆོས་ཚོགས་དང་དབྱིན་ལན་སྨར་ཚང་ཆོས་ཚོགས། སྨར་ཚང་རྒྱལ་ཡོངས་ཚོགས་པ་གསུམ་མཉམ་འབྲེལ་གྱིས། སྨར་ཚང་བཀའ་བརྒྱུད་སླར་གསོའི་བྱ་བར་ཞུགས་ཡོད་པའི་སྐོར་ལ་གསལ་བསྒྲགས་ཤིག་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དེ་བཞིན་སྨར་ཚང་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་གངས་རི་ཀརྨ་རིན་པོ་ཆེས་དབུས་འབྲེལ་ཡོད་ལས་བྱེད་དང་གསར་འགོད་པ་བཅས་འཛོམས་འདུག

དྲ་བ་དབུ་འབྱེད་ཐོག་གངས་རི་ཀརྨ་རིན་པོ་ཆེ་ལགས་ཀྱིས་སྨར་ཚང་བཀའ་བརྒྱུད་ཉམས་པ་སླར་གསོ་བྱེད་པར་གཞི་རྩ་ཡོད་མེད་དང་། སླར་གསོའི་བྱ་བར་ཞུགས་པའི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ཀྱི་ཐད་དོན་ཚན་བཞི་ཡིག་ཐོག་སྒྲོག་སྦྱངས་གནང་སྐབས། ཕྱི་ལོ་ ༢༠༠༡ ལོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་༧གོང་མ་རྡོ་རྗེ་འཆང་། མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་ཀྱིས་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ལ་བརྟེན་ནས། ཁོང་ཐའེ་ཝན་ལ་འགྲོ་དུས་རྒྱ་རིགས་འུན་འུན་ཐོ་ཟེར་བ་ཞིག་གིས་ཁོ་པ་སྨར་ཚང་བཀའ་བརྒྱུད་སྲོལ་བཏོད་མཁན་ཆོས་རྗེ་སྨར་པ་རིན་པོ་ཆེའི་ཡང་སྲིད་ཡིན་ཟེར་བ་དང་། བོད་བརྒྱུད་ནང་བསྟན་སྨར་ཚང་བཀའ་བརྒྱུད་རིག་གཞུང་ཡིན་ཟེར་ནས་རྒྱ་རིགས་སྐྱ་བོ་ལ་གྲྭ་ཆས་གཡོག་པ་དང་གྲྭ་རྫུན་བཟོས་པ། བོད་བརྒྱུད་ནང་བསྟན་གྱི་མིང་འཁུར་ནས་ཁྱབ་བསྒྲགས་ལོག་པ་བྱས་པར་བརྟེན། ཐའེ་ཝན་ལ་གཉུག་མ་གནས་པའི་བཀའ་བརྒྱུད་པ་བླ་གྲྭ་འགའ་ཤས་ཀྱིས་སྨར་ཚང་དེ་སྨར་ཁམས་ནས་དར་བའི་ཆོས་བརྒྱུད་ཅིག་ཡིན་པས། རྒྱ་འུན་འུན་ཐོ་ལ་གདོང་ལེན་དང་སྨར་ཚང་ཉམས་གསོའི་ལས་དོན་སྒྲུབ་ཐུབ་པའི་ཆེད་དུ་ངོས་ལ་རེ་སྐུལ་ཡང་ཡང་བྱས་པ་དང་། ངའི་སྐུ་གོང་མ་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་ཆེན་མན་ངག་རྒྱ་མཚོ་ཉམས་ལེན་བྱེད་མཁན་ཞིག་ཡིན་པ་དང་། ང་རང་སྐྱེ་ཡུལ་སྨར་ཁམས་ཡིན་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སྨར་ཚང་གི་ཆོས་བརྒྱུད་འདི་ཉམས་པ་སྐྱར་གསོ་བྱེད་རྒྱུར་འབྲེལ་བ་ཆེན་པོ་ཞིག་ཡོད་པར་མཐོང་སྟེ་ཉམས་གསོ་བྱ་རྒྱུའི་ཀུན་སློང་སྐྱེས་པ་ཞིག་ཡིན། ཞེས་དང་།

ཡང་ཁོང་གིས། ད་ལྟ་ཆོས་བརྒྱུད་འདི་བསྐྱར་གསོ་བྱེད་རྒྱུའི་གཞི་རྩ་གཙོ་བོ་ནི། ཆོས་རྗེ་སྨར་པ་རིན་པོ་ཆེའི་ཉམས་རྟོགས་ལས་འཁྲུངས་པའི་ཕྱག་ཆེན་མན་ངག་རྒྱ་མཚོ་དང་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་སྙན་བརྒྱུད་ཟབ་མོ་རྣམས། འགྲོ་མགོན་རིན་ཆེན་དང་རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་གཉིས་ལ་གནང་བ་ནས་བཟུང་བླ་རབས་དྲུག་པ་ཆོས་ཀྱི་རྡོ་རྗེའི་བར་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས། ཆོས་ཀྱི་རྡོ་རྗེའི་ཞལ་སློབ་ཡེ་ཤེས་རྒྱལ་མཚན་གྱིས་ཡིག་ཐོག་ཏུ་ཕབ་པའི་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་ཤོག་གྲངས་ལྔ་བརྒྱ་ཉེར་ལྔ་ཙམ་ཡོད་པ་འདི་ནི། སྨར་ཚང་བཀའ་བརྒྱུད་ཀྱི་སྙན་བརྒྱུད་ཀུན་གྱི་ཡང་སྙིང་། འབུར་ཐོན་གྱི་ཆོས་བརྒྱུད་འཛིན་པའི་གཞི་མ། ཕ་ཆོས་གསེར་གྱི་ཡང་ཞུན་འདིའི་བརྒྱུད་པ་གསེར་རིའི་ཕྲེང་བ་བསྒྲིགས་པ་ལྟ་བུ་ད་བར་བླ་བརྒྱུད་སུམ་ཅུ་སོ་དྲུག་ཙམ་ཕེབས་འདུག་པས། བསྟན་པ་འདི་བསྐྱར་གསོ་བྱེད་རྒྱུའི་གཞི་རྩ་ཡོད་པ་རྒྱུ་མཚན་གསལ་པོ་མཐོང་སྟེ་ཉམས་གསོ་བྱ་རྒྱུ་ཐག་གཅོད་བྱས་ཏེ། ཕྱི་ལོ་ ༢༠༠༧ རྒྱ་གར་དུ་བོད་ཀྱི་བླ་ཆེན་རྣམས་ལ་སྙན་གསན་ཞུ་ཆེད་དུ་བཅར་ཡང་༧གོང་ས་མཆོག་དང་ ༧གོང་མ་རྡོ་རྗེ་འཆང་རྣམ་གཉིས་ཕྱི་རྒྱལ་དུ་ཕེབས་པའི་དུས་དང་འཕྲད་ནས་ཞུ་རྒྱུ་ མ་རྙེད། ༧རྒྱལ་དབང་ཀརྨ་པ་མཆོག་ལ་སྙན་གསན་ཞུས་པས་རིན་པོ་ཆེ་མཆོག་གིས་སྨར་ཚང་ཆོས་ཚོགས་ལ་སྟོན་པའི་སྐུ་ཞིག་ཀྱང་བསྩལ་གནང་མཛད། ཕྱིས་སུ་༧གོང་མ་རྡོ་རྗེ་འཆང་དབྱིན་ལན་ལ་ཕེབས་དུས་སྙན་གསན་ཞུས་པ་ཡིན། ཞེས་དང་། ད་ལྟའི་ཆར་རྒྱ་རིགས་འུན་འུན་ཐོ་ཡིས་བོད་བརྒྱུད་ནང་བསྟན་ལ་ཁྱབ་བསྒྲགས་ལོག་པ་སྤེལ་བར་ཁྲིམས་གཏུག་བྱེད་ཀྱིན་ཡོད་སྐོར་གསུངས་སོང་།

རིན་པོ་ཆེ་ལགས་ཀྱིས་ཕྱི་ལོ་ ༡༩༩༣ ལོར་ཁོང་བོད་དུ་ཕྱིར་ཕེབས་སྐབས། ༧གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྟོང་ལ་ཉེ་བའི་དུས་འདིར་སློབ་གྲྭ་དང་བཤད་གྲྭ་གསར་འཛུགས་དགོས་པ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར། ཁོང་བོད་དུ་བསླེབས་མ་ཐག་རིས་མེད་ཀྱི་བཤད་གྲྭ་དང་སློབ་གྲྭ། བོད་སྨན་འཛིན་གྲྭ་བཅས་ཆེད་འཛུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་གནང་ནས་ལོ་ ༥ འགོར་རྗེས། རྒྱ་གཞུང་གིས་ཁོང་༧གོང་ས་མཆོག་གི་གསང་ཉུལ་བ་ཡིན་ལུགས་སྐྱོན་འཛུགས་བྱས་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང་། ལམ་བར་རླངས་འཁོར་དོན་རྐྱེན་བྱུང་སྟེ་ཁོང་སྲིང་མོ་དང་མི་ ༢༧ རྐྱེན་འདས་སུ་ཕྱིན་ཞིང་། རྒྱ་གཞུང་གིས་ཁོང་གི་སློབ་གྲྭ་དང་བཤད་གྲྭ་བཙན་གྱིས་སྒོ་བརྒྱབ་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་པའི་སྐོར་ཡང་ངོ་སྤྲོད་གནང་སོང་།

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྨར་ཚང་བཀའ་བརྒྱུད་ཉམས་གསོའི་སྐོར་ལ་གསུང་བཤད་གནང་དོན། ངས་ཆོས་ཕྱོགས་ནས་ཅི་གང་ཤེས་ཀྱི་མེད་ཀྱང་ཕར་ཚུར་སྐད་ཆ་དྲིས་པ་ཡིན་ན། དེ་སྔོན་སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པ་ཆ་ཚང་ཆད་བསྡད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག ད་ལྟ་བརྒྱུད་པ་སླར་གསོ་ཡོང་དང་མི་ཡོང་ཟེར་བ་དེ་རིན་པོ་ཆེ་ཡིས་གོང་དུ་གསུངས་པ་ལྟར། སྨར་ཚང་བཀའ་བརྒྱུད་ཀྱི་དབང་ལུང་མན་ངག་གི་བརྒྱུད་པ་དེ་ཏག་ཏག་བསྡད་ཡོད་མེད་ལ་རག་ལས་ཡོད་པ་རེད། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཉམས་ཞིབ་བྱས་ཏེ་དེ་དང་དེ་རེད་ཟེར་ནས་ཞུ་ཤེས་ཀྱི་ཡོད་པ་མ་རེད། དེ་འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་ཆོས་བརྒྱུད་སོ་སོའི་ནང་ཁུལ་དུ་གནས་སྟངས་ག་འདྲ་ཆགས་འདུག་དེ་ཚོའི་ཐོག་ལ་ཞིབ་འཇུག་བྱེད་དགོས་པ་དང་། གནས་སྟངས་ཁ་གསལ་བཟོ་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག དེ་རིང་འདིར་བཅར་ནས་གཙོ་བོ་ག་རེ་ཞུ་རྒྱུ་ཡིན་ཟེར་ན། གངས་རི་ཀརྨ་རིན་པོ་ཆེས་གོང་དུ་གསུངས་པ་ལྟར་སྨར་ཚང་བཀའ་བརྒྱུད་ཕྱག་བཏབ་ནས་ ༨༤༨ ཕྱིན་པ་དང་། ཉམས་ཆག་སོང་ནས་ལོ་ ༣༧༠ ཙམ་ཕྱིན་ཡོད་པ་རེད། རིན་པོ་ཆེས་འགན་འཁུར་ཏེ་བརྒྱུད་རིམ་དང་འབྲེལ་བའི་ཐོག་ནས་ཞིབ་འཇུག་དང་ཡིག་ཆ་མཁོ་སྒྲུབ་གནང་བ་སོགས་ཉམས་པ་སླར་གསོའི་ལས་ཀ་ལ་ཞུགས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རིན་པོ་ཆེས་ལོ་ ༦ རིང་སྐུ་ལས་བསྐྱོན་བཞག་པ་ཞིག་ལ་ངོས་འཛིན་དང་། རིན་པོ་ཆེས་ཐུགས་ཁུར་གནང་བ་དེར་ཐུགས་རྗེ་ཆེ་ཞེས་ཞུས་པ་ཡིན། ཞེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    སྨར་ཚང་བཀའ་བརྒྱུད་སྐོར་གོ་བ་ཐེངས་དང་པོ་ཡིན།

    Reply
  2. མཁར་སྟོད། says:
    ལོ་ 11 སྔོན།

    སྨར་ཚང་བཀའ་བརྒྱུད་ཅེས་པ་དེ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་གྲགས་པའི་ནང་གི་གང་ཞིག་གི་ཁོངས་སུ་གཏོགས་སམ། ཡང་ན་སྨར་ཚང་ཞེས་པ་ཁོ་རང་ལ་བཀའ་བརྒྱུད་ཅེས་པའི་འགྲེལ་བཤད་གང་འདྲ་ཞིག་ཡོད་དམ།

    སྨར་ཚང་བཀའ་བརྒྱུད་བརྒྱུད་འཛིན་པ་རྫུན་མ་རེད་ཟེར་བའི་མི་ཞིག་ཐོན་དེ་ཡང་རྒྱ་མི་ཞིག་ཐོན། ཧཧཧ།

    གོ་ཐོས་ལྟར་ན་ལྕགས་ཚང་བཀའ་བརྒྱུད་ཅེས་པ་ཞིག་ཀྱང་ཡོད་བཟོ་འདུག་པས་དཔྱད་པར་འཚལ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 11 སྔོན།

    སྨར་ཚང་བཀའ་བརྒྱུད་ཉམས་ཆག་སོང་ནས་ལོ་370 སོང་ཟེར་འདུག །དེས་ན་སྨར་ཚང་སྤྲུལ་སྐུ་ཁོང་ལོ་དེའི་རིང་ཡོད་རེད་དམ་མ་རེད ། །གལ་སྲིད་ཁོང་གི་སྐུ་ཕྲེང་རིམ་བཞིན་ཕེབས་ཡོད་ན་སྨར་ཚང་བཀའ་བརྒྱུད་ཉམས་ཆག་མ་སོང་མེད་པ་མ་རེད་དམ །

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    དེང་ངས་སྙིགས་མའི་ལྔ་བདོའི་དབང་ཤུགས་རྒྱས་ནས་བསྟན་པ་ཉམས་རྒྱུའི་དུས་ཚོད་དང་། གྲྭ་པ་དང་བླ་མ་རྫོགས་རྒྱུའི་དུས་ཚོད་གཉའ་འཕྲང་ཞིག་འཆར་བའི་སྐབས་འདིར། ཡ་མཚན་པ་ཞིག་ལ། སྨར་ཚང་བཀའ་བརྒྱུད་བསྐྱར་གསོ་བྱེད་རྒྱུར་ཡིན་པའི་གནས་ཚུལ་ཞིག་ཐོན་པ་འདིར། ངོས་འཛིན་ཅི་འདྲ་ཞིག་བྱེད་དགོས་སམ། མི་ཤེས་སོ། དེ་བས་ཀྱང་གནད་དོན་གཞན་ཞིག་ལ་སྔ་ནས་སྨར་ཚང་བཀའ་བརྒྱུད་རྩད་ནས་སྟོངས་ཚར་བ་ཞིག་ནི་མ་ཡིན་ནོ། དེའི་ཕྱིར་སྐད་ཆ་འདི་དག་ཅི་འདྲ་བྱས་ནས་གོ་དགོས་པ་ཡང་མི་ཤེས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese