མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་བཞི་ཤོག་ཁག་གསར་པའི་ནང་གི་ལིན་ཅི་ཧྭ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་མགོ་བཙུགས་པ་དང་བསྟུན་ཏེ་གནས་ཚུལ་གསར་པ་ཁག་ཅིག་འཐོན་བཞིན་ཡོད་པ་ནི། ལོ་གཉིས་གོང་པེ་ཅིན་དུ་རླངས་འཁོར་བརྡབ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པའི་ལིན་ཅི་ཧྭ་ཡི་བུ་ལིན་ཀཱོ་དང་མཉམ་དུ་བོད་པའི་བུ་མོ་གཉིས་ཡོད་པ་ལས་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། དེ་སྔའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་དང་། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ། འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ལིན་ཅི་ཧྭ་(Ling Jihua)ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་པ་མ་ཐག ལིན་ཅི་ཧྭ་ཡི་མི་ཚེའི་བརྒྱུད་རིམ་དང་ཆབ་སྲིད་ལས་དོན། ཁོའི་མི་ཚང་གི་གནས་ཚུལ་སོགས་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་འབྱུང་བཞིན་འདུག

༢༠༡༢ ལོ་ཟླ་ ༣ ཚེས་ ༡༨ ཉིན་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ། རྒྱལ་སྤྱིའི་ཐོག་མིང་གྲགས་ཆེ་བའི་རླངས་འཁོར་ཧྥད་རད་རི་ (Ferrari)ནག་པོ་ཞིག་པེ་ཅིན་གྲོང་ཁྱེར་དུ་བྱང་ཕྱོགས་སུ་ཤར་རྒྱུག་བྱེད་བཞིན་པའི་སྐབས་ལ། གློ་བུར་དུ་སི་ཧན་པའོ་ཧྥའོ་སའུ་ (四环保福寺)ཟམ་པའི་ཤར་ལྷོའི་གྲུ་ཟུར་གྱི་རྩིག་གྱང་ལ་བརྡབ་པ་དང་། ཕྱིར་འཁོར་ནས་བྱང་ངོས་ལམ་འགྲམ་གྱི་ལྕགས་ངོས་ལ་བརྡབ་སྟེ། རླངས་འཁོར་ནང་སྐྱེས་པ་གཅིག་ཡོད་པ་དེ་ས་དེ་རང་དུ་བསད་ཡོད་པ་དང་། གཞན་བུད་མེད་གཉིས་ཡོད་པར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག  

ཉིན་དེར་པེ་ཅིན་ཚགས་ཤོག་(Beijing wangbao)སྟེང་གནས་ཚུལ་མདོ་བསྡུས་ཤིག་བཀོད་ཡོད་ཀྱང་འདས་གྲོངས་སུ་ཕྱིན་པའི་སྐྱེས་པ་དེ་སུ་ཡིན་གསལ་བཤད་བྱས་མེད། རྗེས་སུ་རྒྱ་ནག་ཕྱི་ལོགས་ཀྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར། ཉིན་དེར་འདས་གྲོངས་སུ་ཕྱིན་པའི་སྐྱེས་པ་དེ་ནི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ལིན་ཅི་ཧྭ་ཡི་བུ་ཡིན་སྐོར་བརྗོད་ཡོད།

ལོ་དེའི་ཕྱི་ཟླ་ ༡༠ བའི་ནང་ཨེ་ཤ་ཡར་ལྟ་བ་(yazhou zhoukan) ཞེས་པའི་སྟེང་གནས་ཚུལ་བཀོད་པར། ཉིན་དེར་རླངས་འཁོར་བརྡབ་སྐྱོན་ཁྲོད་རྨས་སྐྱོན་ཕོག་མཁན་བུད་མེད་གཉིས་ནི། ལང་མཚོ་དར་ལ་བབ་ཅིང་མཛེས་སྡུག་དཔལ་གྱིས་སྒེག་པའི་རང་ལོ་ ༢༥ ལ་སོན་པའི་བོད་པའི་བུ་མོ་གཉིས་ཡིན་ཞིང་། གཅིག་ནི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པའི་བུ་མོ་བཀྲ་ཤིས་སྒྲོལ་མ་ཡིན་པ་དང་། མོ་ཀྲུང་དབྱང་མི་རིགས་སློབ་ཆེན་ཐོན་ཡོད་འདུག བུ་མོ་གཞན་དེ་ཡང་ཕ་ཡུལ་མཚོ་སྔོན་ནས་ཡིན་ཞིང་མིང་ལ་གཡང་སྐྱིད་ཟེར་ཞིང་། མོ་རང་པེ་ཅིན་སྲིད་ཁྲིམས་སློབ་གྲྭ་ཐོན་ཡོད་འདུག ཁོ་མོ་སློབ་གྲྭ་དེར་ཡོད་སྐབས་མཛེས་མ་མེ་རྟོག་རྐང་གཅིག་ཏུ་འབོད་ཀྱིན་ཡོད་འདུག

རླངས་འཁོར་བརྡབ་སྐྱོན་བྱུང་མ་ཐག་བེམ་པོ་དང་རྨས་མ་སྨན་ཁང་དུ་བསྐྱལ་ཡོད་ཅིང་། བུ་མོ་བཀྲ་ཤིས་སྒྲོལ་མའི་ཕོ་བར་རྨས་ཕོག་སྟེ་རྒྱུ་མའང་ཕྱིར་ལུག་ཡོད་ནའང་སྨན་བཅོས་བྱས་ཏེ་ཕྲན་བུ་དྲག་སྐྱེད་བྱུང་བའི་ཉིན་ཤས་རྗེས། མུ་མཐུད་སྨན་བཅོས་དང་གཟུགས་པོ་གསོ་ཆེད་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག་ཡོད་པ་དང་། གཡང་སྐྱིད་ཀྱི་རྐང་པ་དུམ་བུ་གསུམ་བཅག་ཡོད་པ་མ་ཟད། དཔུང་པང་བཅག་ཡོད་པ་དང་། གཟུགས་པོའི་ཕྱེད་ཀ་དང་སྐྲ་སོགས་མེར་འཚིགས་ཡོད་འདུག ཁོ་མོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཀྱང་སྨན་ཁང་གིས་སྨན་བཅོས་གང་ལེགས་བྱས་མཐར་སྲོག་ཉེན་ལས་ཐར་ཏེ་ཚེ་མཇུག་དབང་བོ་སྐྱོན་དུ་ཆགས་རྒྱུ་ཡིན་པའི་གཏན་འཁེལ་ཡོད་འདུག

གཡང་སྐྱིད་ཀྱི་ངོ་ཤེས་ཤིག་གིས་བརྗོད་པ་ལྟར་ན། ཉིན་དེར་རླངས་འཁོར་བརྡབ་སྐྱོན་བྱུང་མ་ཐག་སྐྱེས་པ་དེ་བསད་ཡོད་ཅིང་བུ་མོ་གཉིས་དྲན་ཐོར་ཡོད་པ་དང་། དེ་མ་ཐག་ཁོ་ཚོ་སྨན་ཁང་དུ་བསྐྱལ་ཏེ་ཡུན་ཙམ་འགོར་རྗེས། གཡང་སྐྱིད་དྲན་པ་སོས་སྐབས། རླངས་འཁོར་ནང་གི་སྐྱེས་པ་དེ་གྲོངས་ཟིན་སྐོར་བརྗོད་སྐབས། ཁོ་མོར་ཚོར་བ་གང་ཡང་མེད་པའི་ངང་ “ག་རེ་ཡིན་ན་ཡིན། ང་ལ་འབྲེལ་བ་མེད་”ཅེས་ལབ་ཡོད་སྟབས་མོའི་གམ་གྱི་མི་རྣམས་ཧང་སང་སྟེ། མུ་མཐུད་མི་དེའི་སྐོར་དྲིས་སྐབས་མོས་རྩ་བ་ནས་ལན་འདེབས་བྱས་མ་སོང་ཟེར།  

གཡང་སྐྱིད་ཀྱི་རྨས་སྐྱོན་ཅུང་དྲག་སྐྱད་བྱུང་ཡང་དབང་བོ་སྐྱོན་ཅན་ཆགས་ཏེ་ཉིན་རྒྱུན་ཉལ་ཁྲིའི་སྟེང་ལྷག་ཡོད་སྟབས། མོ་ཉོབ་སྣང་སྐྱེས་ཏེ་རྟག་པར་ཁ་པར་སྣོག་པ་དང་མི་ལ་འཕྲིན་ཐུང་སྐུར་ནས་ཁ་བརྡ་བྱས་ཡོད་འདུག ཕྱི་ཟླ་ ༨ པའི་ཉིན་ཞིག་གཡང་སྐྱིད་ཅུང་ཙམ་མ་བདེ་བའི་ཚོར་བ་བྱུང་སྐབས། སྨན་པས་མོ་ལ་ཁབ་ཅིག་བརྒྱབ་རྗེས་མོ་གཉིད་དུ་ཡུར་ཡོད་ཅིང་། དུས་དེ་ནས་བཟུང་མོ་རང་གཏན་དུ་སད་རྒྱུ་མེད་པ་ཆགས་ཡོད་འདུག དེའི་རྗེས་སྨན་པ་ཚོས་མོ་གྲོངས་ཟིན་ཚུལ་བརྗོད་པར། ནང་མི་ཚོ་ཧ་ལས་ཏེ་སྲོག་ཉེན་ལས་ཐར་ཟིན་པའི་མི་ཞིག་བློ་བུར་དུ་གྲོངས་པའི་སྐད་ཆ་དེར་ཡིད་མ་ཆེས་པ་བྱུང་ཡོད་འདུག

གཡང་སྐྱིད་ཀྱི་འབྲེལ་ཡོད་མི་སྣ་ཚོས་བརྗོད་ན། གཡང་སྐྱིད་སྨན་ཁང་དུ་ཡོད་སྐབས། རྒྱ་ནག་གི་དཔོན་རིགས་ཤིག་གིས་གཡང་སྐྱིད་ཀྱི་ནང་མི་དང་ནད་ཡོད་ཚོར། གནས་ཚུལ་གང་ཡང་ཕྱི་གྱར་བྱེད་མི་ཆོག་པ་མ་ཟད། འཛམ་གླིང་མི་མང་གིས་དོན་རྐྱེན་དེ་དང་དེའི་རྒྱབ་ལྗོངས་ལ་རྩད་ཞིབ་བྱེད་བཞིན་ཡོད་སྟབས། ཕྱི་ལོགས་ཀྱི་མི་སུ་གང་ལའང་འབྲེལ་འདྲིས་བྱེད་མི་ཆོག་ཚུལ་བརྗོད་ཡོད་འདུག

ཉེ་ཆར་རྒྱ་ནག་གི་ཚད་ཞིན་ (Caixin) གསར་ལམ་ཐོག་གནས་ཚུལ་སྤེལ་བར། ཉིན་དེའི་རླངས་འཁོར་བརྡབ་སྐྱོན་ཁྲོད་གྲོངས་ཟིན་པའི་སྐྱེས་པ་དེ་ནི་ལིན་ཅི་ཧྭ་ཡི་བུ་ལིན་ཀཱོ་ཡིན་པ་དང་། བུའི་ཤི་རྐྱེན་འགེབས་སྲུང་ཆེད་ལིན་ཅི་ཧྭ་ཡིས་སྲིད་ཁྲིམས་གོ་རིམ་ཁྲོད་ཀྱི་མི་སྣ་ཞིག་ལ་ལས་འགན་སྤྲད་ཡོད་ཀྱང་། སྟབས་མ་ལེགས་པར་ཉེ་ལམ་ ལིན་ཅི་ཧྭ་ཡི་འཆར་གཞི་ཡོངས་རྫོགས་ཕམ་ཉེས་སུ་སོང་ཡོད་ཅེས་འཁོད་འདུག

ཟླ་འདིའི་ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་ཡོད་ཀྱང་ནག་ཉེས་གང་ཡིན་གསལ་བཤད་བྱས་མེད། ཚེས་ ༢༤ ཉིན་ཝུན་ཞའོ་ཁྲིན་ (wenxuecity)ཞེས་པའི་དྲ་ཚིགས་སྟེང་། ལིན་ཅི་ཧྭ་འཛིན་བཟུང་བྱས་རྗེས་སེམས་འཚུབ་དང་སྐྱོ་སྣང་ཆེ་ཤོས་དེ་ཧུའུ་ཅིན་ཐོ་ཡིན། དེ་ནི་ལིན་ཅི་ཧྭ་ནི་སྔོན་ཆད་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་ཡིན་པ་མ་ཟད། ཁོའི་ཧ་ཅང་བློ་ཐག་ཉེ་ཤོས་ཀྱི་མི་སྣ་ཞིག་ཀྱང་ཡིན། ཧུའུ་ཅིན་ཐོ་ཡིས་རྒྱབ་སྐྱོར་འོག་ཁོའི་གོ་གནས་མགྱོགས་མྱུར་ངང་འཕར་ཡོད་པ་མ་ཟད། ཆབ་སྲིད་དང་དམག་དོན་སོགས་ཀྱི་གསང་བའི་གནས་ཚུལ་མང་པོ་ཞིག་ལ་འགན་འཁུར་བའི་གོ་སྐབས་ཀྱང་བྱུང་ཡོད་ཅེས་འཁོད་འདུག  

ཧུའུ་ཅིན་ཐོ་དང་ལིན་ཅི་ཧྭ་གཉིས་ནི་ཅང་ཙེ་མིན་དང་ཚུན་ཆིན་ཧོན་གཉིས་དང་འདྲ་ཡང་། ཁོ་གཉིས་དང་བསྡུར་ན་དབང་ཤུགས་ཆུང་བ་མ་ཟད། སྟབས་མ་ལེགས་པ་ཞིག་ལ་ཁོ་གཉིས་ཀྱི་ཁ་གཏད་མའོ་དང་ཏུན་གཉིས་ལས་དཔའ་མཛངས་རྟུལ་ཕོད་ཆེ་བའི་གུང་ཁྲན་ཏང་གི་མགོ་ཁྲིད་ལྔ་པ་ཞི་ཅིན་ཕིན་ལ་ཐུག་ཡོད་པ་དེ་རེད། ལིན་ཅི་ཧྭ་ཡིས་དབང་ཆ་རྩོད་ལན་གྱི་ཞོར་དུ་སྒེར་གྱི་ཁེ་ཕན་རྩོད་ལན་བྱས་ཡོད་སྟབས། ཁོ་ཚང་གི་ཁྱིམ་རྒྱུད་དེ་རྒྱུ་རྔམ་ཆེན་པོ་ཅན་ཞིག་ཆགས་པ་མ་ཟད། ལྐོག་ཟ་རུལ་སུངས་ “རུལ་ཏང་ཚོགས་ཁག་” ལ་ལྐོག་འབྲེལ་ཟབ་མོ་ཆགས་ཡོད་སྟབས། ཁོའི་གྱོད་དོན་དེའང་ཉེས་ཅན་པའོ་ཞི་ལེ་དང་ཞའུ་ཚད་ཧོ། ཀྲུའུ་ཡོང་ཁང་སོགས་ལ་འབྲེལ་བ་ཆགས་ཏེ། ཕྱི་ལོགས་ཀྱི་གསར་ལམ་ཁག་ཏུ་ “མི་བཞི་ཤོག་ཁག་གསར་མ་” བྱས་རྗོད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན། རྒྱ་ནག་ལ་ལྟ་བ་ཞེས་པའི་དྲ་ཚིགས་གསར་འགོད་པ་ཨད་ལིན་ (Ai Ling)གྱིས་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ཁྲིན་ཕའོ་ཁོན་ (Chen Pokong) ལ་བཅའ་འདྲི་བྱས་པ་ཞིག་སྤེལ་བའི་ནང་། ལིན་ཅི་ཧྭ་ཡིས་ཁོ་རང་གི་གཅེས་ཕྲུག་རླངས་འཁོར་ ༣༡༨ གྱི་བརྡབ་སྐྱོན་ཁྲོད་ཚེ་སྲོག་ཤོར་བའི་གནས་ཚུལ་འགེབས་སྲུང་བྱེད་དོན་ནི། ཅང་ཙེ་མིན་ཕྱོགས་ཁག་ལ་ངན་འབྲེལ་ཡོད་པས་ཡིན་པ་དང་། ཀྲུའུ་ཡོང་ཁང་གི་གོ་སྒྲིག་འོག་རླངས་འཁོར་དོན་རྐྱེན་ཁྲོད་ལིན་ཅི་ཧྭ་ཡི་བུ་མཆི་ལམ་དུ་བཅུག་སྟེ། ཀྲུའུ་ཡོང་ཁང་དང་མཉམ་འབྲེལ་མི་བྱེད་ཐབས་མེད་བྱུང་ཡོད་ཅིང་། མཉམ་འབྲེལ་འདིའི་དགོས་དམིགས་གཙོ་བོ་པའོ་ཞི་ལེ་ཡི་གྱོད་དོན་རྩད་ཞིབ་མཚམས་འཇོག་བྱ་རྒྱུ་དེ་ཡིན་འདུག

ལིན་ཅི་ཧྭ་ནི་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་བྱས་མྱོང་ཡོད་ཀྱང་ད་ལྟ་ལིན་ཅི་ཧྭ་ལ་དཀའ་ངལ་སྤྲད་སྐབས། ཧུའུ་ཡིས་རོགས་སྐྱོར་མ་བྱས་པ་དང་བྱེད་ཐབས་མེད་པའི་རྒྱུ་མཚན་ནི། ཧུའུ་ཅིན་ཐོ་ཡིས་པའོ་ཞི་ལེ་ཡི་གྱོད་དོན་ལག་བསྟར་སྐབས། སྟབས་མ་ལེགས་པར་ལིན་ཅི་ཧྭ་ཡི་ཁྱིམ་ཚང་སྒེར་གྱི་གནས་ཚུལ་དེ་གསར་ལམ་ཁག་ཏུ་ཁྱབ་དེས། རང་བཞིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཁྲོད་ཧུའུ་ཅིན་ཐོ་ལ་གླེང་སློང་བྱུང་སྟབས་ཧུའུ་ཡི་དབང་ཤུགས་ཉམས་ཆག་ཏུ་ཕྱིན་ཏེ། ཞི་ཅིན་ཕིན་གྱི་ལས་དོན་ཐོག་ཧུའུ་ཅིན་ཐོ་ཡིས་ལག་པ་བསྲིང་མི་ཐུབ་པ་ཆགས་ཡོད།

གང་ཡིན་ཞེས་ན། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བཏང་བའི་ཁྱོད་ཤི་ང་གསོན་གྱི་དམག་འཐབ་ཁྲོད་ནས་ལེགས་འགྲུབ་བྱུང་བ་དག་ནི། ཕྱི་ཟླ་ ༩ ཚེས་ ༢༤ ཉིན་བོང་ལའི་ཅིན་གྱི་གྱོད་དོན་ཐག་གཅོད་བྱས་པ་དང་། ཟླ་ ༩ ཚེས་ ༢༨ ཉིན་པའོ་ཞི་ལེ་ཁྲིམས་ཞིབ་ཁང་དུ་རྩིས་སྤྲོད་བྱས་པ། ཟླ་ ༨ ཚེས་ ༢༩ ཉིན་དེ་སྔོན་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་དུ་མི་དགུ་ཡོད་པ་ལས་གཉིས་ཉུང་དུ་བཏང་ནས་མི་བདུན་བཟོས་ཏེ། ཀྲུའུ་ཡོང་ཁང་གི་དབང་ཆ་དང་རྐུབ་སྟེགས་ལྷན་གཅིག་མེད་པ་བཟོས་སྟབས་ཁོས་ལིན་ཅི་ཧྭ་ལ་རོགས་རིམ་བྱེད་པའི་ནུས་ཤུགས་ཟད་ཡོད།   

ཞི་ཅིན་ཕིན་གྱི་གོམ་པ་རྗེས་མ་ག་རེ་ཡིན་པ་དང་། ད་དུང་འདི་ལས་ལྷག་པའི་སྟག་རྒན་ཚོའི་གོ་གནས་ཕབ་རྒྱུ་ཡོད་མེད་སྐོར་ལ་ཁྲིན་ཕའོ་ཁོན་གྱིས། སྐབས་ ༡༨ པའི་ཚོགས་ཆེན་རྗེས་ནས་བཟུང་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་ (Wang Qishan)གཉིས་ཀྱིས་དུས་ཚོད་ཉུང་ཤས་ཤིག་གི་ནང་དུ་སྟག་རྒན་རེ་འཇུས་པའི་མགྱོགས་ཚད་དང་འཕེལ་རིམ། དབང་ཚད་ལ་བལྟས་ན། རྒྱ་ནག་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་པ་དང་། སྔོན་ཆེད་ཝོང་ཆི་ཧྲན་གྱིས་གཞུང་གི་ལས་བྱེད་མགོ་ནས་མཇུག་བར་གྱི་མི་སྣར་བཅོས་བསྒྱུར་བྱ་དགོས་པ་དང་། སུས་ཀྱང་ལྐོག་ཟ་རུལ་སུངས་བྱ་མི་ཐུབ་པ་དང་མི་ཕོད་པ། མི་དྲན་པ་ཞིག་གི་ཚད་དུ་བསྐྱལ་དགོས་ཞེས་བཤད་ཡོད་སྟབས། ལིན་ཅི་ཧྭ་ནི་ཞི་ཅིན་ཕིན་གྱིས་ཞིབ་བཤེར་བྱེད་ཡུལ་ཆེས་མཐའ་མ་དེ་མིན་པར། དེ་ལས་མང་བ་ཡོད་པའི་ཁྲོད་དུ་དམག་དཔོན་ཀོ་པའོ་ཞོན་ (Guo Boxiong) དང་། ཆབ་སྲིད་ཨུ་ཡོན་རྒྱུན་ལས་ཁང་གི་ཅ་ཆེ་ལེན་(Jia Qiling)། ཚིན་ཆིན་ཧོན་ (Ceng Qinghong)སོགས་ཚུད་ཡོད་ཟེར།

ཝང་ཆི་ཧྲན་གྱིས་རྒྱ་དཔོན་ཚོའི་ལྐོག་ཟ་རུལ་སུངས་དེ་བཅོས་བསྒྱུར་བྱས་ཏེ་ཁྲོམས་ལྟ་འགྲོ་བཞིན་པའི་དུས་འདིར། གུང་ཁྲན་ཏང་གི་ལམ་ལུགས་འོག་འདི་ལྟར་མུ་མཐུད་དུ་འགྲོ་ཐུབ་མིན་ཐད་ཁྲིན་ཕའོ་ཁོན་གྱིས་འདི་ལྟར་བརྗོད་འདུག རྒྱ་ནག་གི་གནད་དོན་ཐག་གཅོད་བྱ་དགོས་ན་གུང་ཁྲན་ཏང་གི་གནད་དོན་ཐག་གཅོད་བྱ་དགོས། གང་ཡིན་ཞེ་ན། ཤོག་ཁག་ཅིག་གི་སྒེར་གཅོད་ལམ་ལུགས་ནི་རླུང་བུ་བཞིན་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཀྱི་འཁྲུག་རྩོད་ཀྱང་དབང་ཆའི་འགེབས་སྲུང་ཞིག་ཡིན། ཤོག་ཁག་གཅིག་གི་སྒེར་གཅོད་གནས་སྟངས་འོག་མི་གཅིག་གིས་སྤྱི་ཚོགས་ཀྱི་གཞི་རྩའི་གནད་དོན་ཐག་གཅོད་བྱ་མི་ཐུབ། ཁྲིམས་སྐྱོང་བྱ་བ་དང་དམངས་གཙོ་ཡིས་ད་བཟོད་རྒྱ་ནག་གིས་གནད་དོན་ཐག་གཅོད་བྱེད་ཐུབ། མ་འོངས་པའི་རྒྱ་ནག་གི་ཆབ་སྲིད་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་མིན་དེ་ཁྲིམས་ལུགས་ལྟར་སྲིད་འཛིན་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་བལྟས་ན་འདི་ནི་གུང་ཁྲན་ཏང་གི་སྐད་ཆ་སྟོང་པ་ཞིག་དང་ཡིད་ཆེས་བྱེད་དཀའ་བ་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་དབང་ཆ་རྩོད་ལན་འདིས་ལམ་ལུགས་གསར་བ་ཞིག་དང་སྤྱི་ཚོགས་གསར་བ་ཞིག་གི་སྒུལ་ཤུགས་སུ་འགྱུར་ངེས་ཡིན། ཕར་གསོད་ཚུར་དམེ་ཡི་མཇུག་མཐར་ལམ་ལུགས་བཅོས་བསྒྱུར་བྱ་དགོས་ཐུག་སྲིད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༢ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ང་ཡང་།
    ་་་་་་་རྒྱ་ནག་གི་གནས་ཚུལ་ཁག་ཅིག་བོད་པའི་གསར་ལམ་ནང་ཁ་གསལ་གཏིང་གསལ་གྱིས་ཐོན་པ་ཤིན་ཏུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ་་་་་་་་་་་་་

    Reply
  2. མཁར་སྟོད། says:
    ལོ་ 12 སྔོན།

    སྟག་རྒན་ངར་མ་ཀྲའུ་ཡུང་ཁང་དང་། སོ་བུད་ཚར་བའི་སྟག་རྒན་པོའོ་ཞུས་ལེའེ་སོགས་དང་ཧ་ཅང་འདྲིས་འབྲེལ་ཆེ་བའི་སྟག་རྒན་ཀྲའོ་བྷིན་ཧྲན་ཞེས་པ་ཞིག་ཡོད་པ་དེ་ཡང་ཞིའི་ཅིན་ཕིན་གྱི་རྙི་ནང་ཚུད་ཡོད་པས་མགྱོགས་མྱུར་སྤྱན་གཟིགས་གླིང་ཁའི་ནང་སྐྱེལ་རྒྱུ་རེད་འདུག

    Reply
  3. འཇམ་གཅེས ། says:
    ལོ་ 12 སྔོན།

    ཆ་ཚང་ཚར་གཉིས་བཀླགས་པ་ཡིན། ཧ་ཅང་སྙན་མོ་བྱུང་སོང་། བཀའ་དྲིན་ཆེ།

    Reply
  4. སྟོན་པ། says:
    ལོ་ 12 སྔོན།

    དུས་བབ་ཚང་གིས་ཉེ་བའི་ཆར་ནས་ངས་་རེ་བ་ལོ་མང་བཅང་བའི་གནས་ཚུལ་ཁག་ཅིག་མུ་མཐུད་སྤེལ་བྱུང་། གསར་འགོད་པ་འདི་དག་ལ་ངོ་སོ་བསྟོད། ཁྱོད་ཚོའི་བྱ་ལམ་དུ་འགྲོ།

    ངས་རྒྱུན་རིང་ཞིག་ལ་བོད་ཀྱི་དུས་བབ་ལ་རེ་བ་བརྒྱབ། བང་ཆེན་ལ་རེ་བ་བརྒྱབ། ཚོགས་ཤོག་དང་དྲ་བ་ཤ་ཤས་ཞིག་ལ་རེ་བ་བཅོལ། བསམ་ཚུལ་བཏོན། རེ་སྐུལ་ཞུས། སྐྱོན་བརྗོད་བྱས་མྱོང་། འོན་ཀྱང་ང་ལ་དགོས་པ་ནི་འདི་ལྟར་ཡར་རྒྱས་ཀྱི་ལམ་ལ་འགྲོ་ཐུབ་མཁན་ཞིག་དུས་བབ་དང་བང་ཆེན་སོགས་བོད་པའི་གསར་གནས་ཁག་གི་རྩོམ་སྒྲིག་པར་བཞུགས་ཐུབ་རྒྱུ་དེ་ཡིན།
    ངས་བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པའི་གཟུགས་ཀྱི་གྲིབ་མ་ཙམ་མཐོང་མ་མྱོང་མོད། ཉེ་བའི་གསར་འགྱུར་འགོད་སྟངས་འདིས་དུས་བབ་ཚང་གི་རྩོམ་སྒྲིག་པ་འཕོ་འགྱུར་སོང་བའི་ཉམས་སྣང་ཞིག་སྤྲོད་ཀྱིན་འདུག གང་ལྟར་རྒྱ་ནག་གི་གནས་ཚུལ་ཁག་ཅིག་བོད་པའི་གསར་ལམ་ནང་ཁ་གསལ་གཏིང་གསལ་གྱིས་ཐོན་པ་ཤིན་ཏུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese