མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྨན་རྩིས་ཁང་གི་མིང་ཐོག་ནས་གང་བྱུང་བྱེད་མཁན་ཚོ་ཁྲིམས་ཐོག་ལ་སྐྱོལ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་པའི་དུས་དྲན་ཐོག ད་ལྟའི་ཆར་ལྷན་ཚོགས་ཀྱི་ཁོངས་སུ་ཁྱོན་སྨན་པ་ ༤༥༠ དང་སྨན་སྦྱོར་ཁང་ ༥ ཡིས་དེབ་སྐྱེལ་བྱས་ཡོད་སྐོར་བརྗོད་སོང་།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ངྷ་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༡ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཉིན་གྲངས་ ༢ རིང་གི་དམིགས་བསལ་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་དང་སྤྱི་འཐུས་རྒྱུན་ལས། དེ་བཞིན་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་དང་འབྲེལ་ཡོད་སྨན་པ་བགྲེས་གཞོན་བཅས་འཛོམས་འདུག

སྐབས་དེར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་ཀྱིས་ལྷན་ཚོགས་ཀྱི་དགོས་དམིགས་སྐོར་ལ་གཏམ་བཤད་གནང་དོན། སློབ་གྲྭ་དེབ་སྐྱེལ་དང་སྨན་སྦྱོར་དེབ་སྐྱེལ། སྨན་པ་དེབ་སྐྱེལ་བྱེད་པ་བཅས་ནི་སྨན་པའི་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གསུམ་ཡིན་པ་དང་། དེ་ཚོ་འཐུས་ཤོར་ཕྱིན་པ་ཡིན་ན་རིག་གཞུང་ཉམས་པའི་རྒྱུ་གཙོ་བོ་ཞིག་ཆགས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་དགོས་པ་གལ་ཆེན་པོ་རེད། དཔེར་ན། གསོ་བ་རིག་པ་ལག་ལེན་བསྟར་མཁན་དྷ་རམ་ས་ལ་གཅིག་པུ་མ་རེད། དེང་སང་གཞན་དབང་སྟབས་བསྟུན་གྱི་ཐོག་ནས་ལུང་པ་མང་པོ་ཞིག་ལ་ཁྱབ་ཡོད་སྟབས། དེ་ཚོ་ཚང་མར་ང་ཚོ་སྨན་པའི་ལྷན་ཚོགས་ཚོགས་པ་གཅིག་གིས་སྙོབ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་སྟབས། དེ་ཚོར་གཞིས་མགོ་དང་སྐུ་ཚབ་དོན་གཅོད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་སྨན་པ་ཚད་ལྡན་ཐོན་མེད་པ་ཚོ་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་ནི་སྨན་རང་དགར་སྦྱོང་མཁན་ཚོར་བཀག་སྡོམ་བྱེད་པའི་དམིགས་ཡུལ་མིན་པར། དུས་རབས་ཉེར་གཅིག་པ་དང་མཐུན་པའི་ལམ་ཁ་ཞིག་གི་ཐོག་འགྲོ་དགོས་ན་ང་རང་ཚོའི་སྤུས་ཚད་སྟངས་འཛིན་དང་རྒྱལ་སྤྱིའི་ཁྲིམས་འགྲོ་སྟངས་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། དམིགས་ཡུལ་དེ་ཚོ་གཞིར་བཞག་པའི་ཐོག་ནས་སྟངས་འཛིན་བྱེད་བཞིན་ཡོད་སྐོར་སོགས་བརྗོད་སོང་།

སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཡིག་ཐོག་ནས་ཚོགས་འདུ་དེར་གསུང་བཤད་ཅིག་བསྐུར་ཡོད་པའི་ནང་། སྨན་པའི་ལྷན་ཚོགས་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ཀྱི་འབྲེལ་བ་ནི་འཛམ་གླིང་རྒྱལ་སྤྱི་དང་ཨ་རི་གཉིས་ཀྱི་འབྲེལ་བ་ལྟ་བུ་ཡིན་པ་དང་། དེང་སང་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པའི་ཐོག་དོ་སྣང་དང་དགའ་ཞེན་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་གང་བྱུང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་པར་བརྟེན། སྨན་པའི་ལྷན་ཚོགས་ནས་བྱ་ར་ལྟ་བུ་གནང་རོགས་ཞུ་རྒྱུ་མ་ཟད། ལས་དོན་འདིའི་ཐོག་འགྲོ་སོང་ཆེན་པོ་ཡོན་སྟབས། བོད་ཀྱི་སྨན་རྩིས་ཁང་ནས་དཔལ་འབྱོར་མཐུན་རྐྱེན་རྒྱ་མི་ཆུང་བ་ཞུ་ཆོག་ཅེས་སྔ་རྗེས་སུ་ཞུས་ཡོད་ལ། བོད་ཀྱི་སྨན་རྩིས་ཁང་གི་མཚན་བྱང་བེད་སྤྱོད་གཏོང་མཁན་ཚོར་སྨན་པའི་ལྷན་ཚོགས་ཀྱིས་སློབ་གསོ་གོ་བཀོན་གནང་སྟེ། དགེ་ཕན་མ་བྱུང་ཚེ་ཁྲིམས་གཏུགས་བྱས་ཏེ་རྩ་ཆེའི་དུས་ཚོད་དང་དཔལ་འབྱོར་གྲོན་གཏོང་རྒྱུར་ཐེ་ཚོམ་མེད་སྐོར་སོགས་འཁོད་འདུག

དེ་རྗེས་ཨ་ཡུ་ཤི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་སྐུ་ཚབ་འཕྲིན་ལས་དབྱངས་འབྱོར་ལགས་ཀྱིས། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་ལ་དྭགས་དང་ཧི་མ་ཡ་ལ་ཁུལ་གྱི་སྨན་པ་དང་སྨན་སྦྱོར་ཁང་ཚོར། ལྷན་ཚོགས་ཀྱི་ཁོངས་སུ་ཁྲིམས་མཐུན་དེབ་སྐྱེལ་དགོས་པའི་རེ་སྐུལ་རིམ་པར་ཞུས་ཀྱང་དོན་འབྲས་དེ་ཙམ་ཐོན་གྱི་མེད་ལུགས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་སྐུ་ཚབ་རྒྱ་རིགས་ཐར་ལགས་ཀྱིས། བོད་ཀྱི་ནང་ཆོས་དང་གསོ་བ་རིག་པ་འདི་གཉིས་ནི། སྲོལ་རྒྱུན་རང་བཞིན་གྱི་ཐོག་ནས་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དང་མི་རིགས་ཀྱི་འདུ་ཤེས་གྲུབ་བྱེད་ཀྱི་རིག་གཞུང་མ་འདྲ་ཞིག་ཆགས་ཡོད་ཀྱང་། ལོ་རབས་ ༥༠ པ་ནས་མགོ་བཙུགས་ཏེ་རྒྱ་ནག་དམར་ཤོག་གིས་བོད་ཀྱི་རྩ་ཆེ་བའི་རིག་གཞུང་དེ་འཕྲོ་བརླག་དང་བརྡབ་གསིག་ཆེན་པོ་གཏོང་བཞིན་ཡོད་པ་རེད། གལ་སྲིད་བོད་ཀྱི་རིག་གཞུང་འདི་མེད་པར་བཏང་བ་ཡིན་ན་བོད་མི་རིགས་འདི་རྩ་བརླག་ཏུ་འགྲོ་རྒྱུ་དང་། བོད་མི་རིགས་འདི་རྩ་བརླག་ཏུ་ཕྱིན་པ་ཡིན་ན། བོད་ཟེར་བའི་ག་དུས་ཡིན་ནའང་རྒྱ་ནག་གཞུང་གི་སེམས་ན་མ་བདེ་བ་ཞིག་ཡོད་པ་དེ་གྲགས་མེད་ཚོར་མེད་གཏོང་འཆར་ཡོད་པ་དང་། འཆར་གཞི་དེ་འདྲ་ཞིག་གི་ཐོག་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་ནང་ནས་བོད་མི་རིགས་ལ་ཕན་ཐོགས་ཤིང་རྩ་ཆེ་བའི་རིག་གཞུང་ནང་ཆོས་དང་གསོ་བ་རིག་པ་རྒྱ་གཞུང་གིས་འཕྲོ་བརླག་ཏུ་བཏང་ཚར་བ་རེད། ཡིན་ནའང་། སྤྱི་ཚོགས་ཀྱི་གནས་བབ་དེ་འདྲ་ཞིག་གི་འོག་ནས་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ཏེ། ང་ཚོས་སྐྱབས་བཅོལ་གྱི་ལུང་པ་ནས་སོ་སོའི་རིག་གཞུང་གི་ནང་ནས་དམིགས་བསལ་གྱིས་བོད་ཀྱི་གསོ་བ་རིག་པ་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ། ད་ལྟ་ང་ཚོས་བལྟ་ཡོང་བའི་སྐབས་སུ་རྒྱལ་ཁའི་ཕྱོགས་ཀྱི་གྲུབ་འབྲས་ཤིག་མཐོང་ཡོང་གི་འདུག བཙན་བྱོལ་སྤྱི་ཚོགས་ནང་ནས་བོད་ཀྱི་གསོ་བ་རིག་པར་སླར་ཡང་གསོན་ཤུགས་རྒྱས་ཏེ་རིམ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རིག་གཞུང་ཞིག་ཆགས་ཡོད་སྟབས། མ་འོངས་པ་ལའང་འདི་ལ་བདག་པོ་རྒྱག་རྒྱུ་དང་། ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག ཅེས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། ལྷན་ཚོགས་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོ་ལྷན་ཁང་ནས་ཁྲིམས་ཡིག་གཏན་ལ་ཕབ་ཏེ་ཟུར་འཛུགས་གནང་ཞིང་། ༧གོང་ས་མཆོག་གི་བཀའ་འཁྲོལ་ཐོབ་པའི་ལྷན་ཚོགས་གལ་ཆེན་པོ་ཞིག་ཡིན་པ་དང་། འདིའི་དམིགས་ཡུལ་གཙོ་བོ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་གནང་སྟངས་དང་། གསོ་བ་རིག་པའི་སྨན་པ་དང་སྨན་སྦྱོར་ཚད་དང་ལྡན་པ་ཞིག་ཡོང་བར་སྟངས་འཛིན་བྱེད་མཁན་ཞིག་དགོས་པ་ལྟར་ཆེད་འཛུགས་གནང་ཡོད་པ་དང་། ད་ལྟའི་དུས་སུ་འཛམ་གླིང་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྙན་གྲགས་དང་སྦྲགས་ཕན་ཡོན་ག་ཚོད་ཡོད་མེད་གསལ་བོ་ཆགས་ཡོང་དུས། སྨན་སྦྱོར་ཚད་ལྡན་མིན་པ་དང་སྨན་རྫུན་མ་རིགས་བཟོས་ཏེ་ཚོང་གི་ཁེ་བཟང་ལེན་གྱི་སྐབས་འཚོལ་བ་བཀག་འགོག་དང་། སྨན་པ་ཡིན་ནའང་འཁྱར་རེ་འཁྱོར་རེ་མ་ཡིན་པར་ཚད་དང་ལྡན་པ་ནད་པར་སྨན་བཅོས་ཏག་ཏག་བྱེད་ཐུབ་མཁན་ཞིག་ཡོང་བར་སྟངས་འཛིན་བྱེད་མཁན་དེ་སྨན་པའི་ལྷན་ཚོགས་ཆགས་ཡོད་པ་ལྟར། འདས་པའི་ལོ་ ༡༡ ནང་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཡོད་པ་དང་། ད་ལྟའི་གནས་སྟངས་ག་འདྲ་ཆགས་ཡོད་པ་དང་མ་འོངས་པར་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ག་བར་སླེབ་ཀྱི་ཡོད་མེད་ཐོག་བསམ་བློ་གཏོང་རྒྱུ་གནད་འགག་ཆེ་ཤོས་ཆགས་ཡོད་སྐོར་དང་། སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་སྐབས་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་གལ་གནད་རང་བཞིན་ལ་བསམ་བློ་བཏང་སྟེ། ཚོགས་མི་འོས་འདེམས་བྱས་པ་ཡིན་ན་མ་འོངས་པར་ཚོགས་པའི་ལས་ཀ་ལེགས་པོ་ཡོང་བར་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་།

ཚོགས་ཐོག་ཏུ་འདས་ལོའི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང། ད་ལྟའི་ཆར་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་ཐད་བསྐོས་ཚོགས་མི་ ༢ དང་འོས་འདེམས་གནང་བའི་ཚོགས་མི་ ༨ བཅས་ཁྱོན་འཛིན་སྐྱོང་ཚོགས་མི་བཅུ་དང་། ལས་ཁུངས་སུ་གཏན་འཇགས་ལས་བྱེད་ཆེད་ལས་གཅིག་དང་། རྩིས་པ་གཅིག ལས་དྲུང་དང་དངུལ་གཉེར་གཅིག་ལྕོགས་གཅིག ལས་བྱ་ཡིག་གད་ཅིག་ལྕོགས་གཅིག་བཅས་ཁྱོན་ལས་བྱེད་ ༤ ཡོད་པ་དང་། ལྷན་ཚོགས་འོག་ཕྱི་རྒྱལ་ཁག་ཏུ་ས་གནས་འབྲེལ་མཐུད་པ་ ༡༧ དང་། དེབ་སྐྱེལ་བྱས་ཟིན་པའི་སྨན་པ་ ༤༥༠ དང་མི་རིགས་འདྲ་མིན་གྱི་བོད་སྨན་མཐུན་གྲོགས་ཚོགས་མི་ ༥༠ བཅས་ཡོད་པ་དང་། གསོ་རིག་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་ཁྱོན་ ༥ ཡིས་དེབ་སྐྱེལ་བྱས་ཟིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ནས་ཕྱི་ཟླ་ ༡༡ ཚེས་ ༢༠ བར་བྱུང་ཧིན་སྒོར་(༧༡༠༡༦༩)དང་། སོང་ཧིན་སྒོར་(༡༠༠༣༧༨༤)ཡིན་པ་དང་། ད་ལྟ་ཡོད་བཞིན་པ་ཧིན་སྒོར་(༢༠༨༨༩༩༦)ཡོད་སྐོར་བཅས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༤ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་ ཚོང་གི་ཁེ་བཟང་ལེན་གྱི་སྐབས་འཚོལ་བ་བཀག་འགོག་དང་། སྨན་པ་ཡིན་ནའང་འཁྱར་རེ་འཁྱོར་རེ་མ་ཡིན་པར་ཚད་དང་ལྡན་པ་ནད་པར་སྨན་བཅོས་ཏག་ཏག་བྱེད་ཐུབ་མཁན་ཞིག་ཡོང་བར་སྟངས་འཛིན་བྱེད་མཁན་དེ་སྨན་པའི་ལྷན་ཚོགས་ཆགས་ཡོད་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese