མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་སྦྱོང་ཐོག་ཕོ་མོ་འདྲ་མཉམ་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོར་སྐྱོང་གནང་གི་ཡོད་པ་དང་བསྟུན་ཏེ། ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་༧གོང་ས་མཆོག་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ། བཙུན་མ་རྣམས་ལ་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་ཐོག་ནས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་དགོས་པའི་སྐོར་གསུངས་པ་འདིར་བསྡུ་སྒྲིག་བྱས་ཡོད།

༧གོང་ས་མཆོག་གིས་བཀའ་གནང་དོན། ཡེ་ཤུའི་ཨ་ནེ་དེ་འདྲས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་དང་། སློབ་གྲྭ་ཁག་ནང་དགེ་རྒན་སོགས་བྱེད་བཞིན་འདུག ང་རང་ཚོའི་བཙུན་མའི་ནང་དེ་འདྲ་མང་ཙམ་འཐོན་ཐུབ་པ་བྱུང་ན། ལྷག་པར་དགེ་རྒན་བྱེད་མཁན་མང་ཙམ་བྱུང་ན་ཧ་ཅང་ཕན་ཐོགས་ཡོང་ངེས་རེད། དེང་སྐབས་ཕོ་མོ་འདྲ་མཉམ་ཞེས་ང་ཚོས་ཤོད་ཀྱི་ཡོད། འདྲ་མཉམ་ཡོང་རྒྱུ་ངོ་མ་དེ་སློབ་སྦྱོང་ཐོག་ནས་དགེ་བཤེས་དང་དགེ་བཤེས་མ་ཞེས་འདྲ་འདྲ་འཐོན་ཐུབ་པ་ཞིག་བྱུང་ན་ང་རང་ཚོའི་ཕོ་མོ་འདྲ་མཉམ་གྱི་གནས་ཚུལ་ལའང་ཕན་ཐོགས་ཡོད། བཅོམ་ལྡན་འདས་ཀྱི་རྩ་བའི་ཆ་ནས་དགེ་སློང་ཕ་དང་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་ཡོད། འོན་ཀྱང་དེའི་དུས་ཀྱི་རྒྱ་གར་གྱི་ཡུལ་སྤྱོད་དང་བསྟུན་ནས་དགེ་སློང་ཕ་གྲལ་གྱི་གོང་དུ་བསྡད། དགེ་སློང་མ་གྲལ་གྱི་མཇུག་ཏུ་སྡོད་རྒྱུ་དེ་འདྲ་ཞིག་ཡོད། དེ་ནི་གཙོ་བོ་སྐབས་དེའི་རྒྱ་གར་གྱི་ཡུལ་སྤྱོད་དང་མཐུན་པ་ཞིག་རེད། དེ་རིང་ཁ་སང་དུས་སྐབས་སུ་བུད་མེད་དང་སྐྱེས་པ་འདྲ་མཉམ་ཡིན། ཞེས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཙམ་དུ་མ་ཟད། ངོས་ཀྱིས་ནམ་རྒྱུན་དུ་རྗོད་ཀྱི་ཡོད། དེ་རིང་ཁ་སང་དུས་སྐབས་སུ་དེང་དུས་ཀྱི་ཤེས་ཡོན་རྐྱང་པས་འདང་གི་མེད། དེ་རིང་ཁ་སང་དུས་ཚོད་ལ་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུར་སོ་སོའི་ལུས་པོའི་བསྒྲུབ་ཆ་ནས་བུད་མེད་ཚོས་གཞན་སྡུག་བསྔལ་གྱི་མནར་བ་ལ་མི་བཟོད་པ་དེ་ཤུགས་ཆེ་བ་ཡོང་གི་ཡོད། དེ་འདྲ་ཡིན་དུས་དེ་རིང་ཁ་སང་གི་དུས་ཚོད་ལ་འཛམ་གླིང་ཤེས་ཡོན་གྱི་ནང་བྱམས་བརྩེ་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་ཞིག་དང་། དེའི་ཐོག་ནས་སྤྱི་ཚོགས་ནང་བྱམས་བརྩེ་གོང་མཐོར་གཏོང་དགོས་པའི་དུས་ཚོད་གཅིག་ལ་ཁྱེད་རང་ཚོ་བུད་མེད་ཚོ་གནད་དགག་ཆེན་པོ་ཞེ་དྲག་ཆགས་ཡོད། དེ་མཁྱེན་བྱུང་ངམ། ཞེས་སོགས་གསུངས་འདུག

ཡང་ཁོང་གིས་གསུངས་དོན། མིའི་ཀླད་པ་ལ་བུད་མེད་དང་ཁྱོ་ག་གཉིས་ལ་དབྱེ་བ་གང་ཡང་མེད། ཐོབ་ཐང་དབྱེ་བའང་གང་ཡང་མེད། རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ནང་དུའང་བུད་མེད་འགའ་ཤས་ཡོད། བོད་ལ་དགེ་སློང་མ་དཔེར་ན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སྨྱུང་གནས་ཀྱི་ཕྱག་སྟོང་སྤྱན་སྟོང་སྤྱན་རས་གཟིགས་ཀྱི་ཆོ་ག་དེ་འདྲའི་སྨྱུང་གནས་གཏོང་གི་ཡོད། དེ་ཡང་དང་པོ་ཁུངས་གཏུགས་ས་དེ་དགེ་སློང་མ་རེད། དགེ་སློང་མ་དཔལ་མོ་ཞུ་བ་ཁོང་རེད། གང་ལྟར་བསྟན་པའི་བྱ་བ་ཆེན་པོ་བསྒྲུབ་ཡོད། བོད་དུའང་བུད་མེད་ཀྱི་རྣལ་འབྱོར་མ་ཆེན་པོ་དེ་འདྲ་བྱུང་ཡོད། དཔེར་ན་གཅོད་གཏོང་མཁན་ལ་མཚོན་ནའང་རེད། གང་ལྟར་མང་པོ་གཅིག་གིས་བུད་མེད་ཀྱི་རྟེན་ལ་བསྟན་པའི་བྱ་བ་སྒྲུབ་མཁན་མང་པོ་བྱུང་ཡོད། དེར་བརྟེན། ཁྱེད་ཚོས་ང་ཚོ་བུད་མེད་ཡིན། ཞེ་དྲག་གང་ཡང་ཡོང་གི་མ་རེད་བསམ་པའི་བསམ་བློ་དེ་འདྲ་མ་བཏང་བར་ང་ཚོ་འདྲ་མཉམ་ཡིན་ཞེས་ངར་སེམས་དོད་ཙམ་བྱེད་དགོས། ཡང་འདྲ་མཉམ་ཡིན་ཞེས་འཛིང་རེས་དང་ཨབ་ཏང་ཚད་དགོས་ནའང་འདྲ་མཉམ་ཡིན་ཞེས་བརྗོད་ཐུབ་རྒྱུ་རྩ་བ་ནས་མེད། ང་ཚོ་འདྲ་མཉམ་ཡིན་བརྗོད་རྒྱུ་དེ་སངས་རྒྱས་ཀྱི་ཆོས་བཅོམ་ལྡན་འདས་ཁོང་རང་གིས་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཚང་མ་སྐྱེས་པ་དང་འདྲ་མཉམ་བྱས་ཏེ། བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་བསྒྲུབ་རྒྱུ་དེ་དག་རབ་བྱུང་ཕོ་དང་འདྲ་མཉམ་བྱེད་ཐུབ་པ་གཅིག་བྱ་དགོས། ཞེས་བཀའ་སློབ་བསྩལ་ཡོད་འདུག

པདྨ་མཚོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese